ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ད་ལོར་ངས་ནང་མི་ལྷན་འཛོམས་ཀྱི་ལོ་སར་སྐྱིད་པོ་ཞིག་རོལ་རྒྱུ་ཡིན།

2023-01-16 16:55:00     责编:娜科

“སྒོར་མོ་ཡོད་ཀྱང་མེད་ཀྱང་།། ཡུལ་ལ་ལོ་སར་རོལ་དུ་འགྲོ།”ཞེས་པའི་གཞས་ཚིག་དེ་ནི་སེམས་འགུལ་ཐེབས་པ་ཞིག་ཡིན་པའི་རྒྱུ་མཚན་ནི“ལོ་སར”གྱིས་དུས་ཆེན་ཞིག་དང་རྣམ་པ་ཞིག་མཚོན་པར་མ་ཟད། ཁྱིམ་གྱི་རེ་འབོད་དང་ཁྱིམ་གྱི་དྲོ་སྐྱིད་མཚོན་ཡོད་ལ་ནང་མི་ལྷན་འཛོམས་ཀྱི་བདེ་སྐྱིད་ཀྱང་མཚོན་ཡོད།

རིམས་ནད་ཀྱི་དབང་གིས་ས་མཐར་གནས་པའི་མི་གང་མང་ཞིག་ཁྱིམ་དུ་ལོག་པའི་ལམ་བཀག་ཅིང་། མི་གང་མང་ཞིག་གི་ཕ་ཡུལ་དྲན་པའི་གདུང་བ་དྲག་ཏུ་འཕེལ་ཡོད་དམ།  

ད་ལྟ་ཏང་དང་རྒྱལ་ཁབ་ཀྱི་བྱེད་ཐབས་ནུས་ལྡན་འོག་རིམས་ནད་ཚོད་འཛིན་ནུས་ལྡན་ཐུབ་པ་དང་འགོག་སྡོམ་སྲིད་ཇུས་ཁྱོན་ཡོངས་ནས་ལེགས་སྒྲིག་བྱས་ཡོད་པས། རིམས་ནད་ཀྱི་དབང་གིས་ལོ་དུ་མར་ཁྱིམ་དུ་ལོག་མ་ཐུབ་པའི་མི་རྣམས་ལོ་སར་སྐབས་ནང་མི་དང་ལྷན་འཛོམས་ཐུབ་ཡོད།
ཡུལ་གཞན་ན་དཀའ་སྡུག་ཐོད་ཀྱིས་བསུས་ནས་འཚོ་བ་དོན་དུ་གཉེར་བའི་མི་རྣམས་ལ་མཚོན་ནས་བཤད་ན་ཕ་ཡུལ་དུ་ལོག་ནས་ལོ་སར་རོལ་བ་ནི་བསམ་པའི་ཐོག་གི“ལོ་མཇུག་གི་བྱ་དགའ”ཡིན།

རིམས་ནད་ཀྱི་ཤུགས་རྐྱེན་ཕོག་ནས་ལོ་གཉིས་རིང་ཕ་ཡུལ་ལ་ལོ་སར་དུ་འགྲོ་མ་ཐུབ་པའི་མདོ་ལ་རྫོང་སྨྱན་སྦྱོར་ལྟེ་གནས་ཀྱི་དབྱང་ཁྲུན་ལིས་ཉིན་འདི་དག་ལ་ཕ་མར་ལོ་སར་གྱི་ལེགས་སྐྱེས་འདེམས་བཞིན་ཡོད་པ་དང་ཕ་ཡུལ་སི་ཁྲོན་དུ་ལོག་ནས་ཕ་མ་དང་མཉམ་འཛོམས་བྱ་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད།
དབྱང་ཁྲུན་ལིའི་ཕ་ཡུལ་ནི་སི་ཁྲོན་ཞིང་ཆེན་ཨན་ཡའོ་རྫོང་ཡིན་པ་དང་སློབ་ཆེན་མཐར་ཕྱིན་རྗེས་ཁོ་མོ་མདོ་ལ་རྫོང་དུ་བྱ་བ་སྒྲུབ་པ་དང་འཚོ་བ་སྐྱེལ་བར་འགྲོ་རྒྱུའི་སེམས་ཐག་བཅད། རིམས་ནད་ཐོན་པ་ནས་བཟུང་རྒྱལ་ཁབ་ཀྱིས་ས་གནས་དེ་རུ་ལོ་གསར་གཏོང་རྒྱུའི་འབོད་སྐུལ་བྱས་པས་དབྱང་ཁྲུན་ལིས་དང་ལེན་ཧུར་ཐག་བྱས་ནས་ཁྱིམ་དུ་ལོག་མྱོང་མེད།
“ལོ་གཉིས་ནང་ཁྱིམ་དུ་མ་ལོག་པ་དང་དུས་རྒྱུན་ཕ་མ་དང་མཉམ་དུ་ཁ་པར་ལམ་ནས་ལོ་སར་རོལ་གྱིན་ཡོད། དེ་ནི་ངའི་ལོ་གཉིས་ནང་གི་སྤྲོ་སྣང་ཆེ་ཤོས་དང་བདེ་སྐྱིད་ཆེ་ཤོས་ཀྱི་བྱ་བ་ཞིག་རེད”ཅེས་བཤད། སྐད་ཆ་དེའི་ནང་དབྱང་ཁྲུན་ལུས་ནང་མི་དྲན་གདུང་དང་མཉམ་འཛོམས་ལ་བཅངས་པའི་རེ་སྒུག་ཆེན་པོ་མཚོན་ཡོད།

ཕ་མ་གང་དུ་ཡོད་ན། རང་ཁྱིམ་དེ་རུ་ཡོད། ལོ་ཧྲིལ་བོར་ཡུལ་གཞན་དུ་ལས་ཀ་བྱེད་པའི་མི་རྣམས་ལ་མཚོན་ན། ཕ་མ་ནི་སེམས་ཀྱི་ལོག་མལ་ཡིན་ལ། ཕ་མའི་གམ་དུ་ལོག་ནས་ལོ་སར་བ་ནི་སེམས་ཁམས་ཀྱི་རང་དབང་དང་ལྷོད་གཡེང་ཞིག་ཀྱང་ཡིན།


“ཉིན་འདི་དག་ལ་བུ་ཕྱིར་ཡུལ་ལ་ཐོན་ཡོད་པས། ནང་མི་ཚང་མས་མཉམ་འཛོམས་ཀྱི་ལོ་སར་རོལ་ཐུབ་པས་ཧ་ཅང་དགའ་ཡོད། ཕྱི་རོལ་དུ་ཡོད་པའི་མི་ཚང་མ་དུས་ཆེན་གལ་ཆེན་འདིའི་ནང་ཁྱིམ་དུ་མཉམ་འཛོམས་ཐུབ་རྒྱུའི་རེ་བ་ཡོད”ཅེས་མདའ་བཞི་རྫོང་ནུབ་མཚོ་གྲོང་རྡལ་དུ་ཚོང་རྒྱག་གིན་པའི་ལ་ཧྲོན་ཏིག་གིས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ་གསར་འགོད་པར་དེ་ལྟར་བཤད།

ལ་ཧྲོན་ཏིག་གི་བུ་ལ་ཝན་ཅིན་གྱིས་ལན་ཀྲུ་རུ་བྱ་བ་སྒྲུབ་ཀྱིན་ཡོད་པས་བར་ཐག་རིང་རྒྱུ་མེད་མོད། ལོ་གཅིག་གི་ནང་དུ་ཕ་ཡུལ་དུ་ཐེངས་འགའ་མ་གཏོགས་ལོག་ཐུབ་ཀྱིན་མེད། ལྷག་པར་དུ་རིམས་ནད་ཐོན་རྗེས་ལོ་གཅིག་ནང་ཕ་ཡུལ་དུ་ལོག་ཐུབ་མེད། ཁོས“ལོ་གཅིག་ལ་ཕྱིར་ཡོང་མ་ཐུབ་པས་རྒྱུས་ཡོད་ཀྱི་རང་ཁྱིམ་དང་སྐུ་གཟུགས་བདེ་བའི་ཕ་མ་མཐོང་ཚེ་ངས་སེམས་ལ་ཡོད་ཚད་ལ་རིན་ཐང་ལྡན་པའི་སྣང་བ་ཞིག་སྐྱེས་བྱུང་ལ། ཡུལ་ལ་ལོ་སར་དུ་ཡོང་ཐུབ་འདི་ནི་བདེ་སྐྱིད་ཆེ་ཤོས་དེ་ཡིན”ཞེས་བཤད་ཞོར་ལ་ཝན་ཅིན་འཕྲལ་མར་སྒོ་འགྲམ་དུ་བསུ་བ་བྱེད་པའི་ཕ་མའི་གམ་དུ་རྒྱུག་ནས་ལོ་གཅིག་ནང་ཕ་ཡུལ་དྲན་པའི་གདུང་བ་བརྗོད་ཀྱིན་འདུག
ལོ་འདི་དག་ནང“ཡུལ་སྐོར་ལོ་སར”བྱ་རྒྱུ་དེ་དར་སྲོལ་གསར་བ་ཞིག་ཏུ་གྱུར་ཡོད་མོད། འོན་ཀྱང་རིམས་ནད་ཐོན་པ་ནས་བཟུང་ལོ་སར་ལ་ཡུལ་སྐོར་དུ་འགྲོ་བའི་ཚ་རླབས་དེ་གནས་སྐབས་མཚམས་བཞག་ཡོད། ད་ལོར་རིམས་ནད་འགོག་སྡོམ་བྱ་ཐབས་ལེགས་སྒྲིག་བྱས་པ་བརྒྱུད“ཡུལ་སྐོར་ལོ་སར”གྱི་དར་སྲོལ་གསར་བ་སླར་ཡང་དར་མགོ་བརྩམས།

“ཅ་ལག་ཚང་མ་གྲ་སྒྲིག་བྱས་ཚར་སོང་ངམ། གྲ་སྒྲིག་བྱས་ཚར་རྗེས་ང་ཚོ་ལམ་ལ་ཆས”ཞེས་ནུབ་མཚོ་གྲོང་རྡལ་གྱི་སྡོད་དམངས་སྐལ་བཟང་ཁྱིམ་མི་ཚང་མ་ཧའེ་ནན་ཞིང་ཆེན་སན་ཡ་གྲོང་ཁྱེར་ལ་ལོ་སར་དུ་འགྲོ་རྩིས་ཡོད་པ་དང་། ཁོས་བཟའ་ཟླ་དང་བུ་ལ་ཡུལ་སྐོར་མཁོ་ཆས་གྲ་སྒྲིག་བྱས་ཚུལ་འདྲི་བཞིན་འདུག
“ལོ་འདི་དག་རིང་བུ་ཆུང་གིས་རྟག་ཏུ་ས་ཆ་གཞན་དུ་ཡུལ་སྐོར་རྩེད་མོ་རྩེ་རུ་འགྲོ་རྒྱུ་ཡིན་ཚུལ་བཤད་ནའང་། རིམས་ནད་ཀྱི་ཤུགས་རྐྱེན་ཕོག་སྟབས་ད་བར་ཕྱིར་འགྲོ་ཐབས་མ་བྱུང་། ད་ལོར་ལོ་སར་གྱི་གུང་གསེང་སྐབས་བུའི་བསམ་འདུན་དང་བསྟུན་ནས་ནང་མི་ཚོ་སན་ཡར་སོང་ནས་ལྷོད་ལྷོད་ཅིག་བྱེད་འདོད་ཡོད”ཅེས་སྐལ་བཟང་གིས་དེ་ལྟར་བཤད།

ལོ་སར་ཐོན་ལ་ཉེར་བའི་སྐབས་འདིར་ལོ་གཅིག་ནང་ཕྱི་ཕྱོགས་སུ་འབད་བརྩོན་བྱེད་མཁན་རྣམས་གཅིག་རྗེས་གཉིས་མཐུད་ངང་ཕ་ཡུལ་དུ་ལོག་གིན་ཡོད། གསར་འགོད་པ་རྡུལ་ཕྲན་མཁར་འགྲུལ་སྐྱེལ་ས་ཚིགས་སུ་སྐྱོད་སྐབས་ཕ་ཡུལ་ལ་ལོ་སར་དུ་འགྲོ་བའི་མི་རྣམས་ཀྱི་ངོ་གདོང་ལས་བདེ་སྐྱིད་དང་རེ་སྒུག་ཟབ་མོ་ཞིག་ཚོར་བྱུང་།

འཁོར་སྒུག་ཚོམས་ཆེན་དུ་གསར་འགོད་པས་འགྲུལ་བས་ལོ་སར་གྱི་མཁོ་ཆས་སྣ་མང་ཉོས་ཏེ་རླངས་འཁོར་ལ་སྒུག་ཡོད་པ་མཐོང་བྱུང་།

རླངས་འཁོར་ལ་འདུག་པའི་འགྲུལ་བ་ཀྲང་ལགས་ཀྱིས་ལག་ཁྱེར་ཁ་པར་ལས2020ལོར་ཕ་མ་སྤུན་མཆེད་དག་གིས་མཉམ་དུ་ལོ་སར་ལ་རོལ་བའི་འདྲ་པར་ལ་ལྟ་བཞིན“2020ལོའི་ལོ་སར་ཚེས་གཅིག་ཉིན་ང་བྲེལ་འཚུབ་ངང་ཕྱིར་ལས་གནས་ཐོག་ལོག་རྗེས་ད་བར་དུ་ཕ་ཡུལ་ལ་འགྲོ་མ་ཐུབ་པས། ཕ་ཡུལ་དྲན་པའི་འདུན་པ་འགོག་ཐབས་མི་འདུག”ཅེས་བཤད། ལོ3ཙམ་གྱི་རིང་ལ་ཕ་མ་དང་མཉམ་དུ་འདུག་མ་ཐུབ་པས་སྐུ་ཞབས་ཀྲང་ལགས་ཀྱིས་དགའ་སྐྱོ་འདྲེས་མའི་སྒོ་ནས་ད་ལོའི་ལོ་སར་སྐབས་སུ་ཕ་མ་དང་མཉམ་འཛོམས་བྱ་རྒྱུར་སྔར་ལས་རེ་སྒུག་བྱེད་ཀྱི་ཡོད། སྐུ་ཞབས་ཀྲང་ལགས་ཀྱིས་རང་གི་དངོས་ཟོག་དག་བསྡུ་ཉར་བྱེད་བཞིན“ཕྱིར་ཁྱིམ་དུ་ལོག་རྗེས་ངས་རང་གི་ནང་མི་ཚོ་དང་མཉམ་དུ་དགའ་སྐྱིད་དཔལ་ལ་རོལ་བའི་ལོ་སར་ཞིག་བསུ་རྒྱུ་ཡིན”ཞེས་བཤད།

ཡོང་ཁུངས། གངས་ལྗོངས་འཕྲིན་གསར།

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

ད་ལོར་ངས་ནང་མི་ལྷན་འཛོམས་ཀྱི་ལོ་སར་སྐྱིད་པོ་ཞིག་རོལ་རྒྱུ་ཡིན།