ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ཅང་ཞི་ཡི་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་རྣམ་པ་གསར་པ་ཧུར་ཐག་བཏོད་པ།

2023-01-16 09:52:00     责编:娜科

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཅང་ཞི་ནི་གསར་བརྗེའི་ལོ་རྒྱུས་དར་སའི་གནས་མཆོག་ཅིག་རེད། ལོ་གསར་པའི་ནང་ཅང་ཞི་ཡིས་ཇི་ལྟར་བྱས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱས་ཏེ་ལས་དོན་ཡག་པོ་སྒྲུབ་པ་དང་། འགོ་ཡག་པོ་འཛུགས་པ་དང་གོམ་སྟབས་ཡག་པོ་སྤོ་བ། གསར་བརྗེའི་རྟེན་གཞི་རྙིང་པའི་ཁུལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་མགྱོགས་སུ་གཏོང་བའི་ཐད་དཔེ་སྟོན་སྣེ་འཁྲིད་ཀྱི་ནུས་པ་འདོན་སྤེལ་དང་དབུས་རྒྱུད་ས་ཁུལ་དར་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་བའི་ཐད་སྔོན་ལ་བརྩོན་ལེན་བྱེད་དགོས་སམ་ཞེ་ན། སྤྱི་ཁྱབ་ལས་ཁུངས་ཀྱི་གསར་འགོད་པས་ཅང་ཞི་ཞིང་ཨུད་ཀྱི་ཧྲུའུ་ཅི་དབྱི་ཧུང་ལ་ཆེད་དོན་བཅར་འདྲི་བྱས་ཡོད།

2022ལོར་ཅང་ཞི་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར་ཁྲི་3ལས་བརྒལ་བ་དང་། ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་གྱི་སྤྱིའི་རིན་ཐང་སྒོར་དུང་ཕྱུར་6000ལས་བརྒལ་བ། སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་འཕར་ཚད་ཟླ་9བསྟུད་མར་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ། དཔལ་འབྱོར་དམིགས་ཚད་གཙོ་བོའི་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་རྒྱུན་མཐུད་ངང་སླེབས་པ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སླར་གསོ་མྱུར་པོ་དང་སྒུལ་ནུས་ཆེན་པོ་ལྡན་ཡོད་པ་རེད།
ཅང་ཞི་ཞིང་ཨུད་ཀྱི་ཧྲུའུ་ཅི་དབྱི་ཧུང་གིས་འདས་ཟིན་པའི་ལོ་དེར་གསར་གཏོད་འཕེལ་རྒྱས་ཀྱི་སྒུལ་ནུས་སྔར་བས་འདང་ངེས་དང་། ཐོན་ལས་རིམ་སྤོར་གྱི་གོམ་སྟབས་རྒྱུན་ཆད་མེད་པར་མགྱོགས་སུ་ཕྱིན་པ། རྟེན་གཞིའི་ཁུལ་རྙིང་པའི་མི་དམངས་ཀྱི་འཚོ་བ་ཇེ་ལེགས་སུ་ཕྱིན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྣམ་པ་གསར་པ་ཐོན་ཡོད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་འགོ་ཚུགས་ལོར་ཅང་ཞི་ཡིས‘དཔེ་སྟོན་དང་བརྩོན་ལེན་བྱེད་ཕོད་པའི’དམིགས་ཚད་བླང་བྱར་དམིགས་ནས་དཔལ་འབྱོར་གྱི་སྤུས་ཚད་མཐོ་རུ་ནུས་ལྡན་དང་གྲངས་འབོར་ལུགས་མཐུན་ངང་འཕར་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།

ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་བསྐྲུན་དགོས་ཞེས་བསྟན་ཡོད། ཅང་ཞི་འདི་ཉིད་སྲོལ་རྒྱུན་གྱི་བཟོ་སྐྲུན་ལས་རིགས་ཀྱི་ཞིང་ཆེན་ཆེན་པོ་ཞིག་ཡིན་པའི་ངོས་ནས་ཚན་རྩལ་དང་ཐོན་ལས་སྒྱུར་བཅོས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ་བཟོ་ལས་ལ་བརྟེན་ནས་ཞིང་ཆེན་སྟོབས་ཆེར་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་། གསར་གཏོད་ཀྱི་ལས་སྟེགས་གལ་ཆེན་འགག་སྒྲོལ་བྱ་སྤྱོད་རྒྱུན་མཐུད་ངང་སྤེལ་བ། ལི་གློག་དང་། ཞི་ཐུའུ། VR དེ་བཞིན་རྒྱུ་ཆ་གསར་པ་དང་ནུས་རྒྱུ་གསར་པ་སོགས་གསར་དར་ཁྱབ་ཁོངས་སུ་སྔོན་ལ་སྤེལ་བའི་ལེགས་ཆ་དེ་བས་མང་བ་ཐོབ་ནས་ཅང་ཞི་ཡི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་ཧུར་ཐག་བསྐྲུན་རྒྱུ་རེད།

ཅང་ཞི་ཞིང་ཨུད་ཀྱི་ཧྲུའུ་ཅི་དབྱི་ཧུང་གིས་ཐོན་ལས་ནི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྨང་གཞི་ཡིན། ང་ཚོས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་ཤུགས་ཆེ་རུ་བཏང་ནས་ཐོན་ལས་གསར་པ་དང་། ལས་རྣམ་གསར་པ། བྱེད་སྟངས་གསར་པ་བཅས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་དང་། ཚན་རྩལ་གསར་གཏོད་ལ་བརྟེན་པ། སྲོལ་རྒྱུན་ཐོན་ལས་གཞན་སྒྱུར་རིམ་སྤོར་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་གྲངས་འཛིན་དཔལ་འབྱོར་གྱིས་སྣེ་ཁྲིད་པ་དང་། སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱིས་གཙོ་བོར་བྱེད་པ། སྔོན་ཐོན་བཟོ་སྐྲུན་ལས་རིགས་དང་དེང་རབས་ཞབས་ཞུའི་ལས་རིགས་མཉམ་འདྲེས་འཕེལ་རྒྱས་གཏོང་བ་བཅས་ཀྱི་དེང་རབས་ཅན་གྱི་ཐོན་ལས་མ་ལག་ཅིག་གཏོད་རྒྱུ་ཡིན་ཞེས་གསུངས་པ་རེད།

རྒྱལ་ཡོངས་ཀྱི་འབྲུ་རིགས་ཐོན་ཁུལ་གཙོ་བོའི་གྲས་ཤིག་ཡིན་པའི་ཅང་ཞི་ཡིས་ལོ་གསར་པའི་ནང་རྨོ་ཞིང་དང་ས་བོན་གྱི་འགག་རྩའི་རྒྱུ་རྐྱེན་གཉིས་དམ་པོར་དམིགས་ནས་ནུས་ཤུགས་ཡོད་རྒུས་འབྲུ་རིགས་བདེ་འཇགས་འགན་ལེན་བྱེད་པ་དང་། ཞིང་པའི་ཡོང་འབབ་མང་དུ་གཏོང་བ། གྲོང་གསེབ་ཀྱི་སྣ་མང་རིན་ཐང་སྔར་བས་སྔོག་འདོན་བྱེད་པ། ཞིང་ལས་ཀྱི་སྣ་མང་ནུས་པ་གསར་སྤེལ་བྱེད་པར་ཕན་འབྲས་ཐོན་པ་བཅས་བྱས་ནས་གྲོང་གསེབ་དར་རྒྱས་ཡོང་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་རེད། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་དོན་འཁྱོལ་བྱས་ནས་འདི་ལོ་ཅང་ཞི་ཡིས་འཛད་སྤྱོད་ལ་སྐུལ་འདེད་དང་། མ་འཇོག་རྒྱ་སྐྱེད། འཁོར་རྒྱུག་ཤར་བགྲོད་བཅས་ལ་གཙོ་གནད་ཐོག་དམ་འཛིན་ཡག་པོ་བྱ་རྒྱུ་རེད། ལོ་གསར་པ་ཤར་མ་ཐག་ཅང་ཞི་ཡིས་རིག་གནས་ཡུལ་སྐོར་གྱི་འཛད་སྤྱོད་རྒྱ་ཆེར་གཏོང་བ་དང་། གྲངས་འཛིན་འཛད་སྤྱོད་འཕེལ་རྒྱས་ཤུགས་ཆེན་གཏོང་བ། གྲོང་གསེབ་ཀྱི་འཛད་སྤྱོད་ཀྱི་མི་མངོན་པའི་ནུས་པ་འདོན་སྤེལ་བྱེད་པ་སོགས་ཀྱི་བྱེད་ཐབས་24བཏོན་པ་རེད།

ཅང་ཞི་ཞིང་ཨུད་ཀྱི་ཧྲུའུ་ཅི་དབྱི་ཧུང་གིས་ཅང་ཞི་ཡི་གསར་བརྗེའི་ཐོན་ཁུངས་དང་སྦགས་མེད་ཐོན་ཁུངས་དེ་བཞིན་གནའ་བོའི་ཐོན་ཁུངས་བཅས་ཀྱི་བཟང་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། རིག་གནས་ཡུལ་སྐོར་འཛད་སྤྱོད་ལ་སྐུལ་འདེད་ཇེ་མགྱོགས་གཏོང་བ། ཅང་ཞི་ཡི་ངོ་མཚར་མཛེས་ལྗོངས་ཀྱི་ཚོང་རྟོགས་རྒྱུན་མཐུད་ཡག་པོ་གཏོད་པ་བཅས་བྱས་ནས་ཅང་ཞི་ཡི་ཡིད་དབང་འགུག་ཤུགས་ཆེ་རུ་གཏོང་དགོས། ང་ཚོས་རྣམ་གྲངས་འཛུགས་སྐྲུན་བྱ་རྒྱུ་དེ་འཕེལ་རྒྱས་ཀྱི་དམ་འཛིན་བྱ་གཞི་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ནུས་ལྡན་ངང་མ་འཇོག་བྱེད་རྒྱ་ཆེ་རུ་བཏང་ནས་དཔལ་འབྱོར་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་འདེགས་སྐྱོར་ནུས་ལྡན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

ཅང་ཞི་ཡི་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་རྣམ་པ་གསར་པ་ཧུར་ཐག་བཏོད་པ།

ང་ཚོས་རྣམ་གྲངས་འཛུགས་སྐྲུན་བྱ་རྒྱུ་དེ་འཕེལ་རྒྱས་ཀྱི་དམ་འཛིན་བྱ་གཞི་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ནུས་ལྡན་ངང་མ་འཇོག་བྱེད་རྒྱ་ཆེ་རུ་བཏང་ནས་དཔལ་འབྱོར་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་འདེགས་སྐྱོར་ནུས་ལྡན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།