ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཀྲུང་དབྱང་ཤེས་དཔལ་གཞུང་ལས་ཁང་གིས་རྒྱལ་ཡོངས་ཀུན་སྤྱོད་དཔེ་བཟང་ལ་འཚམས་འདྲི་དང་རོགས་སྐྱོར་བྱེད་པའི་བྱེད་སྒོ་གཉེར་བ།

2023-01-16 09:50:00     责编:娜科

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཉེ་ཆར། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཀྲུང་དབྱང་ཤེས་དཔལ་གཞུང་ལས་ཁང་གིས་ཆེད་དོན་མ་དངུལ་བཀོད་སྒྲིག་བྱས་ནས། འབྲེལ་ཡོད་ཞིང་ཆེན་རིམ་པའི་ཤེས་དཔལ་གཞུང་ལས་ཁང་གིས་སྒོ་སར་བསྐྱོད་ནས་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་25དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེ་བཅས་ཀྱི་འཚོ་བར་དཀའ་ངལ་ཡོད་པའི་རྒྱལ་ཡོངས་ཀུན་སྤྱོད་དཔེ་བཟང་59དང་ཁོང་ཚོའི་ཁྱིམ་མིར་འཚམས་འདྲི་ཞུ་རྒྱུ་དང་། ཀྲུང་དབྱང་འགོ་ཁྲིད་བློ་མཐུན་གྱི་མཛའ་བརྩེའི་འཚམས་འདྲི་ཞུ་ལུགས་བརྒྱུད་ཞུ་བྱེད་པ་མ་ཟད། འཚམས་འདྲིའི་རོགས་སྐྱོར་མ་དངུལ་སྤྲོད་པ་དང་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཞུ་རྒྱུའི་མངགས་བཅོལ་བྱས་ཡོད།

ཉེ་བའི་ལོ་ཤས་ནང་། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཀྲུང་དབྱང་ཤེས་དཔལ་གཞུང་ལས་ཁང་གིས་དཔྱིད་གསར་དུས་ཆེན་གོང་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་མི་ཐེངས་390ལྷག་ལ་འཚམས་འདྲི་དང་རོགས་སྐྱོང་གནང་ཡོད་པ་རེད། ས་གནས་ཁག་གིས་ཀྱང་ཀུན་སྤྱོད་དཔེ་བཟང་ལ་འཚམས་འདྲི་ཞུ་བའི་བྱེད་སྒོ་རྒྱ་ཆེར་གཉེར་བ་དང་། སྲིད་ཇུས་འགན་ལེན་དང་། མ་དངུལ་རོགས་སྐྱོར། སྤྱི་ཚོགས་ཞལ་འདེབས། དང་བླངས་ཞབས་ཞུ་སོགས་བྱ་ཐབས་བརྒྱུད། གཅེས་སེམས་འབུལ་བ་དང་རོགས་སྐྱོར་བྱེད་པའི་བྱ་ཐབས་དོན་འཁྱོལ་བྱས་ཐོག དོན་དངོས་དཀའ་ངལ་ཐག་གཅོད་ཏན་ཏིག་བྱས་ནས། མི་བཟང་ལ་འབྲས་བཟང་སྨིན་པ་དང་། ཀུན་སྤྱོད་ལྡན་པར་བརྩི་འཇོག་ཐོབ་པའི་ཁྲིད་སྟོན་གསལ་པོ་མངོན་པར་བྱས་ཡོད་པ་རེད།

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཀྲུང་དབྱང་ཤེས་དཔལ་གཞུང་ལས་ཁང་གིས་རྒྱལ་ཡོངས་ཀུན་སྤྱོད་དཔེ་བཟང་ལ་འཚམས་འདྲི་དང་རོགས་སྐྱོར་བྱེད་པའི་བྱེད་སྒོ་གཉེར་བ།

ཉེ་བའི་ལོ་ཤས་ནང་། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཀྲུང་དབྱང་ཤེས་དཔལ་གཞུང་ལས་ཁང་གིས་དཔྱིད་གསར་དུས་ཆེན་གོང་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་མི་ཐེངས་390ལྷག་ལ་འཚམས་འདྲི་དང་རོགས་སྐྱོང་གནང་ཡོད་པ་རེད།