ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

བསམ་བློ་གསར་པས་རྒྱང་སྐྱོད་གསར་པའི་ལམ་སྣེ་འཁྲིད་པ་སྟེ། བྱང་ཚད་མཐོ་བའི་ཤེས་ལྡན་པ་གསོ་སྐྱོང་བྱེད་པ་དང་། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པའི་རྨང་གཞི་བརྟན་དུ་གཏོང་བ།

2023-01-16 09:48:00     责编:娜科

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ནང་། ཤེས་ལྡན་མི་སྣ་ནི་ཐོན་ཁུངས་གལ་ཆེ་ཤོས་དེ་ཡིན་པ་དང་། སྤྱོད་ཡོན་གཉིས་ལྡན་གྱི་བྱང་ཚད་མཐོ་བའི་ཤེས་ལྡན་མི་སྣ་འབོར་ཆེན་གསོ་སྐྱོང་དང་སྐྱེད་སྲིང་བྱ་རྒྱུ་ནི་རྒྱལ་ཁབ་དང་མི་རིགས་ཡུན་རིང་གོང་འཕེལ་གཏོང་བའི་ཇུས་ཆེན་ཡིན་པས། ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་དང་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ཤེས་ལྡན་མི་སྣའི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ལངས་ནས་རང་རྒྱལ་གྱིས་ཤེས་ལྡན་མི་སྣ་རང་བརྟེན་གསོ་སྐྱོང་བྱེད་པའི་བགྲོད་ལམ་གསར་པ་འཚོལ་ཞིབ་ཇེ་མགྱོགས་སུ་གཏོང་བ་དང་། གོང་འཕེལ་གྱི་སྒུལ་ནུས་གསར་པ་དང་དགེ་མཚན་གསར་པ་རྒྱུན་ཆད་མེད་པར་བསྐྲུན་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་སྟོབས་ལྡན་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་ཆེད་ཤེས་ལྡན་མི་སྣའི་རྨང་གཞི་བརྟན་པོ་འདིང་དགོས་ཞེས་བསྟན་གནང་ཡོད།
དཔྱིད་གསར་དུས་ཆེན་འཆར་ཉེར་ཡོད་པའི་སྐབས་སུ། པེ་ཅིང་མཁའ་འགྲུལ་མཁའ་སྐྱོད་སློབ་ཆེན་གྱི་གློག་ཁབ་ལེན་མཉམ་འདུས་ཚོགས་པས་སྔར་བཞིན་ཀྲུང་གོའི་བར་སྣང་ས་ཚིགས་ཀྱི་གློག་ཁབ་ལེན་བདེ་འཇགས་ཆེར་གཏོང་ཆེད་ཚན་ཞིབ་འགག་སྒྲོལ་བྱེད་བཞིན་ཡོད། འདས་ཟིན་པའི་ལོ་གཅིག་ནང་ཀྲུང་གོའི་མི་བཞུགས་མཁའ་སྐྱོད་ཀྱིས་ཟིན་ཐོ་གསར་པ་ཟམ་མི་ཆད་པར་བཏོད་པ་དང་། ཕུགས་འདུན་སྒྲུབ་པའི་རྒྱང་སྐྱོད་ནི་གསར་གཏོད་ནུས་པའི་འགྲན་བསྡུར་ཞིག་ཡིན་ལ་ཤེས་ལྡན་པ་སྦྱོང་བརྡར་བྱེད་པའི་གཡུལ་ས་ཞིག་ཀྱང་ཡིན་པས། འབུམ་རམས་སློབ་མ་ཏུའུ་ཝན་ལི་ཡིས་གློག་ཁབ་ལེན་གྱི་འགལ་རྐྱེན་སེལ་བའི་ལས་དོན་ནང་ཧུར་ཐག་ཞུགས་བཞིན་ཡོད།

རྒྱལ་ཁབ་ཀྱི་དགོས་མཁོ་གལ་ཆེན་ལ་དམིགས་ནས་མི་གསོ་སྐྱོང་དང་ཚན་རིག་ཞིབ་འཇུག་གི་འགག་སྒྲོལ་འཐབ་ས་མདུན་མར་མི་སྦྱོང་བརྡར་བྱ་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཤེས་ལྡན་མི་སྣའི་རང་བརྟེན་གསོ་སྦྱོང་ལ་སྔར་བས་མཐོང་ཆེན་བྱས་ཏེ། འཛམ་གླིང་ཐོག་ཤུགས་རྐྱེན་ལྡན་པའི་ཚན་རྩལ་ཤེས་ལྡན་པ་རྩེ་གྲ་ཁག་གཅིག་ཧུར་ཐག་སྐྱེད་སྲིང་བྱེད་པ་དང་། གསར་གཏོད་ཚོགས་པ་ཁག་གཅིག་ལ་རྒྱབ་སྐྱོར་བརྟན་པོ་བྱེད་པ། བྱང་ཚད་མཐོ་བ་དང་ལག་རྩལ་དང་རྩལ་ནུས་བྱང་ཆ་ལྡན་པའི་ཤེས་ལྡན་པ་དང་། བ ཟོ་རྩལ་མཁས་པ། རྒྱལ་ཁབ་ཆེན་པོའི་ལག་ཤེས་པ་བཅས་དེ་བས་མང་བ་གསོ་སྐྱོང་བྱེད་དགོས་ཞེས་གསུངས་ཡོད།

གསར་གཏོད་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་ཡུལ་ཡིན་པའི་རང་རྒྱལ་གྱི་མཐོ་རིམ་སློབ་གྲྭས་ནུས་པ་འདོན་སྤེལ་ཟམ་མི་ཆད་པར་བྱེད་བཞིན་ཡོད་པ་དང་། མེད་པ་ནས་ཡོད་པའི་བར་གྱི་ཞིབ་འཇུག་ལ་དང་དོད་ཆེན་པོ་བྱེད་པ་དང་། སློབ་ཆེན་༧༧གྱིས་རྨང་གཞིའི་རིག་ཚན་གྱི་རྩེར་སོན་ཤེས་ལྡན་པ་གསོ་སྐྱོང་རྟེན་གཞི་༢༨༨བསྐྲུན་ཡོད། འཛམ་གླིང་གི་ཚན་རྩལ་མདུན་གྲལ་དང་འགག་རྩའི་ཁྱབ་ཁོངས་ལ་དམིགས་ནས། འབྱུང་འགྱུར་གྱི་ལག་རྩལ་སློབ་གླིང་༡༢དང་། དེང་རབས་ཀྱི་ཐོན་ལས་སློབ་གླིང་༥༠ ཆེད་ལས་ཀྱི་ཁྱད་ལྡན་སློབ་གླིང་ཁག་གཅིག་བཅས་བསྐྲུན་ཡོད། ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་གྱི་པོ་ཡོན་འབྱུང་འགྱུར་ལག་རྩལ་སློབ་གླིང་གིས་འབྱུང་འགྱུར་ནུས་རྒྱུ་དང་བདེ་ཐང་གི་འགག་རྩའི་ལག་རྩལ་ལ་དམིགས་ནས་ཞིབ་འཇུག་ལྟེ་གནས་༡༠བཙུགས་ཡོད།
སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་སྟོབས་ལྡན་ཞིག་འཛུགས་སྐྲུན་བྱེད་པར་གསར་གཏོད་ཀྱི་ཤེས་ལྡན་མི་སྣ་དགོས་ལ། ལག་རྩལ་དང་རྩལ་ནུས་ཀྱི་ཤེས་ལྡན་མི་སྣ་དང་ཡང་བྲལ་ཐབས་མེད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ནང་རྒྱལ་ཁབ་ཆེན་པོའི་ལག་ཤེས་པ་དང་རྩལ་ནུས་ལ་མཁས་པའི་ཤེས་ལྡན་པ་རྒྱལ་ཁབ་ཀྱི་འཐབ་ཇུས་ཤེས་ལྡན་མི་སྣའི་གྲས་སུ་ཐོག་མར་བཅུག་ཡོད། སྤྱི་ལོ་༢༠༢༢ལོའི་ཟླ་༡༡པར། སློབ་གསོ་པུའུ་སོགས་ཚན་པ་ལྔས་ལས་རིགས་སློབ་གསོའི་ས་གནས་ས་ཐོག་གི་བཟོ་བཀོད་པ་ཆེད་དོན་གསོ་སྦྱོང་འཆར་གཞི་ལག་ལེན་བསྟར་ནས། ལག་རྩལ་གསར་པ་དང་། ལས་རྣམ་གསར་པ། རྣམ་པ་གསར་པ་བཅས་དང་འཚམ་པའི་བྱང་ཚད་མཐོ་བའི་ལག་རྩལ་དང་རྩལ་ནུས་ཤེས་ལྡན་མི་སྣ་དང་། བཟོ་རྩལ་མཁས་པ། རྒྱལ་ཁབ་ཆེན་པོའི་ལག་ཤེས་པ་བཅས་གཉིས་འབུམ་མགྱོགས་མྱུར་གསོ་སྐྱོང་བྱེད་བཞིན་ཡོད།

དགུན་ཁའི་གུང་གསེང་འདིའི་སྐབས་ལ། ཀྲུང་ཁྲེ་ཆི་ཧྲུའུ་ཡན་མེ་འཁོར་ཨ་མའི་བཟོ་རྩལ་ཞིབ་འཇུག་ཁང་དང་། ཁྲང་ཀྲོའུ་ལྕགས་ལམ་མཐོ་རིམ་ལས་རིགས་ལག་རྩལ་སློབ་གྲྭའི་རྩལ་ནུས་པ་ཆུང་ཆུང་གཅིག་སྡུད་སྦྱོང་བརྡར་རུ་ཁག་གིས་ལས་གནས་མཉམ་འབྲེལ་ནང་སྦྱོང་བྱེད་བཞིན་ཡོད། ཀྲུང་གོ་ཀྲུང་ཁྲེ་ཚོགས་པའི་དབུ་བཞུགས་རྩལ་ནུས་རིགས་གཅིག་མཁས་ཅན་གྱིས་མཛུབ་ཁྲིད་བྱས་ཏེ། འཁོར་ལམ་འགྲིམ་འགྲུལ་སྒྲིག་ཆས་རིག་ནུས་བཟོ་སྐྲུན་ལག་རྩལ་གྱི་ས་གནས་ས་ཐོག་གི་བཟོ་བཀོད་པ་ཐུན་མོང་ཐོག་གསོ་སྦྱོང་བྱས་ཡོད།
རྩལ་ནུས་དགེ་རྒན་ཆེ་མོས་དགེ་རྒན་བྱེད་པ་དང་། ཐོན་ལས་ཀྱི་ཚད་གཞི་སློབ་ཁང་དུ་ཁྱབ་གདལ་བཏང་སྟེ། ཐོན་ལས་དང་སློབ་གསོ་མཉམ་འདྲེས་དེ་ལྟ་བུ་ལས་བྱང་ཚད་མཐོ་བའི་ལག་རྩལ་རྩལ་ནུས་ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད། མིག་སྔའི་ཆར། ས་གནས་ཁག་གིས་སྐྱེད་སྲིང་བྱས་པའི་ཐོན་སྐྱེད་དང་སློབ་གསོ་མཉམ་འདྲེས་ཅན་གྱི་ཁེ་ལས་༤༦༠༠ལྷག་ཙམ་ཟིན་པ་དང་། ཉིས་སྟོང་ལོའི་རྗེས་སྐྱེས་སློབ་ཐོན་སློབ་མ་ཧྲི་ཤན་ལེའང་ནི་དེ་འདྲ་གསོ་སྐྱོང་བྱས་པ་ལས་བྱུང་བ་ཞིག་ཡིན་པ་དང་། ད་ཆ་ཁེ་ལས་ཀྱི་གཞོན་ནུ་རྐང་འཛིན་པ་ཞིག་ཏུ་གྱུར་ཡོད།
ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་། ཤེས་ལྡན་མི་སྣ་རང་བརྟེན་གྱིས་གསོ་སྐྱོང་བྱེད་པའི་སྤུས་ཚད་ཁྱོན་ཡོངས་ནས་ཇེ་ལེགས་སུ་གཏོང་བ་དང་། གསར་སྐྲུན་ཤེས་ལྡན་མི་སྣ་རྩེར་སོན་སྐྱེད་སྲིང་བྱེད་པར་ཤུགས་རྒྱག་པ། གནམ་འོག་གི་ཤེས་ལྡན་མི་སྣ་རྩེ་གྲ་བསྡུ་རུབ་བྱས་ནས་བཀོལ་སྤྱོད་བྱ་དགོས་ཞེས་བཏོན་ཡོད། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་སྐྱོད་སྐབས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག་ཤེས་ལྡན་མི་སྣའི་འདེགས་སྐྱོར་འཐབ་ཇུས་ལ་དམིགས་ཏེ། རང་རྒྱལ་གྱིས་སློབ་གསོའི་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་དང་། ཤེས་ལྡན་མི་སྣའི་འགྲན་རྩོད་ནང་རང་འགུལ་ངང་རྒྱལ་ཁ་ཐོབ་ཐབས་བྱེད་པ་བརྒྱུད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་སྐྲུན་པའི་ཤེས་ལྡན་མི་སྣའི་རྨང་གཞི་བརྟན་དུ་གཏོང་དགོས།

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

བསམ་བློ་གསར་པས་རྒྱང་སྐྱོད་གསར་པའི་ལམ་སྣེ་འཁྲིད་པ་སྟེ། བྱང་ཚད་མཐོ་བའི་ཤེས་ལྡན་པ་གསོ་སྐྱོང་བྱེད་པ་དང་། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པའི་རྨང་གཞི་བརྟན་དུ་གཏོང་བ།

དགུན་ཁའི་གུང་གསེང་འདིའི་སྐབས་ལ། ཀྲུང་ཁྲེ་ཆི་ཧྲུའུ་ཡན་མེ་འཁོར་ཨ་མའི་བཟོ་རྩལ་ཞིབ་འཇུག་ཁང་དང་། ཁྲང་ཀྲོའུ་ལྕགས་ལམ་མཐོ་རིམ་ལས་རིགས་ལག་རྩལ་སློབ་གྲྭའི་རྩལ་ནུས་པ་ཆུང་ཆུང་གཅིག་སྡུད་སྦྱོང་བརྡར་རུ་ཁག་གིས་ལས་གནས་མཉམ་འབྲེལ་ནང་སྦྱོང་བྱེད་བཞིན་ཡོད།