ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ལྷ་ཉིང་ལྕགས་ལམ་ཐོག་གི་བོད་རིགས་བཟའ་ཚང་ཞིག་གི་གཏམ་རྒྱུད་སྙན་མོ།

2023-01-12 17:12:00     责编:娜科

     ཉེ་ཆར། སྤྱི་ལོ་2023ལོའི་དཔྱིད་གསར་དུས་ཆེན་གྱི་སྐྱེལ་འདྲེན་འགོ་ཚུགས་པ་དང་།  རྒྱལ་ཁབ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སིའི་ལྷ་སའི་རྨང་གཞིའི་སྒྲིག་བཀོད་དུམ་མཚམས་ཀྱི་ཚེ་བརྟན་ཕུན་ཚོགས་ལགས་ཀྱིས་ཉིན་དེའི་དགོང་མོའི་ལྕགས་ལམ་ལ་བརྟག་དཔྱད་བྱེད་པའི་ལས་ཀ་བསྒྲུབས་ཚར་རྗེས། བཟའ་ཟླ་ཚེ་རིང་ལྷ་སྐྱིད་ལགས་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་དང་། ཁོང་གཉིས་ཀྱི་བཀའ་མོལ་ཡང་ཁྱིམ་ཚང་དེའི་བུ་ཕྲུག་དང་ཁ་བྲལ་མེད།  

     ཚེ་བརྟན་ཕུན་ཚོགས་ལགས་ནི་ལྷ་སའི་རྨང་གཞིའི་སྒྲིག་བཀོད་དུམ་མཚམས་ཀྱི་ལྕགས་ལམ་གྱི་སྐྱོན་འཚོལ་རུ་ཁག་གི་རུ་དཔོན་གཞོན་པ་ཡིན་པ་དང་། དུས་ཡུན་རིང་པོའི་ནང་ལྷ་ས་ནས་ཉིང་ཁྲིའི་བར་གྱི་ལྕགས་ལམ་ལམ་རྒྱུད་དུ་ཕེབས་ཏེ་ལྕགས་ལམ་ལམ་ཐིག་གི་སྐྱོན་ཞིབ་བརྟག་དཔྱད་གནང་བཞིན་ཡོད། ཁོང་གི་བཟའ་ཟླ་ཚེ་རིང་ལྷ་སྐྱིད་ལགས་ནི་རུ་ཁག་དེའི་རུ་མི་ཡིན་པ་དང་། ཁོང་ཚོས་ཚེ་བརྟན་ཕུན་ཚོགས་ལགས་ནས་སྤྲད་པའི་འཚོལ་ཞིབ་གྲངས་གཞིར་དབྱེ་ཞིབ་ཀྱིས་བརྟག་དཔྱད་ཐེངས་གཉིས་པ་བྱེད་འགན་འཁུར་གྱི་ཡོད། ཁོང་གཉིས་ནས་རུ་ཁག་གཅིག་ཏུ་ཕྱག་ལས་གནང་བཞིན་པ་དང་བོད་ལྗོངས་ཀྱི་གློག་རླངས་ཅན་གྱི་ལྕགས་ལམ་ཐོག་མ་སྟེ། ལྷ་ཉིང་ལྕགས་ལམ་ལ་སྲུང་སྐྱོང་བྱེད་བཞིན་ཡོད་པ་རེད། 

     ལྷ་ཉིང་ལྕགས་ལམ་ཐོག་དཔྱིད་གསར་དུས་ཆེན་གྱི་སྐྱེལ་འདྲེན་བདེ་འཇགས་ལ་འགན་ལེན་བྱ་ཆེད། ལྷ་སའི་རྨང་གཞིའི་སྒྲིག་བཀོད་དུམ་བུ་ནས་ལས་བཟོ་པ་ཕུལ་བྱུང་ཅན་སྐོང་འཐེན་བྱས་ཏེ་ལྕགས་ལམ་གྱི་རྣམ་པར་ཁྱོན་ཡོངས་ནས་སྐྱོན་འཚོལ་ཞིབ་དཔྱད་དང་འཕྲལ་མར་དབྱེ་ཞིབ་བྱས་ཡོད་པ་རེད། སྒེའུ་ཁུང་གི་སྐྱོན་འཚོལ་ལས་ཀ་ཚང་མ་མེ་འཁོར་བསྐྱོད་མཚམས་བཞག་པ་དང་སྦྱོང་སྒྲིག་བྱེད་པའི་དུས་མཚམས་ཀྱི་མཚན་གུང་དུ་བྱེད་དགོས་པས། དུས་སྐབས་ཤིག་རིང་ཁོང་གཉིས་ཀྱི་ལས་ཀའི་དུས་ཚོད་ཚང་མ་ནམ་ཕྱེད་དུ་འཁེལ་གྱི་ཡོད།  

     ཚེ་བརྟན་ཕུན་ཚོགས་ལགས་ཀྱིས།  བཟའ་ཟླ་གཉིས་ཀ་ལོ་ན་གཞོན་དུས་བོད་ལྗོངས་ལྷོ་ཁའི་སློབ་འབྲིང་གཅིག་ཏུ་སློབ་སྦྱོང་བྱེད་མྱོང་ཡོད། མཐོ་རིམ་སློབ་འབྲིང་སློབ་མཐར་ཕྱིན་རྗེས་ངེད་གཉིས་ཝུའུ་ཧན་དང་པའོ་ཐུའོ་ལྕགས་ལམ་སློབ་གླིང་གཉིས་ཀྱིས་བསྡུས་བྱུང་། སྤྱི་ལོ་2006ལོར་མཚོ་བོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོར་མེ་འཁོར་ཤར་གཏོང་ཐུབ་པ་དང་ངེད་མཉམ་དུ་ས་བབ་མཐོ་ཚད་སྨི་5000ཙམ་ཡོད་པའི་ན་གོར་མོ་ནས་ལྷ་ས་བར་གྱི་ལམ་དུམ་བཟོ་ཁུལ་དུ་ལས་བགོས་བྱས་པ་དང་། ལོ་གཅིག་གི་རྗེས་སུ་ས་མཐོའི་ལྕགས་ལམ་གྱི་བརྟག་དཔྱད་ལས་མིར་གྱུར་བྱུང་ཞེས་གསུངས་པ་རེད། 

     ཚེ་བརྟན་ཕུན་ཚོགས་ལགས་ཀྱི་མིག་ལམ་དུ་ཁོང་གི་བཟའ་ཟླ་ཚེ་རིང་ལྷ་སྐྱིད་ནི་བག་ཡངས་གཤིས་འཇམ་ཞིག་ཡིན་ལ། ཚེ་རིང་ལྷ་སྐྱིད་ཀྱི་མིག་ལམ་དུ་རང་གི་སྐུ་ཟླ་ནི་རྩེད་མཚར་ལ་དགའ་ཞིང་གཞས་དང་བྲོ་ལ་མཁས་པ་ཞིག་ཡིན། ཁོང་གཉིས་ལྷོ་ཁ་ནས་ཡོང་བ་ཡིན་པས་ཐུན་མོང་གི་བརྗོད་གཞི་མང་པོ་ཞིག་ཡོད་ལ། ས་ཆ་གཞན་དུ་ལས་ཀ་བྱས་ནས་དུས་ཚོད་ངེས་ཅན་ཞིག་སོང་རྗེས་ཕན་ཚུན་བར་བརྩེ་བ་ཆགས། 

     སྤྱི་ལོ་2013ལོར་ཚེ་བརྟན་ཕུན་ཚོགས་དང་ཚེ་རིང་ལྷ་སྐྱིད་གཉིས་ལོ་བདུན་རིང་གི་བརྩེ་དུང་གིས་བཞག་པས་བཅིངས་རྗེས་ལྷ་སར་གཉེན་སྒྲིག་གནང་། ད་ལྟ་་ཁོང་གཉེན་སྒྲིག་ཀྱི་བུ་ལོ་9ཡིན་པ་དང་བུ་མོ་ཟླ་10ཟིན་ཡོད། འཚོ་བའི་ཁྲོད་ཁོང་ཚོས་ཕན་ཚུན་སེམས་ཁུར་དང་ལས་དོན་ཁྲོད་ཁོང་ཚོས་ཕན་ཚུན་ལྕག་སྐུལ་རོགས་སྐྱོར་བྱེད་བཞིན་ཡོད། 

     ལྕགས་ལམ་བརྟག་དཔྱད་རུ་ཁག་གི་འགོ་འཛིན་གཞོན་པ་ཚེ་བརྟན་ཕུན་ཚོགས་ལགས་ཀྱི་ལག་རྩལ་བྱང་ཆུབ་པས་ལོ་བཅུ་གྲངས་རིང་སྐྱོན་འཚོལ་བརྒྱུད་རིམ་ཁྲོད་ཁོང་གི་བྱང་ཚད་དེ་བས་མཐོ་བར་གྱུར་ནས་ལམ་དུམ་གཙོ་གནད་ཁུལ་དུ་ཞིབ་བཤེར་དང་སྐྱོན་ཆེ་བའི་སྒྲིག་ཆས་བཀོད་སྒྲིག་བྱེད་པའི་ཐད་ཁོང་ལ་སྔོན་འགོག་དང་ནོར་འཁྲུལ་བརྟག་དཔྱད་ཀྱི་བྱེད་ཐབས་ཤིག་ཆགས་ཡོད། ལྷ་ཉིང་ལྕགས་ལམ་ཐོག་མེ་འཁོར་ཤར་གཏོང་ཐུབ་པ་ནས་ད་ལྟའི་བར་ཁོང་གིས་རིམ་རྩིས་བྱས་ན་ལམ་ཐིག་སྤྱི་ལེ་1800ལྷག་ཙམ་ལ་སྐོར་ཞིབ་གནང་ནས་ལྕགས་ལམ་ལ་སྐྱོན་ཆེན་པོ་ཕོག་པ་2དང་སྐྱོན་ཆུང་ངུ་ཕོག་པ་6ཕོག་པ་འཚོལ་རྙེད་ཐུབ་པར་མ་ཟད། ད་དུང་ས་མཐོའི་ལྕགས་ལམ་གྱི་བརྟག་དཔྱད་ཚོགས་པ་ཞིག་ཀྱང་སྐྱེད་སྲིང་གནང་ཡོད་པ་རེད། 

     བུད་མེད་ལས་མི་ཅིག་ཡིན་པའི་ངོས་ནས་ཚེ་རིང་ལྷ་སྐྱིད་ལགས་ཀྱི་ལས་ཀའི་ཐད་ཞིབ་ཚགས་ཆེ་བ་དང་ཐེངས་རེར་གཞི་གྲངས་སྟོན་སྐབས་ལྕགས་ལམ་གྱི་འགོ་མཇུག་བར་གསུམ་དང་། དེ་བཞིན་ཚ་ལ་རྒྱག་ས་བཅས་ཀྱི་གྲངས་གཞིར་དབྱེ་ཞིབ་ཡང་ཡང་གནང་གི་ཡོད། ལོ་བཅུ་ལྷག་ཙམ་རིང་སྐྱོན་འཚོལ་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པར་བརྟེན། ལྷ་ཉིང་ལྕགས་ལམ་ཤར་གཏོང་ཐུབ་རྗེས་ཀྱི་ལོ་གཉིས་ལྷག་ཙམ་རིང་གི་གྲངས་གཞི་ཕྱིར་སྟོན་དབྱེ་ཞིབ་ལས་དོན་ཁྲོད་ཁོང་གིས་ལྕགས་ལམ་ལ་སྐྱོན་ཆག་ཤོར་བ་སོགས་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་ཁག་10ཤེས་རྟོགས་ཐུབ་ནས་ལྷ་ཉིང་ལྕགས་ལམ་གྱི་འགོག་སྲུང་འཛིང་རགས་ཤིག་བསྐྲུན་ཡོད་པ་རེད། 

     ལས་ཀའི་ཁྲོད་ལས་ཡུལ་དངོས་སུ་འཚོལ་ཞིབ་ཐིག་ལེན་བྱེད་པའམ་ཡང་ན་ཕྱིར་ལོག་ནས་དབྱེ་ཞིབ་བྱ་དགོས་ཚེ། བཟའ་ཟླ་གཉིས་ཀྱིས་རྟག་ཏུ་ཕན་ཚུན་དྲན་སྐུལ་གནང་བཞིན་ཡོད་ལ། དེ་བས་འཚོལ་ཞིབ་ཡང་དག་དང་དབྱེ་ཞིབ་ཞིབ་ཚགས་གནང་བཞིན་ཡོད། མངོན་མེད་ཀྱི་རྐྱེན་ངན་རེ་རེ་བཞིན་སེལ་དུས་ཁོང་གཉིས་པོའི་བཞིན་ལས་ཐོབ་ཚོར་གྱི་འཛུམ་མདངས་འཕྱུར་བཞིན་ཡོད།  

ཚེ་བརྟན་ཕུན་ཚོགས་ལགས་ཀྱིས། ལྷ་ཉིང་ལྕགས་ལམ་ཤར་གཏོང་ཐུབ་པ་དང་ས་མཐོའི་ཤུགས་འགྲེམས་མེ་འཁོར་ང་ཚོའི་ཕ་ཡུལ་དུ་སླེབས་ཡོད། བོད་ལྗོངས་ཀྱི་བོད་རིགས་ལྕགས་ལམ་ལས་བཟོ་པ་མི་རབས་དང་པོ་ཡིན་པའི་ངོས་ནས། ངེད་བཟའ་ཟླ་གཉིས་ཀྱིས་ཕ་ཡུལ་གྱི་ལྕགས་ལམ་བདེ་འཇགས་ངང་འཁོར་སྐྱོད་ཐུབ་རྒྱུར་ལྟ་སྐྱོང་བྱེད་རྒྱུ་བྱུང་བས། སྤོབས་པ་ཆེན་པོ་སྐྱེ་ཡི་འདུག་ཅེས་གསུངས་པ་རེད། 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག ཟླ་བ་ཚེ་རིང་། 

སྒྲིག་སྒྱུར། རྡོ་ཐར། 

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

ལྷ་ཉིང་ལྕགས་ལམ་ཐོག་གི་བོད་རིགས་བཟའ་ཚང་ཞིག་གི་གཏམ་རྒྱུད་སྙན་མོ།

བུད་མེད་ལས་མི་ཅིག་ཡིན་པའི་ངོས་ནས་ཚེ་རིང་ལྷ་སྐྱིད་ལགས་ཀྱི་ལས་ཀའི་ཐད་ཞིབ་ཚགས་ཆེ་བ་དང་ཐེངས་རེར་གཞི་གྲངས་སྟོན་སྐབས་ལྕགས་ལམ་གྱི་འགོ་མཇུག་བར་གསུམ་དང་།