ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

དགའ་འོས་པའི་བོད་ལྗོངས་ཀྱི་དམིཊ་བསལ་སློབ་གསོའི་བྱ་གཞག་ལ་གཟིཊ་དང་།

2023-01-12 17:11:00     责编:娜科

      དགུན་ཁའི་གུང་གསེང་རིང་ས་བབ་མཐོ་ཚད་སྨི་4500ཡོད་པའི་བོད་ལྗོངས་ནག་ཆུ་གྲོང་ཁྱེར་གྱི་དམིགས་བསལ་སློབ་གསོའི་སློབ་གྲྭས་སློབ་མ་ཚོར་དྲ་ཐོག་སློབ་ཁྲིད་འཆར་གཞི་བཟོས་པ་དང་སློབ་སྦྱོང་གི་མཛུབ་ཁྲིད་བྱས་པས་ཕྲུ་གུ་ཚོས་ལོ་གསར་པར་རྣམ་པ་གསར་པ་ཞིག་ཚོར་ཡོད། 

   བོད་ལྗོངས་ནག་ཆུ་གྲོང་ཁྱེར་གྱི་དམིགས་བསལ་སློབ་གསོའི་སློབ་གྲྭ་དེ་སྤྱི་ལོ་2013ལོར་བཙུགས་པ་དང་།    དེ་ནི་ནག་ཆུ་གྲོང་ཁྱེར་གྱི་དམིགས་བསལ་སློབ་གསོའི་སློབ་གྲྭ་དང་པོ་དེ་རེད།     

      དམིགས་བསལ་སློབ་གསོའི་དགེ་རྒན་གནང་ནས་ལོ་4ལྷག་སོང་བའི་རྒན་གུ་རུ་ནི་སློབ་གྲྭའི་མཛེས་རྩལ་དགེ་རྒན་ཞིག་ཡིན་ཞིང་། ཕ་ཡུལ་གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་ནས་ཡིན་པའི་རྒན་གུ་རུ་ལགས་རྐང་པ་གཡོན་མ་ལྷན་སྐྱེས་སྐྱོན་ཅན་ཡིན་པས་འགྲོ་སྐྱོད་སྟབས་བདེ་པོ་དེ་ཙམ་མེད་མོད། འོན་ཀྱང་ཁོང་གིས་སྤྱི་ལོ་2019ལོར་མེ་འཁོར་བསྡད་དེ་ཆ་སྙོམས་ས་བབ་མཐོ་ཚད་སྨི་4000ཡན་ཟིན་པའི་བོད་བྱང་ཐང་དུ་སློབ་ཁྲིད་གནང་བར་ཕེབས་ཡོད།     

   རྒན་གུ་རུ་ལགས་ཀྱིས། དམིགས་བསལ་སློབ་གསོའི་ལས་རིགས་ལ་ཞུགས་རྒྱུ་ནི་ངའི་ཕུགས་བསམ་ཡིན། ས་བབ་མཐོ་བའི་ས་ཁུལ་གྱི་ཕྲུ་གུ་ཚོར་རང་ཉིད་དགོས་མཁོ་དེ་བས་ཆེ་བའི་སྣང་བ་བྱུང་། ཕྲུ་གུ་མང་པོ་ཞིག་གིས་རི་མོ་འབྲི་བའི་ལམ་ནས་སྤྱི་ལོ་2023ལོར་བསུ་བ་ཞུས་ཡོད།   ཕྲུ་གུ་ཚོའི་བརྩམས་ཆོས་ལས་སྤྱི་ལོ་2023ལོར་ཡིད་ཆེས་དང་།    རང་བརྩོན།    རང་ཚུགས་བཅས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་རྒྱུའི་རེ་བ་མཚོན་ཡོད་ཅེས་བརྗོད་པ་རེད། 

 

དམིགས་བསལ་སློབ་གསོའི་སློབ་མའི་མཛེས་རྩལ་བརྩམས་ཆོས།

 

   བོད་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་གྲངས་གཞི་ལས་མངོན་པར་གཞིགས་ན། སྤྱི་ལོ་2022ལོར། བོད་རང་སྐྱོང་ལྗོངས་ཀྱི་དམིགས་བསལ་སློབ་གསོའི་སློབ་གྲྭ་7ནང་དབང་སྐྱོན་སློབ་མ་1057ཡོད་པ་དང་།    སློབ་གྲྭ་དཀྱུས་མའི་འཛིན་གྲྭ་གཞན་དང་མཉམ་དུ་དབང་སྐྱོན་སློབ་མ་4597གྱིས་སློབ་གསོ་མྱོང་བཞིན་པ། དེ་བཞིན་དབང་སྐྱོན་སློབ་མ་2600ཙམ་ལ་སྒོ་འགྲམ་གྱི་སློབ་ཁྲིད་ཞབས་ཞུ་ལོངས་སུ་སྤྱོད་རྒྱུ་བྱུང་བ་དང་། འོས་འགན་སློབ་གསོའི་དུས་མཚམས་ཀྱི་དབང་སྐྱོན་སློབ་མ་སློབ་གྲྭར་ཞུགས་ཚད་97%ཡན་ཟིན་ཡོད་པ་རེད།     

    བོད་ལྗོངས་ནག་ཆུ་གྲོང་ཁྱེར་དམིགས་བསལ་སློབ་གསོའི་སློབ་གྲྭའི་སློབ་སྤྱི་ཚེ་རིང་ལྷ་མོས། སློབ་གྲྭ་གཉེར་ནས་ལོ་10སོང་རིང་ཁྱིམ་བདག་གིས་དེ་སྔ་སེམས་ཁྲལ་བྱེད་པ་ནས་ད་ལྟའི་སློབ་གྲྭའི་སློབ་གསོ་དང་རྒྱལ་ཁབ་ཀྱི་སྲིད་ཇུས་ལ་དྲིན་ཚོར་བྱེད་པའི་བར་དང་།     སློབ་མ་ཁག་ཅིག་སློབ་གྲྭར་སླེབས་དུས་ཀྱི་ཁེར་བགྲོད་ཁེར་སྡོད་ཀྱི་གཤིས་ཀ་ནས་ད་ལྟའི་སེམས་བག་ཡང་ལ་སྣང་བ་སྐྱིད་པའི་གཤིས་ཀའི་བར།    དེ་སྔ་དགེ་རྒན་གྱིས་ལ་ཀླུང་བརྒལ་ནས་ཕྲུ་གུ་དམིགས་བསལ་སློབ་གསོའི་སློབ་གྲྭར་སྐོང་བ་ནས་ད་ཆ་ཁྱིམ་བདག་གིས་རང་འགུལ་ངང་ཕྲུ་གུ་ཁྲིད་ནས་སློབ་གྲྭར་མིང་ཐོ་འགོད་པར་ཡོང་བའི་བར་འགྱུར་ལྡོག་ཕྱིན་ཡོད་ལ་ཕྲུ་གུ་མང་པོ་ཞིག་རྩལ་ནུས་ཁོང་དུ་ཆུད་པས་ལས་ཀ་རག་པ་དང་།    འཚོ་བ་གསར་པ་སྐྱེལ་བ་སོགས་རང་ཉིད་ཀྱི་མི་ཚེའི་རིན་ཐང་མངོན་འགྱུར་བྱུང་བས་དམིགས་བསལ་སློབ་གསོའི་བྱ་གཞག་ལ་དགའ་འོས་པའི་གྲུབ་འབྲས་མང་དག་ཅིག་ཐོབ་ཡོད་ཅེས་གསུངས་པ་རེད། 

           

རི་མོ་འབྲི་བཞིན་པའི་དམིགས་བསལ་སློབ་གསོའི་སློབ་མ། 

 

     གཞན་ཡང་བོད་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་ལས་ཞུགས་ཞབས་ཞུའི་ལྟེ་གནས་ཀྱིས་མཁོ་འདོན་བྱས་པའི་གྲངས་གཞི་ལས་མངོན་པར་གཞིགས་ན།  མིག་སྔའི་བར་བོད་རང་སྐྱོང་ལྗོངས་སུ་ལོ་16ནས་ལོ་59བར་གྱི་ལས་ཞུགས་ལོ་ཚད་ཀྱི་ལག་ཁྱེར་ཡོད་པའི་དབང་པོ་སྐྱོན་ཅན་ཁྲི་19.22ཙམ་ལས་ཞུགས་ཐུབ་ཡོད་པ་རེད། 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། 

ཞུ་དག ལྷག་པ། མིག་དམར་རྒྱ་མཚོ།

སྒྲིག་སྒྱུར། བསྟན་དབང་།

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

དགའ་འོས་པའི་བོད་ལྗོངས་ཀྱི་དམིཊ་བསལ་སློབ་གསོའི་བྱ་གཞག་ལ་གཟིཊ་དང་།

གཞན་ཡང་བོད་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་ལས་ཞུགས་ཞབས་ཞུའི་ལྟེ་གནས་ཀྱིས་མཁོ་འདོན་བྱས་པའི་གྲངས་གཞི་ལས་མངོན་པར་གཞིགས་ན། མིག་སྔའི་བར་བོད་རང་སྐྱོང་ལྗོངས་སུ་ལོ་16ནས་ལོ་59བར་གྱི་ལས་ཞུགས་ལོ་ཚད་ཀྱི་ལག་ཁྱེར་ཡོད་པའི་དབང་པོ་སྐྱོན་ཅན་ཁྲི་19.22ཙམ་ལས་ཞུགས་ཐུབ་ཡོད་པ་རེད།