ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

འགོ་ཡག་པོ་འཛུགས་པ་དང་། གོམ་པ་བརྟན་པོ་སྤོ་བ་སྟེ། ཁྲོམ་རར་མ་འཇོག་བྱེད་རྒྱ་ཆེ་རུ་གཏོང་བ་དང་། ཀྲེ་ཅང་གི་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་འགོ་གསར་པ་ཚུགས་པ།

2023-01-12 10:10:00     责编:娜科

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། དཔལ་འབྱོར་ཞིང་ཆེན་ཆེན་པོ་ཡིན་པའི་ཀྲེ་ཅང་གིས་སྤུས་ཚད་མཐོ་བའི་གོང་འཕེལ་དེ་ལས་འགན་ཨང་དང་པོར་བརྩིས་ནས། ཁྲོམ་ར་རྒྱ་བསྐྱེད་དང་། ཕྱི་རྒྱལ་གྱི་མ་དངུལ་ནང་འདྲེན། དངོས་གཟུགས་ལ་མཐོང་ཆེན། མ་དངུལ་འཇོག་ཁྱོན་ཆེར་གཏོང་བཅས་བྱས་ཏེ། དངོས་སུ་སྒྲུབ་པ་དང་། མདུན་གྲལ་དུ་སྐྱོད་པ་བརྒྱུད། ཀྲེ་ཅང་གི་བརྟན་པོ་དང་མདུན་སྐྱོད་ཀྱིས་རྒྱལ་ཡོངས་ཀྱི་ཁྱོན་ཡོངས་ལ་བྱས་རྗེས་མང་ཙམ་འཇོག་རྒྱུ་ཡིན་པ་རེད།

སྤྱི་ཟླ་༡ཚེས་༩ཉིན། ཀྲེ་ཅང་ཞིང་ཆེན་གྱི་ལོ་གསར་པའི་ཕྱི་ཕྱོགས་སུ་བསྐྱོད་ནས་ཚོང་འགུག་བྱེད་མཁན་ཚོགས་པ་དང་པོ་རྡོག་ཐོན་བྱས་ཤིང་། ད་ཐེངས་ཁོང་ཚོས་ཤང་ཀང་དང་ཡོ་རོབ་ཏུ་བསྐྱོད་དེ་ཁེ་ལས་བཅུ་གྲངས་ལ་གཙོ་གནད་ཐོག་འཚམས་འདྲི་ཞུ་བ་དང་། ཀྲེ་ཅང་དུ་རྣམ་གྲངས་ལ་མ་འཇོག་བྱེད་པར་སླེབས་རྒྱུའི་བརྩོན་ལེན་བྱ་རྒྱུ་རེད། འདི་ལོ་ཀྲེ་ཅང་གིས་ཚོགས་པ་༢༠༠ལྷག་ཙམ་སྒྲིག་འཛུགས་བྱས་ནས་ཕྱི་རྒྱལ་དུ་བསྐྱོད་དེ་ཚོང་འགུག་བྱ་རྩིས་ཡོད་པ་དང་། སྔོན་དཔག་བྱས་ན་ལོ་ཧྲིལ་པོར་ཕྱི་རྒྱལ་གྱི་མ་དངུལ་དངོས་སུ་སྤྱོད་ཚད་ཨ་སྒོར་དུང་ཕྱུར་༡༩༠ཟིན་རྒྱུ་ཡིན་པ་རེད།
གོ་ལ་ཧྲིལ་པོར་ཚོང་འགུག་བྱེད་པ་ཕུད། ཉེ་བའི་དུས་ཚོད་ནང་། ཀྲེ་ཅང་གིས་ཚོགས་པ་སྟོང་དང་ཁེ་ལས་ཁྲི་ཡིས་ཁྲོམ་ར་རྒྱ་བསྐྱེད་བཏང་ནས་མངགས་ཐོ་བརྩོན་ལེན་བྱེད་པའི་བྱ་སྤྱོད་སྤེལ་ཞིང་། མིག་སྔའི་བར་ཕྱི་རྒྱལ་དུ་འཚམས་འདྲིར་སྐྱོད་མཁན་ཚོགས་པ་༢༠ལྷག་ཙམ་གྱིས་ཕྱི་རྒྱལ་ནས་མངགས་ཐོ་སྒོར་དུང་ཕྱུར་༡༨༠ལྷག་ཙམ་རི་བ་འཁྱེར་ཡོད། ཧང་ཀྲོའུ་ཡི་བཟོ་ལས་ཀྱི་རས་ཆ་ཐོན་སྐྱེད་བྱེད་མཁན་ཁེ་ལས་ཤིག་གིས་ཕྱི་ཕྱོགས་སུ་བསྐྱོད་མ་ཐག་རིན་གོང་ཨ་སྒོར་བྱེ་བ་གཉིས་རི་བའི་མངགས་ཐོ་བརྩོན་ལེན་བྱས་ཡོད་པ་དང་། ཐོན་སྐྱེད་གྲལ་བསྒྲིགས་དུས་ཡུན་དེ་སྤྱི་ཟླ་༢པའི་ཟླ་མཇུག་ཏུ་སླེབས་ཡོད།
ཁེ་ལས་ཀྱིས་ཕྱིར་སྐྱོད་ཐུབ་པ་དང་མངགས་ཐོ་ཚུར་རག་ཐུབ་པ་མ་ཟད། ད་དུང་ཁེ་ལས་ལ་ཐོན་སྐྱེད་གཉེར་སྐྱོང་བྱེད་རིང་འབྱུང་འགྱུར་གྱི་སེམས་ཁྲལ་མི་ཡོང་བ་བྱེད་དགོས། དེར་བརྟེན། ཀྲེ་ཅང་གིས་འཚམས་འདྲི་ཆེན་པོ་དང་། བརྟག་དཔྱད་ཞིབ་འཇུག་ཆེན་པོ། ཞབས་ཞུ་ཆེན་པོ། གནད་དོན་ཐག་གཅོད་ཆེན་པོ་བཅས་བྱེད་པའི་བྱེད་སྒོ་སྤེལ་འགོ་བརྩམས་པ་དང་། ཞིང་ཆེན་དང་གྲོང་ཁྱེར་གྱི་འགོ་ཁྲིད་གཙོ་བོས་སྣེ་ཁྲིད་དེ་ཁེ་ལས་སུ་ཟབ་ཞུགས་གནང་ནས་ཁེ་ལས་ཀྱི་གནད་དོན་ངོ་མ་ཐག་གཅོད་གནང་བཞིན་ཡོད།

ལོ་གསར་པའི་ནང་། ཀྲེ་ཅང་གི་ས་ཁུལ་དང་གྲོང་ཁྱེར་༡༡གིས་རྣམ་གྲངས་གལ་ཆེན་༤༠ལྷག་ཙམ་གཅིག་སྡུད་ཐོག་ལས་འགོ་བཙུགས་ཡོད། འདི་ལོ་ཀྲེ་ཅང་གིས་ཆ་འཕྲིན་ལག་རྩལ་དང་། རྩེར་སོན་སྒྲིག་ཆས། དེང་རབས་ཀྱི་འཛད་སྤྱོད་དང་བདེ་ཐང་། གནོད་མེད་རྡོ་སྣུམ་རྫས་འགྱུར་དང་རྒྱུ་ཆ་གསར་པ་བཅས་སྒོར་དུང་ཕྱུར་ཁྲི་བཞིའི་རིམ་པའི་ཐོན་ལས་ཚོགས་པ་གཙོ་གནད་ཐོག་སྐྱེད་སྲིང་བྱས་ནས། བཟོ་སྐྲུན་ལས་རིགས་ཀྱི་རྣམ་གྲངས་གལ་ཆེན་༦༡༡ལག་བསྟར་བྱ་རྩིས་ཡོད་པ་དང་། འཆར་གཞི་བྱས་ན་མ་དངུལ་སྒོར་དུང་ཕྱུར་༡༨༠༠ལྷག་ཙམ་གཏོང་རྩིས་ཡོད་པ་རེད།

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

འགོ་ཡག་པོ་འཛུགས་པ་དང་། གོམ་པ་བརྟན་པོ་སྤོ་བ་སྟེ། ཁྲོམ་རར་མ་འཇོག་བྱེད་རྒྱ་ཆེ་རུ་གཏོང་བ་དང་། ཀྲེ་ཅང་གི་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་འགོ་གསར་པ་ཚུགས་པ།

ལོ་གསར་པའི་ནང་། ཀྲེ་ཅང་གི་ས་ཁུལ་དང་གྲོང་ཁྱེར་༡༡གིས་རྣམ་གྲངས་གལ་ཆེན་༤༠ལྷག་ཙམ་གཅིག་སྡུད་ཐོག་ལས་འགོ་བཙུགས་ཡོད། འདི་ལོ་ཀྲེ་ཅང་གིས་ཆ་འཕྲིན་ལག་རྩལ་དང་། རྩེར་སོན་སྒྲིག་ཆས། དེང་རབས་ཀྱི་འཛད་སྤྱོད་དང་བདེ་ཐང་།