ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

རྒྱལ་ཡོངས་ཀྱི་འཐབ་ཕྱོགས་གཅིག་འགྱུར་པུའུ་ཀྲང་གི་གྲོས་ཚོགས་པེ་ཅིང་དུ་འཚོགས་པ།

2023-01-11 10:01:00     责编:娜科

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་ཡོངས་ཀྱི་འཐབ་ཕྱོགས་གཅིག་འགྱུར་པུའུ་ཀྲང་གི་གྲོས་ཚོགས་སྤྱི་ཚེས་༡༠ཉིན་པེ་ཅིང་དུ་སྐོང་འཚོགས་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ཨུད་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་པ་མ་ཟད་གསུངས་བཤད་ཀྱང་ཡོད་པ་རེད།
ཁོང་གིས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉིས་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་གཏིང་ཟབ་བྱེད་པ། གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། འདུ་ཤེས་བཞི་ཤུགས་ཆེར་གཏོང་བ་དང་། བློ་སྤོབས་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བཅས་བྱས་ནས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ལོ་རྒྱུས་འཕེལ་རིམ་ཁྲོད། འཐབ་ཕྱོགས་གཅིག་འགྱུར་གྱི་སྟོབས་ཆེའི་མཆོག་ནོར་གྱི་ནུས་པ་སྔར་ལས་ལྷག་པའི་སྒོ་ནས་འདོན་སྤེལ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།

ཝང་ཧུའུ་ཉིང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་འགྱུར་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་དེ་ནི་དུས་རབས་གསར་པའི་འཐབ་ཕྱོགས་ལས་དོན་གྱི་རྩ་བའི་ཕྱོགས་སྟོན་ཞིག་ཡིན་པས་ ངེས་པར་དུ་ཆ་ཚང་ལ། ཡག་དག་པ་དང་། ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཐོག་དུས་རབས་གསར་པའི་འཐབ་ཕྱོགས་ལས་དོན་གྱི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་རྒྱུར་སྐུལ་འདེད་གཏོང་དགོས། དུས་རབས་གསར་པའི་ལོ་བཅུའི་རླབས་ཆེའི་འཕོ་བསྒྱུར་ཁྲོད་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་བདེན་དོན་སྟོབས་ཤུགས། དུས་རབས་གསར་པའི་འཐབ་ཕྱོགས་ལས་དོན་གྱི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བཅས་ཀྱི་ཁྲོད་ནས། གཏན་འཁེལ་གཉིས་ཀྱི་ཆབ་སྲིད་གཏན་ཚིགས་དང་། ལོ་རྒྱུས་གཏན་ཚིགས། ལག་བསྟར་གཏན་ཚིགས་བཅས་ཁོང་དུ་གཏིང་ཟབ་ཆུད་པ་བྱེད་དགོས། མཐུན་སྒྲིལ་འབད་འཐབ་ཀྱི་དུས་རབས་ཀྱི་བརྗོད་དོན་གཙོ་བོ་དམ་པོར་བཟུང་ནས། ཆེས་རྒྱ་ཁྱབ་ཀྱི་དུས་རབས་གསར་པའི་རྒྱལ་གཅེས་འཐབ་ཕྱོགས་སྲ་བརྟན་དུ་གཏོང་བ་དང་གོང་འཕེལ་བཏང་ཐོག་ཏང་གི་ཚོགས་ཆེན་ཉིས་ཤུ་པའི་ཐོག་བཏོན་པའི་དམིགས་འབེན་ལས་འགན་མངོན་འགྱུར་ཡོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས། ཏང་གིས་འཐབ་ཕྱོགས་ལས་དོན་ལ་ཁྱོན་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། གོང་འོག་མཉམ་འགུལ་དང་འབྲེལ་ཡོད་ཕྱོགས་མཐུན་སྦྱོར་སྦྲེལ་མཐུད་ཀྱི་ལས་ཀའི་རྣམ་པ་ཞིག་ཆགས་པ་བྱེད་དགོས་ཞེས་བསྟན་ཡོད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། ཀྲུང་དབྱང་འཐབ་ཕྱོགས་གཅིག་འགྱུར་པུའི་པུའུ་ཀྲང་ཧྲི་ཐའེ་ཧྥེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུངས་བཤད་གནང་ཡོད། ཁོང་གིས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉིས་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་འགྱུར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་ལག་བསྟར་ནན་པོ་བྱེད་པ། ཀྲུང་དབྱང་འཐབ་ཕྱོགས་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་འཐབ་ཕྱོགས་ལས་དོན་སྐོར་གྱི་བཀོད་ཇུས་བཀོད་སྒྲིག་ཁག་བསྟར་དོན་འཁྱོལ་ཡག་པོ་བྱས་ཏེ་འཐབ་ཕྱོགས་ལས་དོན་སྤུས་ཚད་མཐོ་པའི་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

རྒྱལ་ཡོངས་ཀྱི་འཐབ་ཕྱོགས་གཅིག་འགྱུར་པུའུ་ཀྲང་གི་གྲོས་ཚོགས་པེ་ཅིང་དུ་འཚོགས་པ།

ཀྲུང་དབྱང་འཐབ་ཕྱོགས་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་འཐབ་ཕྱོགས་ལས་དོན་སྐོར་གྱི་བཀོད་ཇུས་བཀོད་སྒྲིག་ཁག་བསྟར་དོན་འཁྱོལ་ཡག་པོ་བྱས་ཏེ་འཐབ་ཕྱོགས་ལས་དོན་སྤུས་ཚད་མཐོ་པའི་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།