ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ས་གནས་ཁག་གིས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱེད་སྒོ་རྣམ་པ་སྣ་ཚོགས་སྤེལ་བ།

2022-12-05 16:46:00     责编:卓玛才让

ཟླ་12ཚེས་4ཉིན་ནི་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་ཐེངས་དགུ་པ་དེ་ཡིན། ཉིན་ཤས་བསྟུད་མར་ས་གནས་ཁག་གིས་དྲིལ་བསྒྲགས་བྱེད་སྒོ་སྣ་ཚོགས་སྤེལ་ནས་ཁྲིམས་སྐྱོང་སྙིང་སྟོབས་དར་སྤེལ་བཏང་སྟེ་རྩ་ཁྲིམས་མང་ཚོགས་ཀྱི་འགྲམ་དང་མང་ཚོགས་ཀྱི་སེམས་ནང་ཟུག་ཐུབ་པ་བྱས་པ་རེད།

ཧུའུ་ནན་ཞིང་ཆེན་ཁྲང་ཧྲ་གྲོང་ཁྱེར་གཡོད་ལུའུ་ཆུས་མི་དམངས་ཁྲིམས་ཁང་དུ་ཁྲིམས་དཔོན་དང་ཁྲིམས་དཔོན་གྱི་ལས་རོགས་70ལྷག་ཙམ་གྱིས་རྒྱལ་དར་ལ་ཕྱོགས་ཏེ་རུ་སྟར་བསྒྲིགས་ནས་ལངས་ཏེ་སྒམ་བརླིང་ངང་དམ་བཅའ་བརྟན་པོ་བཞག་པ་རེད། ཁྲང་ཧྲ་གྲོང་ཁྱེར་གཡོད་ལུའུ་ཆུས་མི་དམངས་ཁྲིམས་ཁང་ཏང་ཙུའུ་ཡི་ཧྲུའུ་ཅི་ཝང་པོ་ཡིས་རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་བྱེད་སྒོ་སྤེལ་བ་བརྒྱུད་ལས་བྱེད་ཉེན་རྟོག་པས་སེམས་ནང་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ལ་བློ་དཀར་སེམས་དཀར་བྱེད་པའི་འདུ་ཤེས་བཙུགས་ཏེ་ལག་ནང་གི་དབང་ཆ་ནི་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་གཏན་འབེབས་ལས་ཐོབ་པ་བློ་ལ་བརྟན་པོར་ངེས་ནས། མི་དམངས་ཁྲིམས་ཁང་གིས་མི་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་པ་དང་། དྲང་གཞག་ངང་ཁྲིམས་འཛིན་པའི་ཡིད་ཆེས་དང་ཆོད་སེམས་མཚོན་པར་བྱས་ཡོད་ཅེས་བཤད་པ་རེད།

ཨན་ཧུའེ་མ་ཨན་ཧྲན་གྲོང་ཁྱེར་ཡུས་ཚའེ་སློབ་ཆུང་དུ་སློབ་ཕྱིའི་“གཟུགས་པོའི་བདེ་ཐང་སྐོར་གྱི་རྩོད་གཞི”ཞིག་གི་ལད་ཟློས་ཁྲིམས་རས་ཞིབ་གཅོད་བྱེད་བཞིན་ཡོད། ལད་ཟློས་ཁྲིམས་ར་བརྒྱུད་སློབ་མ་ཚོས་ཁྲིམས་རའི་འདྲི་ཞིབ་གོ་རིམ་དང་འབྲེལ་ཡོད་བཅའ་ཁྲིམས་ཤེས་བྱ་ཉམས་ལེན་དང་། དེའི་ནང་ཞུགས་པ། ཤེས་རྟོགས་བཅས་བྱེད་ཀྱི་ཡོད་པ་རེད།

ཧོ་པེ་ཞིང་ཆེན་ཤིང་ཐའེ་གྲོང་ཁྱེར་དུ“མུའུ་ལན་གྱི་ཁ་བརྡ”ཞེས་པའི་ཁྲིམས་སྐྱོང་སྒྲོག་འགྲེལ་སྡེ་ཁུལ་དང་གྲོང་གསེབ་ཏུ་སྐྱོད་པའི་བྱེད་སྒོ་སྤེལ་བ་དང་། ས་གནས་དེ་གའི་ཁྲིམས་ཁང་དང་། ཞིབ་དཔྱོད་ཁང་། སྤྱི་ཕན་ཁྲིམས་རྩོད་ཚོགས་པ་བཅས་ནས་ཡོང་བའི་འཆད་ཁྲིད་དགེ་རྒན་ཚོས་གྱོད་གཞི་སྒྲུབ་པའི་ཉམས་མྱོང་དང་དོན་དངོས་ཀྱི་གྱོད་དཔེར་དམིགས་ནས་རྒྱ་ཆེའི་བུད་མེད་ཀྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་ཤེས་བྱ་གཙོ་གནད་ཐོག་འགྲེལ་བཤད་བརྒྱབ་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

ས་གནས་ཁག་གིས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱེད་སྒོ་རྣམ་པ་སྣ་ཚོགས་སྤེལ་བ།

ཟླ་12ཚེས་4ཉིན་ནི་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་ཐེངས་དགུ་པ་དེ་ཡིན། ཉིན་ཤས་བསྟུད་མར་ས་གནས་ཁག་གིས་དྲིལ་བསྒྲགས་བྱེད་སྒོ་སྣ་ཚོགས་སྤེལ་ནས་ཁྲིམས་སྐྱོང་སྙིང་སྟོབས་དར་སྤེལ་བཏང་སྟེ་རྩ་ཁྲིམས་མང་ཚོགས་ཀྱི་འགྲམ་དང་མང་ཚོགས་ཀྱི་སེམས་ནང་ཟུག་ཐུབ་པ་བྱས་པ་རེད།