ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ས་གནས་ཁག་གིས་ཏོག་གསར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཚན་རིག་རང་བཞིན་དང་གནད་སྨིན་རང་བཞིན་རྒྱུན་མཐུད་ངང་མཐོ་རུ་བཏང་བ།

2022-12-05 16:38:00     责编:卓玛才让

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ས་གནས་ཁག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་ཚན་རིག་རང་བཞིན་དང་གནད་སྨིན་རང་བཞིན་རྒྱུན་མཐུད་ངང་ཆེ་རུ་བཏང་ནས་རྒན་རྒོན་ལ་ཏོག་གསར་རིམས་འགོག་སྨན་ཁབ་རྒྱག་པའི་ཞབས་ཞུའི་འགན་ལེན་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ཡོད།

པེ་ཅིང་གིས་ཇུས་གཞི་དཔར་མ་དགུ་པ་དང་ལེགས་སྒྱུར་བྱ་ཐབས་ཉི་ཤུ་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཐོག དུས་བབ་དང་བསྟུན་ནས་སྔོན་འགོག་ཚོད་འཛིན་བྱ་ཐབས་ལེགས་སུ་བཏང་སྟེ་རིམས་ནད་ཚབས་ཆེར་འགྲོ་བར་ནུས་ཤུགས་ཡོད་རྒུས་བཀག་འགོག་བྱེད་བཞིན་ཡོད། ཟླ་12ཚེས་3ཉིན་ནས་བཟུང་པེ་ཅིང་གི་ཚོང་ཁང་མང་པོ་ཞིག་གིས་ཚོང་གཉེར་སླར་གསོ་བྱས་པ་དང་ཟ་ཁང་ཁག་གཅིག་གིས་ཟ་མ་མངགས་སྐྱེལ་དང་ཟ་མ་རང་ཁྱེར་ཞབས་ཞུ་བྱས་ཆོག་པ་བཟོས་ཡོད།

ཟླ་12ཚེས་5ཉིན་གྱི་མཚན་མོའི་ཆུ་ཚོད་12ནས་བཟུང་ཧྲང་ཧའེ་ཡི་ལྕགས་ལམ་འགྲིམ་འགྲུལ་དང་། ས་ངོས་སྤྱི་སྤྱོད་འགྲིམ་འགྲུལ། གྲུ་གཟིངས་སོགས་གྲོང་ཁྱེར་ནང་གི་སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་དུ་སྡོད་སྐབས་ཉིང་སྐྱུར་ཞིབ་དཔྱད་བྱས་འབྲས་སྲིབས་གཤིས་ཡིན་པའི་དཔང་ཡིག་སྟོན་མི་དགོས་པ་བཟོས་འདུག

ཚེས་4ཉིན་ཀོང་ཀྲོའུ་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཀྲང་དབྱིས་ཀྱིས་བརྡ་ཁྱབ་བཏང་བར་གཞིགས་ན། མིག་སྔར་གྲོང་ཁྱེར་དེ་ཡོངས་ཀྱི་ལོ་80ཡན་གྱི་རྒན་རྒོན་ལ་ཏོག་གསར་རིམས་འགོག་སྨན་ཁབ་རྒྱག་ཚད་52.7%ལས་ཟིན་མེད་པ་དང་། རྒན་རྒོན་གྱིས་ད་ཕན་རིམས་འགོག་སྨན་ཁབ་རྒྱག་ཚད་དེས་ནད་གཞི་ལྕི་པོ་དང་འཆི་སྐྱོན་འགོག་པའི་སྲུང་ཡོལ་ཞིག་ད་དུང་ཆགས་མེད་པ་རེད།
བསྡོམས་རྩིས་བརྒྱབ་པར་གཞིགས་ན། ཉེ་བའི་ཉིན་གསུམ་ནང་ཏོག་གསར་རིམས་འགོག་སྨན་ཁབ་རྒྱག་ཚད་ཉིན་རེར་ཆ་སྙོམས་མི་ཁྲི་ཁྲག་ལས་བརྒལ་ཡོད་པ་རེད། རྒན་རྒོན་མི་ཉུང་བ་ཞིག་རང་འགུལ་ངང་ཉེ་འགྲམ་དུ་བསྐྱོད་དེ་བདེ་ཐང་དཔྱད་དཔོག་དང་རིམས་འགོག་སྨན་ཁབ་རྒྱག་བཞིན་ཡོད་པ་རེད།

ཁྲུང་ཆིང་ཆི་ཅང་ཆུས་སུ་ཟ་ཁང་ཁག་གིས་བཟའ་བཅའི་བདེ་འཇགས་འགན་ལེན་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ཁག་དོན་འཁྱོལ་ནན་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཁག་བགོས་གོ་རིམ་ལྡན་པའི་ངང་ལས་འགོ་བསྐྱར་དུ་འཛུགས་བཞིན་ཡོད་པ་རེད། ཁྲུང་ཆིང་ཆི་ཅང་ཆུས་ཀྱི་གྲོང་མི་སྐུ་ཞབས་ཁྲེན་ལགས་ཀྱིས་ད་ཆ་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་ཐབས་ལག་བསྟར་དེ་སྔར་བས་གནད་ལ་འཕིགས་པ་ཡོད་པས་ང་ཚོའི་ལས་དོན་དང་འཚོ་བར་ཤུགས་རྐྱེན་ཐེབས་ཚད་ཆུང་དུ་ཕྱིན་འདུག ང་ཚོར་ད་ལྟའི་དཀའ་ངལ་ལས་རྣམ་པར་རྒྱལ་བ་དང་། རང་ཉིད་དང་ཁྱིམ་མིའི་བདེ་ཐང་སྐྱོབ་སྲུང་སྐྱོབ་ཐུབ་པའི་ཡིད་ཆེས་ཡོད་ཅེས་གསུངས་འདུག

མིག་སྔར་ཤིན་ཅང་ཨུ་ལུམ་ཆི་གྲོང་ཁྱེར་དུ་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ཐབས་ལག་ལེན་བསྟར་བའི་ཆ་རྐྱེན་འཛོམས་ཡོད། ཟླ་12ཚེས་5ཉིན་ནས་བཟུང་གྲོང་ཁྱེར་ཡོངས་ཀྱི་ཚོང་དོན་ཞབས་ཞུའི་ལས་རིགས་ཀྱིས་ཁྱོན་ཡོངས་དང་གོ་རིམ་ལྡན་པའི་ངང་རྒྱུན་གཏན་གྱི་ཐོན་སྐྱེད་ཚོང་གཉེར་སླར་གསོ་བྱེད་འགོ་ཚུགས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

ས་གནས་ཁག་གིས་ཏོག་གསར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཚན་རིག་རང་བཞིན་དང་གནད་སྨིན་རང་བཞིན་རྒྱུན་མཐུད་ངང་མཐོ་རུ་བཏང་བ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ས་གནས་ཁག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་ཚན་རིག་རང་བཞིན་དང་གནད་སྨིན་རང་བཞིན་རྒྱུན་མཐུད་ངང་ཆེ་རུ་བཏང་ནས་རྒན་རྒོན་ལ་ཏོག་གསར་རིམས་འགོག་སྨན་ཁབ་རྒྱག་པའི་ཞབས་ཞུའི་འགན་ལེན་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ཡོད།