ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

གྲང་ངར་ཆེ་བའི་དུས་སུ་རང་རྒྱལ་གྱི་དབུས་ཤར་རྒྱུད་ཀྱི་ས་གནས་ཁག་གིས་དམངས་འཚོའི་འགན་ལེན་དང་ཁྲོམ་རའི་མཁོ་སྤྲོད་འགན་ལེན་ལས་དོན་ཡག་པོ་སྒྲུབ་བཞིན་པ།

2022-11-30 19:32:00     责编:桑吉卓玛

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། གནམ་གཤིས་གྲང་མོའི་ཤུགས་རྐྱེན་ཕོག་པར་བརྟེན་ཚེས་29ཉིན་གྱི་ཆུ་ཚོད་20ནས་ཟླ་12ཚེས་1ཉིན་གྱི་ཆུ་ཚོད་8པ་བར་ཅི་ལིན་ཤར་རྒྱུད་དང་།ཅང་ཤིས་དབུས་ལྷོ་རྒྱུད།ཧུའུ་ནན་ལྷོ་རྒྱུད།ཧྥུའུ་ཅན་ནུབ་རྒྱུད།ཀོང་ཞི་ཡི་ས་ཆ་མང་ཆེ་བ། ཀོང་ཏུང་གི་དབུས་བྱང་རྒྱུད་སོགས་སུ་དྲོད་ཚད་ཨང་གྲངས་14~16བར་ཆག་རྒྱུ་རེད།

ས་གནས་ཁག་གིས་གྲང་ངར་ཆེ་བའི་གནམ་གཤིས་ལ་ཁ་གཏད་ཧུར་ཐག་བཅག་ནས་དམངས་འཚོ་འགན་ལེན་དང་ཁྲོམ་རའི་མཁོ་སྤྲོད་འགན་ལེན་གྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་བཞིན་ཡོད།

ཧྲན་ཏུང་ཙེ་པོ་ཡི་སྔོ་ཚལ་སྡེབ་ཚོང་ཁྲོམ་ར་ཞིག་ཏུ་དབོར་མ་ཐག་པའི་སྔོ་ཚལ་རླངས་འཁོར་ནས་འབེབས་བཞིན་ཡོད། ཚོང་དུད་ཁྲེན་ལི་ཕུང་གིས་གྲང་ངར་ཆེ་བའི་གནམ་གཤིས་འོག་ཤ་ཚལ་སྒོང་གསུམ་མཁོ་སྤྲོད་འགན་ལེན་བྱ་ཆེད།ཚོང་དུད་ཚང་མས་སྔོ་ཚལ་གསོག་འཇོག་བྱེད་མང་དུ་བཏང་ཡོད་ཅེས་བཤད་འདུག

འཁོར་རྒྱུག་གི་སྣེ་མོར་ཟོག་ཁུངས་གྲབས་གསོག་བྱེད་ཤུགས་ཆེ་རུ་བཏང་བ་ཕུད།ཧྲན་ཏུང་གི་ས་གནས་ཁག་གིས་ཐོན་སྐྱེད་ལྷུ་ཚིགས་ཐད་ལའང་ཞིང་ནང་གཡོག་བྱེད་ལ་གཙོ་གནད་ཐོག་ཤུགས་སྣོན་བརྒྱབ་པ་རེད། ཙེ་པོ་ལིན་ཙེ་ཆུས་ཀྱི་སྔོ་ཚལ་དྲོད་ཁང་ཆེ་མོ་ཞིག་ཏུ་ས་གནས་དེ་གས་ཞིང་ལས་ལག་རྩལ་གྱི་རིགས་གཅིག་མཁས་ཅན་འཐབ་ས་དང་པོར་མངགས་ནས་གྲང་འགོག་ལ་མཛུབ་ཁྲིད་བྱས་པ་རེད།

ཞིང་དུད་པན་ཏུང་ལིན་གྱིས་གནམ་གཤིས་འགྱུར་ལྡོག་འགྲོ་སྐབས་ང་ཚོ་ཚལ་འདེབས་མཁན་ཞིང་པར་ཡང་སེམས་ཁྲལ་ཆེན་པོ་འདུག ད་ལྟ་ཆེད་ལས་པས་ང་ཚོར་ཐབས་ཤེས་གང་འདྲ་སྤྱད་ནས་དོ་དམ་བྱེད་དགོས་ལུགས་བཤད་བྱུང་། དེ་འདྲ་བྱས་ན་ང་ཚོ་ཚལ་འདེབས་མཁན་གྱི་སེམས་ལའང་གདེང་ཚོད་སླེབས་ཀྱི་འདུག་ཅེས་བཤད་འདུག

གྲང་ངར་ཆེ་བའི་དུས་སུ་སླེབས་སྐབས་ཐེན་ཅིན་གྱིས་ཐབས་མང་མཉམ་སྤྱོད་ཀྱིས་བདེ་འཇགས་དང་བརྟན་ལྷིང་གི་སྒོ་ནས་གློག་གཏོང་བ་དང་།སོལ་རླངས་མཁོ་འདོན་བྱེད་པ།་དྲོད་རླངས་མཁོ་འདོན་བཅས་བྱ་རྒྱུའི་འགན་ལེན་བྱེད་བཞིན་ཡོད། ཐེན་ཅིན་ཧེ་ཞི་ཁུལ་གྱི་ལུས་རྩལ་སློབ་གླིང་བྱང་ཁུལ་དུ་ཁུལ་ཆུང་
རྙིང་པ་གཅིག་སྡུད་བྱས་ཡོད་ཅིང་། མང་ཆེ་བའི་དྲོད་ལེན་བྱེད་ཐབས་ནི་ཕྲེང་བརྒྱུས་དྲོད་འདོན་གྱི་བྱ་ཐབས་རྙིང་པ་ཡིན། དེས་ན་ཡུལ་མིའི་ཁྱིམ་ལ་གནམ་གཤིས་དྲོད་ཚད་ཆག་པའི་ཤུགས་རྐྱེན་མི་ཐེབས་པ་བྱ་ཆེད། དྲོད་རླངས་མཁོ་འདོན་སྡེ་ཚན་གྱིས་སྔོན་ཚུད་ནས་དྲོད་རླངས་མཁོ་འདོན་མ་ལག་གི་དྲོད་ཚད་འཕར་བ་བྱེད་ཀྱི་ཡོད། ལུས་རྩལ་སློབ་གླིང་བྱང་ཁུལ་གྱི་དྲོད་མཁོ་འདོན་ས་ཚིགས་ཀྱི་འགན་ཁུར་བ་ལིའུ་ཡུས་ཁུན་གྱིས།ང་ཚོས་ཀྱང་སྔ་སྣུར་དུ་དྲོད་རླངས་གྲ་སྒྲིག་ཡག་པོ་བྱས་པས་དྲོད་ཚད་མཐོ་ཤོས་སུ་སླེབས་ཡོད་ཅེས་བཤད་འདུག དྲོད་ཐབ་ཀྱི་དྲོད་ཚད་ཇེ་མཐོར་བཏང་བས་ཆུ་ཐོན་པའི་སྐབས་ཀྱི་དྲོད་ཚད་ཏུའུ་༡༠བར་འཕར་ཡོད་ཅེས་བཤད་འདུག

ཧྲན་ཞི་ཡིས་རྡོ་སོལ་ཐོན་སྐྱེད་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱས་ནས་གྲང་འཁྱག་གནམ་གཤིས་འོག་ནུས་རྒྱུ་མཁོ་སྤྲོད་འགན་ལེན་བྱེད་བཞིན་ཡོད།ཅིད་ནེང་མ་རྐང་ཚོད་འཛིན་ཚོགས་པའི་ཅང་ཅ་དབན་རྡོ་སོལ་གཏེར་ཁ་ཕྱོགས་བསྡུས་ཉོ་སྒྲུབ་རུ་ཁག་དང་པོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཝང་ཞའོ་ཏུང་གིས་ཐོན་སྐྱེད་རྩ་འཛུགས་ལེགས་སུ་གཏོང་བ་དང་སྒྲིག་ཆས་ལ་ཞིབ་བཤེར་བཟོ་བཅོས་བྱེད་ཤུགས་ཆེ་རུ་བཏང་ནས་བདེ་འཇགས་ཀྱི་སྔོན་འགྲོའི་ཆ་རྐྱེན་འོག་སྤུས་འབོར་གཉིས་ལྡན་ངང་མཁོ་སྤྲོད་འགན་ལེན་གྱི་ལས་འགན་ལེགས་སྒྲུབ་བྱེད་བཞིན་ཡོད་ཅེས་བཤད་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

གྲང་ངར་ཆེ་བའི་དུས་སུ་རང་རྒྱལ་གྱི་དབུས་ཤར་རྒྱུད་ཀྱི་ས་གནས་ཁག་གིས་དམངས་འཚོའི་འགན་ལེན་དང་ཁྲོམ་རའི་མཁོ་སྤྲོད་འགན་ལེན་ལས་དོན་ཡག་པོ་སྒྲུབ་བཞིན་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། གནམ་གཤིས་གྲང་མོའི་ཤུགས་རྐྱེན་ཕོག་པར་བརྟེན་ཚེས་29ཉིན་གྱི་ཆུ་ཚོད་20ནས་ཟླ་12ཚེས་1ཉིན་གྱི་ཆུ་ཚོད་8པ་བར་ཅི་ལིན་ཤར་རྒྱུད་དང་།ཅང་ཤིས་དབུས་ལྷོ་རྒྱུད།ཧུའུ་ནན་ལྷོ་རྒྱུད།ཧྥ