ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ད་ལོའི་ཟླ་དང་པོ་ནས་བཅུ་པའི་བར་རང་རྒྱལ་གྱི་ཟོག་འགྲེམས་འཁོར་སྐྱོད་སླར་གསོའི་རྣམ་པ་རྒྱུན་འཁྱོངས་ཐུབ་པ།

2022-11-30 19:24:00     责编:桑吉卓玛

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གོ་ཟོག་འགྲེམས་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྤྱི་ཚེས་29ཉིན་ཁྱབ་བསྒྲགས་བྱས་པའི་ད་ལོའི་ཟླ་དང་པོ་ནས་བཅུ་པའི་བར་གྱི་ཟོག་འགྲེམས་འཁོར་སྐྱོད་གྲངས་གཞི་ལས་མངོན་པར། རང་རྒྱལ་གྱི་ཟོག་འགྲེམས་དགོས་མཁོ་རིམ་བཞིན་སླར་གསོ་ཐུབ་ཡོད་པ་དང་། ཤར་བགྲོད་འགན་ལེན་གྱི་སྲིད་ཇུས་ཀྱི་ཕན་འབྲས་རྒྱུན་ཆད་མེད་པར་ཐོན་ཏེ། ཟོག་འགྲེམས་ཀྱིས་དཔལ་འབྱོར་ལ་འདེགས་སྐྱོར་གྱི་ནུས་པ་མངོན་གསལ་དོད་པོ་ཐོན་ཡོད་པ་རེད།

ད་ལོའི་ཟླ་དང་པོ་ནས་བཅུ་པའི་བར། རྒྱལ་ཡོངས་ཀྱི་སྤྱི་ཚོགས་ཟོག་འགྲེམས་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་275.4ཟིན་པ་དེ་དུས་མཚུངས་ལས་3.6%འཕར་ཡོད་པ་དང་། འཕར་ཚད་ཟླ་དང་པོ་ནས་དགུ་པའི་བར་ལས་བརྒྱ་ཆའི་གནས་0.1མགྱོགས་པ་ཡོད་པ་རེད། ཕྱོགས་བསྡུས་ཐོག་ནས་བལྟས་ཚེ། དུས་ཚིགས་གསུམ་པ་ནས་བཟུང་ཟོག་འགྲེམས་དགོས་མཁོ་རིམ་བཞིན་སླར་གསོ་ཐུབ་ནས་ལྡེམ་ཤུགས་བཟང་པོ་མངོན་ཡོད་པ་རེད། ཀྲུང་གོའི་ཟོག་འགྲེམས་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཚའེ་ཅིན་གྱིས། ཟླ་དང་པོ་ནས་བཅུ་པའི་བར་གྱི་ཟོག་འགྲེམས་འཁོར་སྐྱོད་བརྟན་པོ་བྱུང་ཡོད་པ་དང་ཟོག་འགྲེམས་བསྡོམས་འབོར་བསྐྱར་འཕར་བྱུང་ཡོད། དེའི་ཐོག་ནས་ཕྱོགས་གཅིག་ནས་སྤྱི་ཡོངས་ནས་ཟོག་འགྲེམས་ཀྱི་མཁོ་སྤྲོད་ནུས་པ་སྔར་བས་ཆེ་རུ་ཕྱིན་པ་གསལ་བཤད་ཐུབ་པ་དང་། ཕྱོགས་གཞན་ཞིག་ནས་བལྟས་ན། རྒྱལ་དམངས་དཔལ་འབྱོར་ཧྲིལ་པོ་སླར་གསོ་དང་འཕར་རྒྱུར་འདེགས་སྐྱོར་གྱི་ནུས་པ་ཧ་ཅང་ཡག་པོ་ཐོན་ཡོད་ཅེས་བརྗོད་ན་འགྲིག་ཅེས་བཤད་ཡོད།

ཟོག་འགྲེམས་བརྟན་པོའི་ངང་འཁོར་སྐྱོད་བྱས་པ་དེས་བཟོ་ལས་དཔལ་འབྱོར་རྒྱུན་མཐུད་སླར་གསོ་ཡོང་རྒྱུར་འདེགས་སྐྱོར་ཐུབ་ཡོད། ཞིབ་ཕྲའི་ཐོག་ནས་བལྟས་ན། སྤྱི་ཟླ་10པར་རིམ་སྤོར་རིགས་ཀྱི་ཐོན་ལས་ལ་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མངོན་པ་དང་། བཟོ་ལས་ཟོག་འགྲེམས་ཀྱི་གྲུབ་ཆ་ལེགས་སྒྲིག་ལ་དུས་གཅིག་ཏུ་སྐུལ་འདེད་ཐེབས་པ། ཁྱབ་ཁོངས་མང་པོར་དགེ་མཚན་ལྡན་པའི་འགྱུར་ལྡོག་འགྲོ་བ། སྒུལ་ནུས་གསར་པའི་ཁྱབ་ཁོངས་ཀྱིས་བཟོ་ལས་ཟོག་འགྲེམས་རྒྱུན་མཐུད་ངང་སླར་གསོ་ཡོང་རྒྱུར་ཁྲིད་སྟོན་ཐུབ་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

ད་ལོའི་ཟླ་དང་པོ་ནས་བཅུ་པའི་བར་རང་རྒྱལ་གྱི་ཟོག་འགྲེམས་འཁོར་སྐྱོད་སླར་གསོའི་རྣམ་པ་རྒྱུན་འཁྱོངས་ཐུབ་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གོ་ཟོག་འགྲེམས་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྤྱི་ཚེས་29ཉིན་ཁྱབ་བསྒྲགས་བྱས་པའི་ད་ལོའི་ཟླ་དང་པོ་ནས་བཅུ་པའི་བར་གྱི་ཟོག་འགྲེམས་འཁོར་སྐྱོད་གྲངས་གཞི་ལས་མངོན་པ