ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྲུང་ར་བརྟན་པོ་འཛུགས་པ།

2022-11-29 16:06:00     责编:桑吉卓玛

ཏོག་གསར་གློ་ཚད་རིམས་ནད་ནི་ཚོད་གམས་ཆེན་པོ་ཞིག་ཡིན། རང་རྒྱལ་གྱིས་བློ་བརྟན་འགྱུར་མེད་ངང་མི་དམངས་རྩ་བའི་རྩེ་ལ་འཇོག་པ་དང་། ཚེ་སྲོག་གོང་མའི་གོང་དུ་བཀུར་བ་དང་། བློ་བརྟན་འགྱུར་མེད་ངང་ཕྱི་ནད་ནང་འཛུལ་ལ་བཀག་འགོག་དང་། ནང་ནད་བསྐྱར་ལོག་ལ་བཀག་འགོག་བྱེད་པའི་སྤྱིའི་འཐབ་ཇུས་དོན་འཁྱོལ་བྱས་ཡོད་ལ། བློ་བརྟན་འགྱུར་མེད་ངང་སྒུལ་རྣམ་གཙང་སེལ་གྱི་སྤྱིའི་བྱེད་ཕྱོགས་ལག་བསྟར་བྱས་ཡོད་པ་མ་ཟད། དུས་ཚོད་དང་དུས་བབས་དང་བསྟུན་ནས་སྔོན་འགོག་ཚོད་འཛིན་བྱ་ཐབས་ལེགས་སྒྲིག་ཟམ་མི་ཆད་པ་བྱས་ཡོད་པས། ཚད་གཞི་མཐོ་ཤོས་ཀྱི་ཐོག་ནས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་སྲུང་སྐྱོབ་བྱས་ཡོད།

རང་རྒྱལ་གྱི་རིམས་འགོག་སྲིད་ཇུས་ནི་ཏང་ཀྲུང་དབྱང་གིས་ཏང་གི་ངོ་བོ་དང་དམིགས་འབེན་ལ་གཞིགས་པ་དང་། རང་རྒྱལ་གྱི་རྒྱལ་ཚུལ་ལ་གཞིགས་ནས་གཏན་འཁེལ་བྱས་པ་ཞིག་ཡིན། རང་རྒྱལ་གྱི་རིམས་འགོག་བྱ་ཐབས་ནི་ལག་ལེན་ཐོག་ནས་ཞིབ་དཔྱད་བྱས་ཡོད་ཅིང་། དེ་ནི་ཚན་རིག་དང་མཐུན་པ་དང་། ནུས་ཡོད་ཡིན་པས། ངེས་པར་དུ་གཡོ་འགུལ་སྤུ་ཙམ་མེད་པར་རྒྱུན་འཁྱོངས་བྱེད་དགོས། མིག་སྔར། རིམས་ནད་རྒྱ་ཁྱབ་ཏུ་འགྲོ་ཚད་མགྱོགས་སུ་ཕྱིན་པ་དང་། སྔོན་འགོག་ཚོད་འཛིན་གྱི་དཀའ་གནད་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད། རིམས་འགོག་འཐབ་རྩོད་ཀྱི་རྙོག་འཛིང་རང་བཞིན་དང་དཀའ་ཚེགས་རང་བཞིན། བསྐྱར་ལོག་རང་བཞིན་བཅས་ཀྱི་མདུན་དུ། ང་ཚོས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་ཐོག་གཅིག་སྒྱུར་བྱེད་པ་དང་། སྔོན་འགོག་ཚོད་འཛིན་ཇུས་གཞི་དགུ་པ་རྒྱུན་འཁྱོངས་བྱེད་པ། ལེགས་སྒྲིག་བྱ་ཐབས་དོན་ཚན་ཉི་ཤུ་དོན་འཁྱོལ་བྱེད་པ་དང་ཕན་འབྲས་ཐོན་པ་བཅས་བྱེད་དགོས། གནས་བབ་ཇི་ཙམ་ཛ་དྲག་ན་དེ་ཙམ་གྱིས་སེམས་ཤུགས་བརྟན་དུ་གཏོང་བ་དང་། སེམས་ནུས་གཅིག་ཏུ་སྒྲིལ་དགོས། ཚང་མས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་སེམས་ནུས་གཅིག་ཏུ་སྒྲིལ་ནས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྲུང་ར་བརྟན་པོ་སྐྲུན་ཚེ། ང་ཚོར་མཐའ་མཇུག་རྒྱལ་ཁ་ཐོབ་ངེས་ཡིན།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྲུང་ར་བརྟན་པོ་འཛུགས་པ།

ཏོག་གསར་གློ་ཚད་རིམས་ནད་ནི་ཚོད་གམས་ཆེན་པོ་ཞིག་ཡིན། རང་རྒྱལ་གྱིས་བློ་བརྟན་འགྱུར་མེད་ངང་མི་དམངས་རྩ་བའི་རྩེ་ལ་འཇོག་པ་དང་། ཚེ་སྲོག་གོང་མའི་གོང་དུ་བཀུར་བ་དང་། བློ་བརྟན་འགྱུར་མེད་ངང་ཕྱི་ནད་ནང་འཛུལ་ལ་