ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

རིམས་ནད་སྔོན་འགོག་ཚོད་འཛིན་ལེགས་སྒྲིག་བྱ་ཐབས་ཆད་ལུས་མེད་པར་དོན་འཁྱོལ་བྱས་ཏེ། ཞབས་ཞུར་ཤུགས་སྣོན་བརྒྱབ་ནས་མང་ཚོགས་ཀྱི་དགོས་མཁོ་སྐོང་ཡོད།

2022-11-29 16:06:00     责编:桑吉卓玛

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཉིན་ཤས་བསྟུད་མར་ས་གནས་ཁག་གིས་སྔོན་འགོག་ཚོད་འཛིན་ཇུས་གཞི་དགུ་པ་དང་བྱ་ཐབས་དོན་ཚན་ཉི་ཤུ་གཡོ་འགུལ་མེད་པ་དང་། རྣམ་པ་མི་འགྱུར་བ་རྒྱུན་འཁྱོངས་བྱས་པ་དང་། བྱ་ཐབས་ཁག་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་བཏང་བ་དང་། འཚོ་བའི་མཁོ་རྫས་འགན་ལེན་ལས་དོན་གྱི་ཆེད་ལས་ཚོགས་ཆུང་བཙུགས་པ། བཀག་འགོག་ལོགས་དབྱེ་བྱས་པའི་མི་སྣར་ཞབས་ཞུ་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་བ། གྲོང་མིས་སྨན་པ་བསྟེན་པ་དང་། སྨན་རྫས་དང་འཚོ་བའི་དངོས་ཟོག་ཀྱི་དགོས་མཁོ་འགན་ལེན་བྱས་ཡོད།

ནད་ཡམས་དང་འབྲེལ་བ་ཡོད་པའི་སྡེ་ཁུལ་གྱི་འཚོ་བའི་མཁོ་རྫས་ཀྱི་མཁོ་སྤྲོད་འབྲེལ་ཐག་གི་བདེ་འཇགས་ལ་འགན་ལེན་བྱ་ཆེད། པེ་ཅིང་གྲོང་ཁྱེར་ཏ་ཤིང་ཆུས་ཀྱིས་ཐད་གཏོང་རླངས་འཁོར་རུ་ཁག་སྒྲིག་འཛུགས་བྱས་ནས། ཚོང་རྭ་ནས་ཐད་ཀར་དངོས་ཟོག་ལེན་པ་དང་ས་ཚིགས་ནས་ས་ཚིགས་བར་སྡེ་ཁུལ་དུ་དབོར་གྱི་ཡོད་པ་རེད།

པེ་ཅིང་གྲོང་ཁྱེར་ཏ་ཤིང་ཆུས་དབྱིང་ཧའེ་ཁྱིམ་གཞིས་སུ་གནས་པའི་སྡེ་ཁུལ་17པའི་ནང་མིག་སྔར་དུད་ཚང་1128ཡོད་པ་དང་། སྡེ་ཁུལ་གྱི་སྡེ་ཚན་གཅིག་སྒོ་བཀག་དོ་དམ་བྱེད་བཞིན་ཡོད་པ་རེད། སྤྱི་ཟླ་11ཚེས་28ཉིན་གྱི་ཞོགས་པ་སྔ་པོ་ནས་སྔོ་ཚལ་མཁོ་སྤྲོད་འགན་ལེན་གྱི་ཐད་གཏོང་རླངས་འཁོར་ཞིག་དུས་ཐོག་ཏུ་འབྱོར་བ་དང་། པད་ཚལ་སོགས་ཤིང་འབྲས་དང་སྔོ་ཚལ་སྣ་ཚོགས་ཀྱི་རིན་གོང་གསལ་པོ་བཀོད་ཡོད།

ཁྲུང་ཆིང་ནི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགག་རྩའི་དུས་མཚམས་སུ་གནས་པ་དང་རྒྱུན་གཏན་གྱི་འཚོ་བའི་དངོས་ཟོག་མཁོ་སྤྲོད་འགན་ལེན་བྱེད་པར་ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་མྱུར་སྐྱེལ་བར་་བརྟེན་དགོས་ཀྱི་ཡོད། ཉིན་ལྟར་ཁྲོམ་གཞུང་ཆེ་ཆུང་གང་སར་སྐྱོད་མཁན་མྱུར་སྐྱེལ་བ་ཚོར་ཞབས་ཞུ་ཡག་པོ་སྒྲུབ་ཆེད། ཁྲུང་ཆིང་ཅང་པེ་ཆུས་ཀྱིས་དོ་དམ་བྱེད་ཁུལ་ནང་གི་ངལ་རྩོལ་པའི་ས་ཚིགས་དང་ཕྱི་རོལ་ངལ་རྩོལ་པའི་ཞབས་ཞུའི་ས་ཚིགས་36ཚང་མ་རིན་མི་དགོས་པར་མྱུར་སྐྱེལ་བར་སྒོ་དབྱེ་ཡོད་པས། ཁོང་ཚོ་དཀའ་ལས་ཁག་རྗེས་ངལ་གསོ་ཐུབ་པ་དང་། ཁ་སྐོམ་ཚེ་ཆུ་འཐུང་ཐུབ་པ། ལག་ཐོགས་ཁ་པར་ལ་གློག་གསོག་ཐུབ་པ། ལྟོ་ཆས་ཚ་པོ་བཟོ་ཐུབ་པ་བཅས་བྱུང་ཡོད་པ་རེད།

སྒོ་བཀག་ལོགས་དབྱེ་བྱས་པའི་མི་སྣས་དུས་ཐོག་ཏུ་སྨན་པ་བསྟན་ཐུབ་པར་འགན་ལེན་བྱ་ཆེད། ཧེ་ལུང་ཅང་ཧའར་པིན་གྲོང་ཁྱེར་དུ་ཆེད་མངགས་གནས་གཏན་འཁེལ་གྱི་སྨན་ཁང་དང་ཚ་བ་རྒྱས་པའི་སྒོ་བསྟེན་སྨན་ཁང་བཙུགས་ནས་འབྲེལ་ཡོད་ནད་པར་སྨན་བཅོས་བྱེད་ཀྱི་ཡོད་པ་རེད། ཉེ་ལམ། ལོགས་སུ་བཞག་ནས་སྨན་བཅོས་བྱེད་བཞིན་པའི་ཏོག་གསར་ནད་དུག་འགོས་པའི་སྦྲུམ་མ་ཞིག་ལ་སྔ་བཙས་ནད་རྟགས་ཐོན་པ་དང་། ཧའར་པིན་གྲོང་ཁྱེར་རིམས་ནད་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུས་ཛ་དྲག་ངང་བཀོད་གཏོང་བྱས་པ་དང་། སྨན་བཅོས་སྡེ་ཚན་དང་འགྲིམ་འགྲུལ་ཉེན་རྟོག་གིས་མཉམ་འགུལ་བྱས་ནས། སྦྲུམ་མ་དེ་དུས་ཐོག་ཏུ་ཕྲུ་གུ་སྐྱེ་སའི་གནས་གཏན་འཁེལ་གྱི་སྨན་ཁང་ཧའར་པིན་གསོ་རིག་སློབ་ཆེན་ཞོར་གཏོགས་སྨན་ཁང་བཞི་པའི་སུང་པེ་སྨན་ཁང་དུ་བསྐྱལ་བ་དང་། སྦྲུམ་མར་གཤགས་བཅོས་བྱས་པ་བརྒྱུད་བུ་ཞིག་བདེ་བླག་ངང་སྐྱེས་ཡོད་པ་རེད། མིག་སྔར། མ་བུའི་ཉིང་སྐྱུར་བརྟག་དཔྱད་མཇུག་འབྲས་སྲིབ་གཤིས་ཡིན་ཞིང་། དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་དོན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

རིམས་ནད་སྔོན་འགོག་ཚོད་འཛིན་ལེགས་སྒྲིག་བྱ་ཐབས་ཆད་ལུས་མེད་པར་དོན་འཁྱོལ་བྱས་ཏེ། ཞབས་ཞུར་ཤུགས་སྣོན་བརྒྱབ་ནས་མང་ཚོགས་ཀྱི་དགོས་མཁོ་སྐོང་ཡོད།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཉིན་ཤས་བསྟུད་མར་ས་གནས་ཁག་གིས་སྔོན་འགོག་ཚོད་འཛིན་ཇུས་གཞི་དགུ་པ་དང་བྱ་ཐབས་དོན་ཚན་ཉི་ཤུ་གཡོ་འགུལ་མེད་པ་དང་། རྣམ་པ་མི་འགྱུར་བ་རྒྱུན་འཁྱོངས་བྱས་པ་དང་། བྱ་ཐབས་ཁག་དོན་འཁྱོལ་བྱས་ནས་ཕན་འབྲས་ཐ