ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ལྷ་གྲུ་ཨང་བཅོ་ལྔ་པ་རྟགས་ཅན་གྱི་མི་བཞུགས་འཕུར་གྲུ་འཕེན་གཏོང་བྱེད་པའི་དུས་ཚོད་གཏན་འཁེལ་བ་དང་། འཇིག་རྟེན་འཕུར་སྐྱོད་པའི་ཚོགས་ཆུང་ཕྱི་ཕྱོགས་དང་ངོ་འཕྲད་བྱས་པ།

2022-11-29 15:52:00     责编:桑吉卓玛

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཟླ་11ཚེས་28ཉིན་ལྷ་གྲུ་ཨང་བཅོ་ལྔ་པ་རྟགས་ཅན་གྱི་མི་བཞུགས་འཕུར་སྐྱོད་ལས་འགན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་འཚོགས་པ་དང་། ལྷ་གྲུ་ཨང་བཅོ་ལྔ་པ་རྟགས་ཅན་གྱི་མི་བཞུགས་འཕུར་གྲུ་ཚེས་29ཉིན་འཕེན་གཏོང་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།

ལྷ་གྲུ་ཨང་བཅོ་ལྔ་པའི་སྒྱུར་བཀོད་ཚོགས་ཆུང་གི་འཇིག་རྟེན་འཕུར་སྐྱོད་པ་གསུམ་ཕྱི་ཕྱོགས་དང་ངོ་འཕྲད་བྱས་ཡོད་པ་རེད།
ཡོངས་བསྒྲགས་ཚོགས་འདུའི་ཐོག ཀྲུང་གོའི་མི་བཞུགས་འཇིག་རྟེན་འཕུར་སྐྱོད་ལས་གྲྭའི་གཞུང་ལས་ཁང་གི་ཀྲུའུ་རེན་ལས་རོགས་ཅི་ཆི་མིང་གིས། ལྷ་གྲུ་ཨང་བཅོ་ལྔ་པ་རྟགས་ཅན་གྱི་མི་བཞུགས་འཕུར་སྐྱོད་ལས་འགན་གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་བ་རེད།

ལྷ་གྲུ་ཨང་བཅོ་ལྔ་པའི་འཕུར་སྐྱོད་རུ་ཁག་ནི་འཇིག་རྟེན་འཕུར་སྐྱོད་པ་ཧྥེ་ཅུན་ལུང་དང་། ཏེང་ཆིང་མིང་། ཀྲང་ལུའུ་བཅས་ལས་གྲུབ་པ་དང་། ཧྥེ་ཅུན་ལུང་གིས་བཀའ་བཀོད་པའི་འགན་འཁུར་རྒྱུ་ཡིན་ཞིང་། ཁོང་དེ་སྔ་ལྷ་གྲུ་ཨང་དྲུག་པ་རྟགས་ཅན་གྱི་མི་བཞུགས་འཕུར་སྐྱོད་ལས་འགན་ནང་ཞུགས་མྱོང་ཡོད། ཏེང་ཆིང་མིང་དང་ཀྲང་ལུའུ་གཉིས་འཕུར་སྐྱོད་ཀྱི་ལས་འགན་སྒྲུབ་ཐེངས་དང་པོ་ཡིན་པ་རེད།

མིག་སྔར་འཁོར་ལམ་ཐོག་འཁོར་སྐྱོད་བྱེད་པའི་བར་སྣང་ས་ཚིགས་ཀྱི་སྡེབ་སྒྲིག་གཟུགས་རྣམ་དང་སྒྲིག་ཆས་ཁག་གི་ལས་དོན་རྒྱུན་གཏན་ལྟར་ཡིན་པས་སྣོལ་འདུ་སྦྲེལ་མཐུད་ཀྱི་ཆ་རྐྱེན་འཛོམས་པ་དང་། ས་ངོས་མ་ལག་འཕེན་གཏོང་མ་བྱས་གོང་གི་གྲ་སྒྲིག་ལས་དོན་ཁག་གཞི་རྩའི་ཆ་ནས་ལེགས་གྲུབ་ཟིན་ཡོད། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་ལྷ་གྲུ་བཅོ་ལྔ་པ་རྟགས་ཅན་གྱི་མི་བཞུགས་འཕུར་སྐྱོད་ལས་འགན་སྒྲུབ་ཚུལ་ཐད་གཏོང་བྱ་རྒྱུ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

ལྷ་གྲུ་ཨང་བཅོ་ལྔ་པ་རྟགས་ཅན་གྱི་མི་བཞུགས་འཕུར་གྲུ་འཕེན་གཏོང་བྱེད་པའི་དུས་ཚོད་གཏན་འཁེལ་བ་དང་། འཇིག་རྟེན་འཕུར་སྐྱོད་པའི་ཚོགས་ཆུང་ཕྱི་ཕྱོགས་དང་ངོ་འཕྲད་བྱས་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཟླ་11ཚེས་28ཉིན་ལྷ་གྲུ་ཨང་བཅོ་ལྔ་པ་རྟགས་ཅན་གྱི་མི་བཞུགས་འཕུར་སྐྱོད་ལས་འགན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཅིའུ་ཆོན་སྲུང་སྐར་འཕ