ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ཚན་རིག་དང་མཐུན་ཞིང་གནད་ལ་འཁེལ་བའི་སྒོ་ནས་སྔོན་འགོག་ཚོད་འཛིན་ནུས་ལྡན་བྱེད་དགོས།

2022-11-29 15:51:00     责编:桑吉卓玛

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གོ་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ནད་དུག་སྔོན་འགོག་ཚོད་འཛིན་ཁང་གི་འགོ་འཛིན་ཞུས་ཝུན་པོས་རེས་སྐོར་འདིའི་ནད་དུག་ཨའོ་སྨི་ཁེ་རུང་རྒྱུད་ཁོངས་དུག་སྡོང་འགོས་ཁྱབ་འགྲོ་བའི་ཁྱད་ཆོས་ལ་དམིགས་པ་དང་ཚན་རིག་དང་མཐུན་པའི་ངང་སྔོན་འགོག་ཚོད་འཛིན་བྱེད་པའི་ཐད་སྤྱི་ཁྱབ་ལས་ཁུངས་ཀྱི་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་གནང་བ་རེད།

ཞུས་ཝུན་པོ་ཡིས། པར་གཞི་དགུ་པའི་སྔོན་འགོག་དང་ཚོད་འཛིན་གྱི་ཇུས་གཞི་དང་སྔོན་འགོག་དང་ཚོད་འཛིན་གྱི་ལེགས་གཏོང་བྱ་ཐབས་ཉི་ཤུ་བཅས་ཀྱིས་ནང་། གཙོ་གནད་སྒྲིག་གཞི་དང་གཙོ་གནད་མི་ཚོགས་ལ་སྲུང་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། རྒན་རྒོན་དང་། རྨང་གཞིའི་རང་བཞིན་གྱི་ནད་གཞི་ཡོད་མཁན། སྦྲུམ་མ། ཁྲག་སིམ་དབྱེའི་ནད་པ་བཅས་ལ་བདེ་འཇགས་འགན་ལེན་གྱི་ཇུས་གཞི་བཟོས་ཏེ་རྒན་གསོ་ཁང་སོགས་ཉམས་ཞན་མི་ཚོགས་གཅིག་སྡུད་བྱ་ཡུལ་ལ་དོ་དམ་བྱེད་སྟངས་ལེགས་སུ་གཏོང་དགོས་པ་དང་། ལྷག་པར་དུ་རྒན་རྒོན་མི་ཚོགས་ལ་རིམས་འགོག་སྨན་ཁབ་རྒྱག་པའི་ཁྱབ་ཚད་ཆེ་རུ་གཏོང་དགོས་ཞེས་བསྟན་ཡོད་ཅེས་གསུངས་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

ཚན་རིག་དང་མཐུན་ཞིང་གནད་ལ་འཁེལ་བའི་སྒོ་ནས་སྔོན་འགོག་ཚོད་འཛིན་ནུས་ལྡན་བྱེད་དགོས།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གོ་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ནད་དུག་སྔོན་འགོག་ཚོད་འཛིན་ཁང་གི་འགོ་འཛིན་ཞུས་ཝུན་པོས་རེས་སྐོར་འདིའི་ནད་དུག་ཨའོ་སྨི་ཁེ་རུང་རྒྱུད་ཁོངས་དུག་སྡོང་འགོས་ཁྱབ་འགྲོ་བའི་ཁྱད་ཆོས་ལ་དམིགས་པ་དང་ཚན་རིག་དང་མཐུན་པའི་