ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ས་གནས་ཁག་དང་སྡེ་ཚན་ཁག་གིས་དགུན་དུས་ཀྱི་ནུས་རྒྱུའི་མཁོ་སྤྲོད་འགན་ལེན་ཡག་པོ་བྱས་ནས་རྡོ་སོལ་དང་གློག་ཤུགས་མཁོ་འདོན་འགན་ལེན་བྱས་པ།

2022-11-24 11:31:00     责编:桑吉卓玛
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ས་གནས་ཁག་དང་སྡེ་ཚན་ཁག་གིས་བྱེད་ཐབས་ནུས་ལྡན་སྤྱད་དེ་དགུན་དུས་ཀྱི་ནུས་རྒྱུ་མཁོ་སྤྲོད་འགན་ལེན་ཡག་པོ་བྱས་ཏེ། རྡོ་སོལ་དང་གློག་ཤུགས་མཁོ་སྤྲོད་འགན་ལེན་གྱིས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་སྲུང་སྐྱོང་བྱས་ཡོད། 
ནང་སོག་ཨེར་ཏུའོ་སི་གྲོང་ཁྱེར་གྱི་རྡོ་སོལ་འཁྲུ་སའི་ཟོག་འགྲེམས་བགྲོད་ལམ་དུ་རྡོ་སོལ་དབོར་བར་ཡོང་མཁན་རླངས་འཁོར་གོ་རིམ་ལྡན་པའི་ངང་སྒུག་བཞིན་ཡོད་པ་རེད། ཁེ་ལས་ཀྱི་འགན་འཁུར་བ་ཧའོ་ཧྲེང་ལུང་གིས། ང་ཚོའི་རྡོ་སོལ་འཁྲུ་མཁན་དག་གིས་ལས་ཀ་ཧུར་ཐག་བྱེད་བཞིན་ཡོད་དེ། མཁོ་སྤྲོད་འགན་ལེན་གྱི་ལས་འགན་ལེགས་སྒྲུབ་ཐུབ་པའི་བརྩོན་ལེན་བྱ་རྒྱུ་མ་ཟད། ཚད་བརྒལ་ངང་ལེགས་སྒྲུབ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད། 
ནང་སོག་གིས་རྡོ་སོལ་ཐོན་འཕར་མཁོ་སྤྲོད་འགན་ལེན་གྱི་བྱེད་ཐབས་ཁག་དོན་འཁྱོལ་བྱས་ནས་རྡོ་སོལ་ཐོན་ཚད་མང་དུ་ཧུར་ཐག་བཏང་ཡོད། དེ་དང་ཆབས་ཅིག་ནུས་རྒྱུ་གསར་པ་གཞི་ཁྱོན་ཆེན་པོས་གསར་སྤེལ་དང་བསྡུར་ཚད་མཐོ་པོས་བེད་སྤྱོད་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། རླུང་གློག་དང་འོད་ཧྥུ་ཆིན་གསོག་གི་འབྲེལ་ཐག་ཡོངས་ཀྱི་ཁྱབ་ཚུལ་ལ་སྤྱི་འདོམས་བྱས་ཡོད། ནང་སོག་རང་སྐྱོང་ལྗོངས་བསྡོམས་རྩིས་ཅུས་ནུས་རྒྱུ་བསྡོམས་རྩིས་ཁྲུའི་ཁྲུའུ་ཀྲང་ཝང་ཞའོ་ཡན་གྱིས། རྡོ་སོལ་ཐོན་ཁུལ་གཙོ་བོ་ཨེར་ཏུའོ་སི་གྲོང་ཁྱེར་དང་། ཞི་ལིན་ཀུའོ་ལེ་མོང་། ཧུའུ་ལུན་པེའར་གྲོང་ཁྱེར་བཅས་ཀྱི་མ་བཅོས་རྡོ་སོལ་ཐོན་ཚད་གྲངས་གནས་གཉིས་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད་པ་དང་། རླུང་ཤུགས་གློག་གཏོང་ཚུལ་ཧ་ཅང་ཡག་པོ་ཡོད་པ་དང་གློག་གཏོང་གི་གྲུབ་གཞི་དེ་རླུང་གློག་དང་འོད་ཧྥུ་སོགས་དྭངས་གཙང་གློག་ཤུགས་ཕྱོགས་སུ་འགྱུར་ལྡོག་ཕྱིན་ཡོད་ཅེས་བཤད་པ་རེད། 
མིག་སྔར།རང་རྒྱལ་གྱི“ནུབ་ཀྱི་རྡོ་སོལ་ཤར་དུ་དབོར་བའི”བགྲོད་ལམ་གལ་ཆེན་ཏེ། ཏ་ཆིན་ལྕགས་ལམ་གྱིས་ཉིན་རེར་རྡོ་སོལ་ཏུན་ཁྲི་100ལྷག་ཙམ་དབོར་གྱི་ཡོད། གློག་སོལ་མཁོ་སྤྲོད་འགན་ལེན་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་ཕྱིན་ཏེ་ནུས་རྒྱུའི་བདེ་འཇགས་དང་། ཐོན་སྐྱེད་འབྲེལ་ཐག་དང་མཁོ་སྤྲོད་འབྲེལ་ཐག་བརྟན་པོ་ཡོང་རྒྱུར་འདེགས་སྐྱོར་ནུས་ལྡན་བྱས་ཡོད། ཀྲུང་གོ་ལྕགས་ལམ་ཐའེ་ཡོན་ཅུས་ཚོགས་པ་ཚད་ཡོད་ཀུང་སིའི་ཏ་ཆིན་འཁོར་མཚམས་བཀོད་གཏོང་འཁོར་ཁང་གི་བཀོད་གཏོང་པ་ཀྲང་ཅན་གོས། ཏ་ཆིན་ལྕགས་ལམ་གྱིས་ཁ་གཏད་མཁོ་སྤྲོད་བྱས་པའི་ཆིན་ཧོང་ཏའོ་གྲུ་ཁ་དང་། ཐང་ཧྲན་གྲུ་ཁ། ཚའོ་ཧྥེ་ཏན་གྲུ་ཁ་བཅས་ཀྱི་རྡོ་སོལ་ཏུན་ཁྲི་1700ཡན་རྒྱུན་འཁྱོངས་ཐུབ་ནས་མི་དམངས་མང་ཚོགས་ཀྱི་དྲོད་ལེན་གློག་འདོན་ཐད་སྤྱོད་པའི་རྡོ་སོལ་གྱི་དགོས་མཁོ་འགན་ལེན་བྱ་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད་ཅེས་བཤད་པ་རེད། 
དྲོད་ཚད་དམའ་བའི་རྐྱེན་གྱིས་ཧེ་ལུང་ཅང་ཞིང་ཆེན་གྱི་རྡོ་སོལ་སྤྱོད་པའི་དགོས་མཁོ་ཆེ་རུ་ཕྱིན་ཡོད། ལྕགས་ལམ་སྡེ་ཚན་གྱིས་མ་ལམ་དང་། ཡན་ལག་ལམ་བུ་གལ་ཆེན། བབས་ཚུགས་བཅས་ཀྱི་སྐྱེལ་འདྲེན་འབྲེལ་མཐུད་ཡག་པོ་ཡོང་བ་བྱེད་པ་དང་། རྡོ་སོལ་ཐོན་ཁུལ་གཙོ་བོའི་སྐྱེལ་འདྲེན་བྱེད་ཤུགས་ལ་བཀོད་གཏོང་བྱེད་ཤུགས་ཆེ་རུ་བཏང་སྟེ། གློག་དང་རྡོ་སོལ་སྐྱེལ་འདྲེན་སྔོན་ལ་འགན་སྲུང་བྱས་ཡོད། ཀྲུང་གོ་ལྕགས་ལམ་ཧའར་པིན་ཅུས་ཚོགས་པ་ཚད་ཡོད་ཀུང་སིའི་ཟོག་འདྲེན་ཚོང་གཉེར་ལྟེ་གནས་ཁྲོམ་ར་གཉེར་སྐྱོང་པུའི་པུའུ་ཀྲང་གཞོན་པ་ཀའོ་ཧུང་ཡུས་ཀྱིས། རྡོ་སོལ་ཐོན་ཁུལ་གཙོ་བོའི་སྐྱེལ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་།ཁེབས་མེད་འཁོར་སྒྲོམ་1000མང་དུ་གཏོང་བ།གློག་དང་རྡོ་སོལ་སྐྱེལ་འདྲེན་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་བཅས་བྱས་ནས། གཙོ་གནད་ས་ཁུལ་དང་དེ་བཞིན་གཙོ་གནད་གློག་ཁང་གི་སྐྱེལ་འདྲེན་དགོས་མཁོར་རྒྱབ་སྐྱོར་བྱས་ཡོད་ཅེས་བཤད་པ་རེད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

ས་གནས་ཁག་དང་སྡེ་ཚན་ཁག་གིས་དགུན་དུས་ཀྱི་ནུས་རྒྱུའི་མཁོ་སྤྲོད་འགན་ལེན་ཡག་པོ་བྱས་ནས་རྡོ་སོལ་དང་གློག་ཤུགས་མཁོ་འདོན་འགན་ལེན་བྱས་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ས་གནས་ཁག་དང་སྡེ་ཚན་ཁག་གིས་བྱེད་ཐབས་ནུས་ལྡན་སྤྱད་དེ་དགུན་དུས་ཀྱི་ནུས་རྒྱུ་མཁོ་སྤྲོད་འགན་ལེན་ཡག་པོ་བྱས་ཏེ། རྡོ་སོལ་དང་གློག་ཤུགས་མཁོ་སྤྲོད་འགན་ལེན་