ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཧོ་ནན་ཨན་དབྱང་གྲོང་ཁྱེར་ཁའེ་ཤིན་ཏ་ཚོང་དོན་ཚད་ཡོད་ཀུང་སིའི་བཟོ་ཁང་གི“11•21”གི་མེ་སྐྱོན་ལས་འཛོལ་ཚབས་ཆེན་གྱི་བརྟག་དཔྱད་ཚོགས་ཆུང་བཙུགས་པ།

2022-11-24 11:26:00     责编:桑吉卓玛
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཧོ་ནན་ཞིང་ཆེན་ཨན་དབྱང་གྲོང་ཁྱེར་ཁའེ་ཤིན་ཏ་ཚོང་དོན་ཚད་ཡོད་ཀུང་སིའི་བཟོ་ཁང་ལ་སྤྱི་ཟླ་11པའི་ཚེས་21ཉིན་གྱི་ཆུ་ཚོད་16ཙམ་ལ་མེ་སྐྱོན་ཚབས་ཆེན་ཐོན་ནས་མི་38རྐྱེན་ལམ་དུ་ཤོར་བ་དང་མི་2ལ་རྨས་སྐྱོན་ཕོག་ཡོད་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱ་ཆེད། ཙུང་ལི་ལི་ཁེ་ཆང་སོགས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགོ་ཁྲིད་བློ་མཐུན་གྱི་མཆན་བཀོད་མཛུབ་སྟོན་གྱི་བླང་བྱ་གཞིར་བཟུང་། རྒྱལ་ཁབ་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་ལ་གཞིགས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བརྟག་དཔྱད་ཚོགས་ཆུང་བཙུགས་ཡོད་པ་དང་། འཕྲལ་སྡོམ་དོ་དམ་པུས་སྣེ་ཁྲིད་པ་དང་། སྤྱི་བདེ་པུའུ་དང་།རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས།ཧོ་ནན་ཞིང་ཆེན་མི་དམངས་སྲིད་གཞུང་སོགས་འབྲེལ་ཡོད་ཕྱོགས་ཞུགས་ནས་ཧོ་ནན་ཨན་དབྱང་གྲོང་ཁྱེར་ཁའེ་ཤིན་ཏ་ཚོང་དོན་ཚད་ཡོད་ཀུང་སིའི་ཟླ་11པའི་ཚེས་21ཉིན་གྱི་མེ་སྐྱོན་ལས་འཛོལ་ཚབས་ཆེན་ལ་བརྟག་དཔྱད་བྱ་རྒྱུ་རེད། 
རྒྱལ་སྲིད་སྤྱི་ཁྱབ་ཁང་ཧོ་ནན་ཨན་དབྱང་གྲོང་ཁྱེར་ཁའེ་ཤིན་ཏ་ཚོང་དོན་ཚད་ཡོད་ཀུང་སིའི་ཟླ་11པའི་ཚེས་21ཉིན་གྱི་མེ་སྐྱོན་ལས་འཛོལ་ཚབས་ཆེན་གྱི་བརྟག་དཔྱད་ཚོགས་ཆུང་གིས་སྤྱི་ཚེས་23ཉིན་གྱི་ཕྱི་དྲོ་ཨན་དབྱང་དུ་ཚང་འཛོམས་ཚོགས་འདུ་ཐེངས་དང་པོ་འཚོགས་པ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་བརྟག་དཔྱད་ཚོགས་ཆུང་གི་ཙུའུ་ཀྲང་། འཕྲལ་སྡོམ་དོ་དམ་པུའི་པུའུ་ཀྲང་གཞོན་པ་སུང་ཡོན་མིང་གིས་བརྟག་དཔྱད་ལས་དོན་ལ་བླང་བྱ་ཞིབ་ཕྲ་བཏོན་པ་རེད། 
གྲོས་ཚོགས་ཐོག ལས་འཛོལ་བརྟག་དཔྱད་ལས་དོན་ཐད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཐོག ཚན་རིག་དང་མཐུན་ལ་གཟབ་ནན་དང་།ཁྲིམས་དང་སྒྲིག་སྲོལ་གཞིར་བཟུང་བ།དངོས་ཐོག་བདེན་འཚོལ།ཕན་འབྲས་ལ་སྣང་ཆེན་བྱེད་པ་བཅས་དང་གློད་མི་གཏོང་བ་བཞིའི་རྩ་དོན་གཞིར་བཟུང་། ལས་འཛོལ་གྱི་རྒྱུ་རྐྱེན་གང་མགྱོགས་རྩད་ཆོད་ཐུབ་པ་བྱས་ནས་དོན་དངོས་དང་མཐུན་ལ་གནད་ལ་འཁེལ་བའི་ངང་འགན་འཁྲི་གཏན་འཁེལ་བྱེད་པ་དང་དངོས་ཐོག་བདེན་འཚོལ་ངང་ཐག་གཅོད་ཀྱི་གྲོས་འགོ་བཏོན་ནས་ཁྲིམས་ལྟར་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས། དུས་མཚུངས་སུ།ས་གནས་སྲིད་གཞུང་གིས་བྱུར་རྐྱེན་གྱི་བསླབ་བྱ་དང་ལེན་ནན་ཏན་བྱེད་པར་སྐུལ་འདེད་དང་།ཟུར་བསྟན་ལེབ་མཐོང་གིས་བཅོས་སྐྱོང་ཟབ་སྤེལ།འགན་འཁྲི་དོན་འཁྱོལ་ནན་པོ།ཉེན་ཁ་ཚབས་ཆེན་སྔོན་འགོག་དང་སེལ་ཐབས་ནུས་ལྡན་བཅས་བྱས་ཏེ།བྱུར་རྐྱེན་ཚབས་ཆེན་བཀག་འགོག་མཐའ་གཅིག་ཏུ་བྱ་དགོས་པའི་ནན་སྟོན་བྱས་ཡོད་པ་རེད། 
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བརྟག་དཔྱད་ཚོགས་ཆུང་གི་ཁོངས་མི། རིགས་གཅིག་མཁས་ཅན་ཚོགས་ཆུང་གི་ཁོངས་མི།ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་དང་། ཧོ་ནན་ཞིང་ཆེན་དང་ཨན་དབྱང་གྲོང་ཁྱེར་གྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།  
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཧོ་ནན་ཨན་དབྱང་གྲོང་ཁྱེར་ཁའེ་ཤིན་ཏ་ཚོང་དོན་ཚད་ཡོད་ཀུང་སིའི་བཟོ་ཁང་གི“11•21”གི་མེ་སྐྱོན་ལས་འཛོལ་ཚབས་ཆེན་གྱི་བརྟག་དཔྱད་ཚོགས་ཆུང་བཙུགས་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཧོ་ནན་ཞིང་ཆེན་ཨན་དབྱང་གྲོང་ཁྱེར་ཁའེ་ཤིན་ཏ་ཚོང་དོན་ཚད་ཡོད་ཀུང་སིའི་བཟོ་ཁང་ལ་སྤྱི་ཟླ་11པའི་ཚེས་21ཉིན་གྱི་ཆུ་ཚོད་16ཙམ་ལ་མེ་སྐྱོན་ཚབས་ཆེན་ཐོན་ནས་མི་38རྐྱེན་ལ