ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ཀྲུང་གོའི་ཇུས་འགོད་ཀྱིས་ཁ་ཐར་འཛམ་གླིང་བུམ་པའི་ལུས་རྩལ་ར་བ་གཙོ་བོའི་ངར་ལྕགས་ཀྱི་རྩིབས་རུས་འདེགས་སྐྱོར་བྱས་ཡོད།

2022-11-23 19:17:00     责编:桑吉卓玛
ཁ་ཐར་འཛམ་གླིང་བུམ་པའི་རྟིང་རྩོད་འགྲན་སྡུར་དང་། མཇུག་སྒྲིལ་མཛད་སྒོ་སོགས་བྱེད་སྒོ་གལ་ཆེན་སྤེལ་སའི་ལུས་རྩལ་ར་བ་གཙོ་བོ་ལུའུ་སེར་ལུས་རྩལ་ར་བའི་ཨར་ལས་འཛུགས་སྐྲུན་གྱི་ལས་འགན་གཙོ་བོ་ནི་ཀྲུང་གོའི་ཁེ་ལས་ཀྱིས་བསྒྲུབས་པ་ཡིན་ལ། ལུས་རྩལ་ར་བ་འདིའི་མཚོན་རྟགས་རང་བཞིན་ལྡན་པའི་གཙོ་གཟུགས་ངར་ལྕགས་གྱི་སྒྲོམ་གཞི་དང་ཐོག་ཁེབས་ཀྱི་གཞི་སྒྲོམ་ཡང་ཀྲུང་གོའི་ཇུས་འགོད་པས་ཇུས་འགོད་བྱས་པ་ཞིག་རེད།
གཙོ་གཟུགས་ངར་ལྕགས་ཀྱི་སྒྲོམ་གཞི་དང་ཐོག་ཁེབས་ཀྱི་གཞི་སྒྲོམ་ནི་ལུའུ་སེར་ལུས་རྩལ་ར་བའི་རྩིབས་རུས་ལྟ་བུ་ཞིག་རེད། དེས་མི་རྣམས་ཀྱི་མིག་ལ་མཛེས་པོ་དགོས་པ་མ་ཟད་ད་དུང་ཐེགས་ཚད་ཀྱང་ཆེན་པོ་ཡོད་དགོས། ཆབས་གཅིག་ཏུ་གྲོན་ཆུང་ཐད་ལའང་བསམ་གཞིགས་བྱེད་དགོས། རྙོག་འཛིང་ཆེ་བའི་ཇུས་འགོད་ཀྱི་དཀའ་གནད་འདི་པེ་ཅིང་གི་ཁེ་ལས་ཤིག་གིས་སེལ་བ་དང་། ཁོ་ཚོས་དེ་སྔ་པེ་ཅིང་བཟོ་པའི་ལུས་རྩལ་ར་བ་དང་། རྒྱལ་སའི་ལུས་རྩལ་ཁང་། ཝུའུ་ཁེ་སུང་ལུས་རྩལ་ཁང་། རྒྱལ་ཁབ་ལུས་རྩལ་ཁང་། རྒྱལ་ཁབ་མྱུར་ཤུད་ཁང་། པེ་ཅིང་དགུན་དུས་ཨོ་རྩལ་གྲོང་ཚོ་ཇུས་འགོད་བྱས་ཡོད།
པེ་ཅིང་གྲོང་ཁྱེར་འཛུགས་སྐྲུན་ཇུས་འགོད་ཞིབ་འཇུག་ཁང་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་བཟོ་བཀོད་པ་ཀྲུའུ་ཀྲུང་དབྱིས། གཙོ་གཟུགས་ངར་ལྕགས་ཀྱི་སྒྲོམ་གཞི་དང་ཐོག་ཁེབས་ཀྱི་གཞི་ཁྲོམ་ནི་ལུའུ་སེར་ལུས་རྩལ་ར་བའི་རྙོག་འཛིང་ཆེ་ཤོས་ཀྱི་མ་ལག་ཅིག་རེད། ཐོག་ཁེབས་ཀྱི་གཞི་སྒྲོམ་ཇུས་འགོད་བྱེད་པར་དམིགས་ནས། ཚོགས་པས་ཕྱོགས་བསྡུས་རྣམ་པའི་དབྱེ་ཞིབ་ཐབས་ལམ་ཆ་ཚང་ཞིག་གསར་སྤེལ་བྱས་པས། ཐོག་ཁེབས་ཀྱི་གཞི་སྒྲོམ་གནས་ས་དང་གཟུགས་དབྱིབས་དེ་བཟོ་སྐྲུན་གྱི་བླང་བྱ་དང་མཐུན་པར་བྱེད་ཐུབ་ཅིང་། ལས་ཀའི་གནས་ཚུལ་མང་བའི་འོག་གི་ཐིག་གཤིས་རྩིས་རྒྱག་དབྱེ་ཞིབ་སྔར་ལས་ལྷག་པ་བྱས་རྗེས། དཀའ་གནད་ཐག་གཅོད་བྱེད་པའི་འགག་རྩའི་ལག་རྩལ་ཞིག་ཆགས་ཡོད་ཅེས་བརྗོད་པ་རེད།  ལུས་རྩལ་ར་བའི་གཙོ་གཟུགས་ངར་ལྕགས་སྒྲོམ་གཞི་ཇུས་འགོད་ཀྱི་བརྒྱུད་རིམ་ནང་ཚོགས་པས་དཔྱད་གྲངས་ཅན་གྱི་བཟོ་སྐྲུན་དཔེ་དབྱིབས་ཀྱི་གོ་རིམ་ཆ་ཚང་ཞིག་གསར་སྤེལ་བྱས་པས། ལས་ཕྱོད་མཐོ་བའི་སྒོ་ནས་ཇུས་གཞི་མང་པོར་ཞིབ་འཇུག་བྱེད་ཐུབ་ཡོད། ཀྲུང་གོའི་ཇུས་འགོད་པས་བཏོན་པའི་འཁྱོག་ཐིགvདབྱིབས་ཀྱི་ཀ་བའི་སྒྲོམ་གཞིའི་ཇུས་འགོད་ལ་བལྟས་པ་ཙམ་གྱིས་ཡིད་འོང་ཉམས་དགའི་བཟོད་བཀོད་ཀྱི་ཕན་འབྲས་ལྡན་པ་དང་བྱེད་ནུས་ཀྱི་དགོས་མཁོ་སྐོང་ཐུབ་པ་མ་ཟད། ད་དུང་ངར་ལྕགས་ཏུན་ཁྲི1.2གྲོན་ཆུང་ཐུབ་པ་དང་། ངར་ལྕགས་ཀྱི་སྒྲོམ་གཞིའི་བཟོ་སྐྲུན་རིན་གོང་ཧ་ལམ་བརྒྱ་ཆ་40ཙམ་ཉུང་དུ་གཏོང་ཐུབ་ཡོད།
ཀྲུའུ་ཀྲུང་དབྱིས། ལུའུ་སེར་ལུས་རྩལ་ར་བའི་སྒྲོམ་གཞིའི་མ་ལག་རྙོག་འཛིང་ཆེ་བས། ཚོགས་པས་ཐོག་མའི་ཇུས་འགོད་ནས་མཐའ་མའི་འཛུགས་སྐྲུན་གྱི་བརྒྱུད་རིམ་ཧྲིལ་པོར་བཟོ་སྐྲུན་ཆ་འཕྲིན་དཔེ་དབྱིབས་ཀྱི་ལག་རྩལ་སྤྱད་ཡོད། བཟོ་སྐྲུན་ཆ་འཕྲིན་དཔེ་དབྱིབས་ཀྱི་གྲངས་གཞིའི་མཛོད་དང་རང་རྒྱལ་ནས་ཐོན་པའི་རང་བརྟེན་ཞིབ་འཇུག་གསར་སྤེལ་བྱས་པའི་བཀོལ་སྤྱོད་སྒྲིག་རིམ་ལ་གཞིགས་པས་བཟོ་སྐྲུན་ཆ་འཕྲིན་དཔེ་དབྱིབས་དང་དཔེ་རིས་འདོན་པའི་ནུས་ཆོད་དེ་སྲོལ་རྒྱུན་གྱི་བྱེད་ཐབས་དང་བསྡུར་ན་བརྒྱ་ཆ་80ཡན་གྱིས་མཐོ་རུ་ཕྱིན་ཡོད། མཐོང་ཐུབ་པའི་དཀྱུས་ཞེང་དཔངས་གསུམ་གྱི་དཔེ་དབྱིབས་དང་སྲོལ་རྒྱུན་གྱི་དཀྱུས་ཞེང་གཉིས་ཀྱི་དཔེ་རིས་དུས་གཅིག་ཏུ་རྩིས་སྤྲོད་བྱས་པ་དེས་ཇུས་འགོད་དང་ཨར་ལས་གཞི་གཅིག་ཅན་དུ་སྤེལ་རྒྱུར་སྟབས་བདེ་ཆེན་པོ་བསྐྲུན་ཡོད་ཅེས་ངོ་སྤྲོད་གནང་བ་རེད། 
ཀྲུའུ་ཀྲུང་དབྱི་ཡིས། ཉེ་བའི་ལོ་ཤས་རིང་རྒྱལ་ནང་དུ་ཕྱུལ་བྱུང་ཨར་ལས་བཟོ་སྐྲུན་ལས་གྲྭ་རྒྱུན་ཆད་མེད་པར་ཐོན་ནའང་། རྒྱལ་སྤྱིའི་གར་སྟེགས་ཐོག“ཀྲུའུ་གོའི་ཇུས་འགོད”ཀྱི་གཟུགས་བརྙན་ད་དུང་མཐོང་དཀོན་པོ་རེད། ལུའུ་སེར་ལུས་རྩལ་ར་བ་ནི་ཏག་ཏག་ཀྲུང་གོའི་ཇུས་འགོད་པ་ཕྱི་རུ་བསྐྱོད་པའི་འཐབ་ཇུས་ལག་བསྟར་བྱས་པ་ཞིག་ཡིན་ལ། ཀྲུའུ་གོའི་ཇུས་འགོད་ཀྱི་སྤུས་རྟགས་གཏོད་པའི་ཐད་ཀྱི་གལ་འགངས་ཆེ་བའི་གོམ་སྟབས་བརྟན་པོ་ཞིག་ཀྱང་ཡིན་ཞེས་གསུངས་པ་རེད།
“ཕྱི་ཕྱོགས་དང་མཉམ་ལས་བྱ་རྒྱུ་ནི་རྒྱུན་ཆད་མེད་པར་མཐུན་སྦྱོར་དང་། ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བའི་བརྒྱུད་རིམ་ཞིག་ཡིན།” ཀྲུའུ་ཀྲུང་དབྱིས་ཕྱིར་དྲན་གྱི་ཚུལ་དུ། དེ་ཡང་རྣམ་གྲངས་གྱི་གཉེར་འགན་ལེན་པའི་དུས་མཚམས་སུ། པེ་ཅིང་འཛུགས་སྐྲུན་ཁང་གི་ཚོགས་པས་སྒྲིག་གཞི་ལེགས་སྒྱུར་གྱི་ཇུས་འགོད་འཆར་གཞི་རིགས་བདུན་ཡན་བཏོན་ཏེ། འཆར་གཞི་རེ་རེར་རྩིས་ཞིབ་ཕྲ་བརྒྱབ་པས་ཕྱི་ཕྱོགས་ལ་བག་ཆགས་ཟབ་མོ་བཞག་ཡོད། རྣམ་གྲངས་ཀྱི་གཉེར་འགན་བླངས་རྗེས། པེ་ཅིང་དང་ཏུའོ་ཧ་རུ་ཡོད་པའི་ཚོགས་པའི་ཇུས་འགོད་ཚོ་ཆུང་གཉིས་ཀྱིས་དུས་ཁྱད་བརྒལ་ནས་ཆུ་ཚོད་24རིང་རྒྱུན་ཆད་མེད་པར་ཟླ་བ་གཅིག་ཙམ་རིང་ལས་ཀ་བྱས་པ་དང་། དུས་བཀག་ལྟར་ཕྱོགས་ཁག་གི་བློ་ཡིད་ཚིམ་པའི་ཇུས་འགོད་འཆར་གཞི་ཕུལ་ཡོད་ཅེས་གསུངས་པ་རེད།  
ལས་ཀ་བྱེད་རིང་། པེ་ཅིང་འཛུགས་སྐྲུན་ཁང་གི་ཚོགས་པས་ཕྱི་ཕྱོགས་ལ་ཁོ་ཚོས་ཇུས་འགོད་བྱས་པའི་པེ་ཅིང་ཏ་ཞིང་རྒྱལ་སྤྱིའི་གནམ་ཐང་དང་། ཀྲུང་གོའི་གནམ་མིག་ཅེས་པ་ཁ་ཞེང་ལ་སྨི་500ཡོད་པའི་ཟླུམ་དབྱིབས་གློག་འཕྲོའི་རྒྱང་ཤེལ(FAST)ལ་སོགས་པའི་བརྩམས་ཆོས་འགྲེམ་སྟོན་བྱས་ཏེ། བདེན་པ་བདེན་ཐུབ་ཀྱི་ལས་ཀའི་ཆུ་ཚད་དང་རྣམ་འགྱུར། ལས་ཕྱོད་བཅས་ལ་བརྟེན་ནས་ཕྱི་ཕྱོགས་ཀྱི་ཡིད་དབང་བཀུག་ཡོད། དེ་རྗེས་ཚོགས་འདུ་གལ་ཆེན་འཚོག་ཐེངས་རེར་ལུས་རྩལ་ར་བའི་བདག་ཁོངས་ཚན་པས་རྟག་ཏུ་ཀྲུང་གོའི་ཇུས་འགོད་པ་ཚོགས་འདུར་འཚོགས་སར་གདན་འདྲེན་ཞུ་བ་དང་།  ཕྱོགས་གཉིས་ཀའི་འབྲེལ་གཏུག་རིམ་གྱིས་བདེ་བླག་བྱུང་ནས། མཐར་ལུས་རྩལ་ར་བའི་སྤུས་མཐོའི་རྩིས་སྤྲོད་དང་བེད་སྤྱོད་ལ་འགན་ལེན་བྱས་ཡོད་པ་རེད། 
ཀྲུའུ་ཀྲུང་དབྱིས། ཁ་ཐར་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་དེ་ཧ་ཅང་ངོ་མཚར་ཆེ་ལ། དེ་བས་ཀྱང་ང་རང་སེམས་འགུལ་ཐེབས་པ་ཞིག་ནི‘ཀྲུང་གོའི་ཇུས་འགོད’དང‘ཀྲུང་གོའི་བློ་གྲོས’འཛམ་གླིང་གི་གར་སྟེགས་ཐོག་མངོན་ཐུབ་པ་བྱུང་བ་དང་། ‘ཀྲུང་གོའི་ལེགས་སྐྱེས’ཀྱིས་ནམ་མཁའི་སྐར་ཚོགས་ལྟར་སྐབས་འདིའི་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ལ་འོད་སྣང་བསྩལ་ཐུབ་པ་དེ་ཡིན་ཞེས་གསུངས་པ་རེད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

ཀྲུང་གོའི་ཇུས་འགོད་ཀྱིས་ཁ་ཐར་འཛམ་གླིང་བུམ་པའི་ལུས་རྩལ་ར་བ་གཙོ་བོའི་ངར་ལྕགས་ཀྱི་རྩིབས་རུས་འདེགས་སྐྱོར་བྱས་ཡོད།

ཁ་ཐར་འཛམ་གླིང་བུམ་པའི་རྟིང་རྩོད་འགྲན་སྡུར་དང་། མཇུག་སྒྲིལ་མཛད་སྒོ་སོགས་བྱེད་སྒོ་གལ་ཆེན་སྤེལ་སའི་ལུས་རྩལ་ར་བ་གཙོ་བོ་ལུའུ་སེར་ལུས་རྩལ་ར་བའི་ཨར་ལས་འཛུགས་སྐྲུན་གྱི་ལས་