ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

དཔལ་འབྱོར་མཉམ་ལས་དང་གོང་འཕེལ་སྒྲིག་འཛུགས་ཀྱིས་སྔོན་རྩིས་བྱས་པར་གོ་ལ་ཧྲིལ་པོའི་དཔལ་འབྱོར་སྤྱི་ལོ་2022ལོའི་འཕར་ཚད་དེ་བརྒྱ་ཆ་3.1ཟིན་པ།

2022-11-23 19:05:00     责编:桑吉卓玛
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། དཔལ་འབྱོར་མཉམ་ལས་དང་གོང་འཕེལ་སྒྲིག་འཛུགས་ཀྱིས་སྤྱི་ཚེས་22ཉིན་ཡོངས་བསྒྲགས་བྱས་པའི་དཔལ་འབྱོར་རྒྱང་ལྟའི་སྙན་ཞུ་ནང་། སྔོན་རྩིས་བྱས་ན་སྤྱི་ལོ་2022ལོའི་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་ཚད་དེ་བརྒྱ་ཆ་3.1ཟིན་པ་དང་། སྤྱི་ལོ་2023ལོར་བརྒྱ་ཆ་2.2འགོར་དུ་འགྲོ་རྒྱུ་ཡིན་པ། སྤྱི་ལོ་2024ལོར་བརྒྱ་ཆ་2.7འཕར་རྒྱུ་ཡིན་པ། སྙན་ཞུའི་ནང་སྔོན་རྩིས་བྱས་པར། ཨ་ཤེ་ཡེ་གསར་དར་ཁྲོམ་རའི་དཔལ་འབྱོར་མ་ལག་གཙོ་བོས་སྤྱི་ལོ་2023ལོར་གོ་ལ་ཧྲིལ་པོའི་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་འཕར་ཚད་ཀྱི་བཞི་ཆ་གསུམ་ཙམ་བཟུང་བཟོ་ཡོད། ཨ་རི་དང་ཡོ་རོབ་ཀྱི་དཔལ་འབྱོར་འཕར་ཚད་འགོར་དུ་འགྲོ་བཞིན་ཡོད་པ་རེད། ཨ་རིའི་དཔལ་འབྱོར་ད་ལོ་བརྒྱ་ཆ་1.8འཕར་རྒྱུ་དང་། སང་ལོའི་འཕར་ཚད་བརྒྱ་ཆ་0.5འགོར་དུ་འགྲོ་རྒྱུ། ཡོ་རོབ་སྒོར་མོའི་ཁུལ་གྱི་དཔལ་འབྱོར་ད་ལོ་བརྒྱ་ཆ་3.3འཕར་རྒྱུ་དང་། སང་ལོའི་འཕར་ཚད་བརྒྱ་ཆ་0.5འགོར་དུ་འགྲོ་རྒྱུ་ཡིན་པ་རེད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

འཛམ་གླིང་སྐར་ཁུངས།

▶ཨུ་རུ་སུའི་དཔོན་རིཊ་ཀྱིས་ཨུ་རུ་སུ་དང་ཡུག་རེན་བར་ཞི་གྲོས་་་

ཚའེ་ཁོ་ཧྥུའུ་ཡིས། ཨུ་རུ་སུ་དང་ཡུག་རེན་གྱི་ཞི་བའི་གྲོས་མོལ་བྱ་རྒྱུར་དཀའ་ངལ་ཧ་ཅང་ཆེ་བ་མ་ཟད། གྲོས་མོལ་བྱེད་འགོ་འཛུགས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཨ་རི་དང་ཡོ་རོབ་ཀྱིས་གདོང་ཐུག་སློང་མཚམས་འཇོག་རྒྱུ་དེ་རེད་ཅེས་བརྗོད།

中央广播电视总台 央广网 版权所有

དཔལ་འབྱོར་མཉམ་ལས་དང་གོང་འཕེལ་སྒྲིག་འཛུགས་ཀྱིས་སྔོན་རྩིས་བྱས་པར་གོ་ལ་ཧྲིལ་པོའི་དཔལ་འབྱོར་སྤྱི་ལོ་2022ལོའི་འཕར་ཚད་དེ་བརྒྱ་ཆ་3.1ཟིན་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། དཔལ་འབྱོར་མཉམ་ལས་དང་གོང་འཕེལ་སྒྲིག་འཛུགས་ཀྱིས་སྤྱི་ཚེས་22ཉིན་ཡོངས་བསྒྲགས་བྱས་པའི་དཔལ་འབྱོར་རྒྱང་ལྟའི་སྙན་ཞུ་ནང་། སྔོན་རྩི