ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་ལྷོ་ཁོ་རེ་ཡའི་སྒྲ་སྐྱེལ་བའི་ཀུང་ཧྲེ་དང་སྤྱི་ཚེས་22ཉིན་བརྙན་ལམ་རྣམ་པའི་ཐོག་ནས་མཉམ་ལས་གྲོས་ཆོད་ལ་མིང་རྟགས་བཀོད་པ།

2021-02-23 15:13:00     责编:sangjzm

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ད་ལོ་ནི་ཀྲུང་གོ་དང་ལྷོ་ཁོ་རེ་ཡའི་རིག་གནས་སྤེལ་རེས་ལོ་ཡིན་པས་ཀྲུང་གོ་དང་ལྷོ་ཁོ་རེ་ཡ་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ཐུན་མོང་ངོས་འཛིན་དོན་འཁྱོལ་བྱ་ཆེད། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་ལྷོ་ཁོ་རེ་ཡ་དང་སྤྱི་ཚེས་22ཉིན་བརྙན་ལམ་རྣམ་པའི་ཐོག་ནས་མཉམ་ལས་གྲོས་ཆོད་ལ་མིང་རྟགས་བཀོད་ཡོད། ཕྱོགས་གཉིས་པོས་འདྲ་མཉམ་གཉིས་ཕན་དང་མཛའ་གྲོགས་གྲོས་མོལ་གྱི་རྩ་དོན་ལྟར། མཉམ་ལས་སྒྲིག་གཞི་འཛུགས་པ་དང་། ལེ་ཚན་གྱི་ནང་དོན་དང་། སྨྱན་སྦྱོར་ལག་རྩལ། ཐོན་ལས་ལས་གཉེར་སོགས་ཐད་ཁྱོན་ཡོངས་མཉམ་ལས་བྱས་ནས་རྒྱལ་ཁབ་གཉིས་པོའི་མི་ཆོས་རིག་གནས་ཀྱི་སྤེལ་རེས་ལ་སྐུལ་འདེད་དང་། མཛའ་གྲོགས་དང་ཕན་ཚུན་བར་གྱི་ཡིད་ཆེས་ཆེ་རུ་གཏོང་བ། ཀྲུང་གོ་དང་ལྷོ་ཁོ་རེ་ཡའི་འཐབ་ཇུས་མཉམ་ལས་རོགས་པའི་འབྲེལ་བ་སྐས་རིམ་གསར་པའི་ཐོག་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུའི་གཏན་འབེབས་བྱས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྐལ་བཟང་བདེ་སྐྱིད།

中央广播电视总台 央广网 版权所有

ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་ལྷོ་ཁོ་རེ་ཡའི་སྒྲ་སྐྱེལ་བའི་ཀུང་ཧྲེ་དང་སྤྱི་ཚེས་22ཉིན་བརྙན་ལམ་རྣམ་པའི་ཐོག་ནས་མཉམ་ལས་གྲོས་ཆོད་ལ་མིང་རྟགས་བཀོད་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ད་ལོ་ནི་ཀྲུང་གོ་དང་ལྷོ་ཁོ་རེ་ཡའི་རིག་གནས་སྤེལ་རེས་ལོ་ཡིན་པས་ཀྲུང་གོ་དང་ལྷོ་ཁོ་རེ་ཡ་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ཐུན་མོང་ངོས་འཛིན་དོན་འཁྱོལ་བྱ་ཆེད། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་ལྷོ་ཁོ་རེ་ཡ་དང་སྤྱི་ཚེས་22ཉིན་བརྙན་ལམ་རྣམ་པའི་ཐོག་ནས་མཉམ་ལས་གྲོས་ཆོད་ལ་མིང་རྟགས་བཀོད་ཡོད།