ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

རྒྱལ་ཡོངས་ཀྱི་རིམས་ནད་ཉེན་ཁ་ཆེ་བ་དང་འབྲིང་བའི་ས་ཁུལ་མེད་པར་གྱུར་པ།

2021-02-22 10:08:00     责编:卓玛才让

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། གསར་འགོད་པས་ཧོ་པེ་ཞིང་ཆེན་ཧྲི་ཅ་ཀྲོང་གྲོང་ཁྱེར་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། སྤྱི་ཚེས་22ཉིན་ནས་བཟུང་། ཧྲི་ཅ་ཀྲོང་གྲོང་ཁྱེར་གྱི་རྫོང་ཁག་ཉེན་ཁ་ཆུང་བའི་ས་ཁུལ་དུ་གྱུར་བ་དང་། རྒྱུན་ལྡན་གྱི་ཐོན་སྐྱེད་འཚོ་བའི་སྒྲིག་ལམ་དང་རྒྱང་རིང་འགྲུལ་སྐྱེལ། གྲོང་ཁྱེར་འཁོར་ལམ་གྱི་འགྲིམ་འགྲུལ་བཅས་གོ་རིམ་ལྡན་པའི་ངང་ཁྱོན་ཡོངས་ནས་སླར་གསོ་བྱས་ཡོད། དེའི་ཁར། སྤྱི་ཚེས་22ཉིན་ནས་བཟུང་ཟ་ཁང་ཚོང་གཉེར་སླར་གསོ་བྱས་ཡོད་པ་དང་། གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་གི་སྤྱི་པའི་རིག་གནས་ཁང་དང་ལུས་རྩལ་ཁང་སྒོ་ཕྱེ་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

中央广播电视总台 央广网 版权所有

རྒྱལ་ཡོངས་ཀྱི་རིམས་ནད་ཉེན་ཁ་ཆེ་བ་དང་འབྲིང་བའི་ས་ཁུལ་མེད་པར་གྱུར་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། གསར་འགོད་པས་ཧོ་པེ་ཞིང་ཆེན་ཧྲི་ཅ་ཀྲོང་གྲོང་ཁྱེར་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། སྤྱི་ཚེས་22ཉིན་ནས་བཟུང་།