ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ད་ལོའི་ཟླ་དང་པོར་རང་རྒྱལ་གྱི་རླངས་འཁོར་ཐོན་སྐྱེད་བྲིན་ཚོང་བྱེད་ཚད་གཉིས་ཀ་དུས་མཚུངས་ལས་འཕར་སྣོན་ཆེན་པོ་བྱུང་བ།

2021-02-10 10:21:00     责编:卓玛才让

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ད་ལོའི་སྤྱི་ཟླ་དང་པོར་རང་རྒྱལ་གྱི་རླངས་འཁོར་ཐོན་སྐྱེད་དང་བྲིན་ཚོང་བྱེད་ཚད་ཁག་སོ་སོར་རླངས་འཁོར་ས་ཡ་གཉིས་དང་སུམ་འབུམ་བརྒྱད་ཁྲི་བརྒྱད་སྟོང་དང་རླངས་འཁོར་ས་ཡ་གཉིས་དང་ལྔ་འབུམ་སུམ་སྟོང་ལེགས་གྲུབ་ཟིན་ནས། ཐོན་སྐྱེད་དང་བྲིན་ཚོང་བྱེད་ཚད་གཉིས་ཀ་དུས་མཚུངས་ལས་ཤུགས་ཆེར་འཕར་ཡོད།

ཀྲུང་གོའི་རླངས་འཁོར་བཟོ་ལས་མཐུན་ཚོགས་ཀྱི་གྲངས་གཞི་ལས་མངོན་པར། ད་ལོའི་སྤྱི་ཟླ་དང་པོར། རང་རྒྱལ་གྱི་རླངས་འཁོར་ཐོན་སྐྱེད་དང་བྲིན་ཚོང་བྱེད་ཚད་ཁག་སོ་སོར་ རླངས་འཁོར་ས་ཡ་གཉིས་དང་སུམ་འབུམ་བརྒྱད་ཁྲི་བརྒྱད་སྟོང་དང་རླངས་འཁོར་ས་ཡ་གཉིས་དང་ལྔ་འབུམ་སུམ་སྟོང་ལེགས་གྲུབ་ཟིན་པ་དང་། ན་ནིང་གི་དུས་མཚུངས་དང་བསྡུར་ན་ཁག་སོ་སོར་བརྒྱ་ཆ་34.6དང་བརྒྱ་ཆ་29.5འཕར་ཡོད། ཀྲུང་གོའི་རླངས་འཁོར་བཟོ་ལས་མཐུན་ཚོགས་ཀྱི་དྲུང་ཆེ་གཞོན་པ་ཁྲེན་ཧྲི་ཧྭ་ཡིས། ད་ལོའི་སྤྱི་ཟླ་དང་པོར། ཁྲོམ་རའི་གནས་ཚུལ་ནས་བལྟས་ཚེ། སྤྱིའི་དགོས་མཁོ་བརྟན་པོ་རྒྱུན་འཁྱོངས་ཐུབ་ཡོད། དེའི་ནང་རང་སྤྱོད་རླངས་འཁོར་བྲིན་ཚོང་བྱེད་ཚད་འཕར་སྣོན་ཕྱིན་པའི་ལེགས་སྐྱེས་འབུལ་ཚད་དེ་ལུགས་མཐུན་གྱི་བར་ཁམས་ནང་གནས་ཡོད་པ་དང་། ཚོང་སྤྱོད་རླངས་འཁོར་བྲིན་ཚོང་བྱེད་ཚད་དེ་ཟོག་འདྲེན་རླངས་འཁོར་གྱི་སྐུལ་ཁྲིད་འོག ཟླ་འཁོར་བྲིན་ཚོང་བྱེད་ཚད་ཟླ་བ་བཅུ་བསྟུད་མར་ཟླ་བ་དེ་གའི་ཟིན་ཐོ་བསྐྲུན་ཡོད། ནུས་ཁུངས་གསར་པའི་རླངས་འཁོར་བྲིན་ཚོང་བྱེད་ཚད་སྤྱི་ལོ་2020ལོའི་ལོ་སྨད་ཀྱི་གོང་འཕེལ་གནས་བབ་རྒྱུན་འཁྱོངས་ཐུབ་ཡོད་པ་དང་། ཟླ་བ་འདིའི་བྲིན་ཚོང་བྱེད་ཚད་དུས་མཚུངས་ལས་ལྡབ་2.5ཙམ་འཕར་ཡོད་ཅེས་ངོ་སྤྲོད་གནང་ཡོད།

 

中央广播电视总台 央广网 版权所有

ད་ལོའི་ཟླ་དང་པོར་རང་རྒྱལ་གྱི་རླངས་འཁོར་ཐོན་སྐྱེད་བྲིན་ཚོང་བྱེད་ཚད་གཉིས་ཀ་དུས་མཚུངས་ལས་འཕར་སྣོན་ཆེན་པོ་བྱུང་བ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ད་ལོའི་སྤྱི་ཟླ་དང་པོར་རང་རྒྱལ་གྱི་རླངས་འཁོར་ཐོན་སྐྱེད་དང་བྲིན་ཚོང་བྱེད་ཚད་ཁག་སོ་སོར་རླངས་འཁོར་ས་ཡ་གཉིས་དང་སུམ་འབུམ་བརྒྱད་ཁྲི་བརྒྱད་སྟོང་དང་རླངས་འཁོར་ས་ཡ་གཉིས་དང་ལྔ་འབུམ་སུམ་སྟོང་ལེགས་གྲུབ་ཟིན་ནས།