ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས་༼ཀྲུང་ལུགས་གསོ་རིག་གི་ཁྱད་ཆོས་གོང་འཕེལ་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་སྲིད་ཇུས་བྱེད་ཐབས་འགའ་ཞིག༽དཔར་འགྲེམ་བྱས་པ།

2021-02-10 10:19:00     责编:卓玛才让

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས་ཉིན་ཤས་གོང་༼ཀྲུང་ལུགས་གསོ་རིག་གི་ཁྱད་ཆོས་གོང་འཕེལ་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་སྲིད་ཇུས་བྱེད་ཐབས་འགའ་ཞིག༽དཔར་འགྲེམ་བྱས་ཡོད་པ་དང་། ༼ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀྲུང་ལུགས་གསོ་རིག་གི་རྒྱུན་འཛིན་གསར་གཏོད་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར༽དང་རྒྱལ་ཡོངས་ཀྲུང་ལུགས་གསོ་རིག་ཚོགས་ཆེན་གྱི་བཀོད་སྒྲིག་དོན་འཁྱོལ་སྔར་ལས་ལྷག་པ་བྱེད་པ་དང་། ཀྲུང་ལུགས་གསོ་རིག་གོང་འཕེལ་གྱི་ཆོས་ཉིད་ལ་བརྩི་སྲུང་ཞུ་བ། ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱིས་ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་བྱེད་པའི་ཉམས་མྱོང་དང་བྱེད་སྟངས་ལ་ཕྱོགས་བསྡོམས་ནན་ཏན་བྱེད་པ། གནས་པའི་གནད་དོན་སེལ་བ་བཅས་བྱས་ཏེ། ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་ཁྱད་ཆོས་དང་བཟང་ཆ་འདོན་སྤེལ་གང་ལེགས་བྱེད་དགོས་པ་དང་། ཀྲུང་ལུགས་གསོ་རིག་སྨན་རྫས་དང་ནུབ་ལུགས་གསོ་རིག་སྨན་རྫས་གཉིས་ཕན་ཚུན་ཁ་གསབ་དང་མཐུན་སྦྱོར་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས

中央广播电视总台 央广网 版权所有

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས་༼ཀྲུང་ལུགས་གསོ་རིག་གི་ཁྱད་ཆོས་གོང་འཕེལ་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་སྲིད་ཇུས་བྱེད་ཐབས་འགའ་ཞིག༽དཔར་འགྲེམ་བྱས་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས་ཉིན་ཤས་གོང་༼ཀྲུང་ལུགས་གསོ་རིག་གི་ཁྱད་ཆོས་གོང་འཕེལ་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་སྲིད་ཇུས་བྱེད་ཐབས་འགའ་ཞིག༽དཔར་འགྲེམ་བྱས་ཡོད་པ་དང་།