ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

མཉམ་འགོག་མཉམ་བཅོས་བྱས་པས་པེ་ཅིང་དང་ཐན་ཅིན། ཧོ་པེ་བཅས་ཀྱི་རླུང་ཁམས་ཆེན་མོའི་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

2021-02-09 16:08:00     责编:卓玛才让

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་རྒྱུན་འཁྱོངས་དང་། འབྱུང་ཁམས་ཁོར་ཡུག་མཉམ་འཛུགས་མཉམ་འགོག་མཉམ་བཅོས་བྱེད་ཤུགས་ཆེ་རུ་བཏང་ཏེ་རྒྱུན་བསྲིང་ལྷོད་མེད་ཐོག་ནས་པེ་ཅིང་དང་ཐན་ཅིན། ཧོ་པེ་བཅས་ཀྱི་འབྱུང་ཁམས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་མྱོང་། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པའི་རིང་། པེ་ཅིང་དང་ཐན་ཅིན། ཧོ་པེ་བཅས་ས་ཁུལ་གསུམ་གྱིས་འབྱུང་ཁམས་སྲུང་སྐྱོབ་བྱ་རྒྱུར་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་བས། སྔོན་ལ་རླུང་ཁམས་ཆེན་མོ་དང་ཆུ་བོའི་སྦགས་བཙོག་མཉམ་འགོག་མཉམ་བཅོས་བྱེད་པ་སོགས་ཀྱི་ཐད་འགག་སྒྲོལ་ཆེན་པོ་བྱུང་ཡོད། གནམ་གཤིས་ཡག་པོ་བསྟན་པའི་ཉིན་གྲངས་དེ་བཅུ་ཆ་བདུན་ལས་བརྒལ་བ་དང་། གནམ་སྔོ་ཞིང་། ཆུ་མོ་དྭངས་བ། ས་གཞི་ལྗང་བ་བཅས་ཀྱི་སྦགས་མེད་གོང་འཕེལ་ལ་སྐུལ་འདེད་ཐུབ་ནས་མང་ཚོགས་ཀྱི་གནམ་སྔོའི་བདེ་སྐྱིད་ཚོར་སེམས་ཤུགས་ཆེར་སོང་ཡོད།

གསར་དུ་ཡོངས་བསྒྲགས་བྱས་པའི་མཁའ་རླུང་སྤུད་ཚད་སྙན་ཞུ་ལས་མངོན་པར། སྤྱི་ལོ་2020ལོར་པེ་ཅིང་ས་ཁུལ་གྱི་ལོ་ཧྲིལ་པོའི་མཁའ་རླུང་སྤུས་ཚད་ལས་གནམ་གཤིས་ཡག་པོ་བསྟན་པའི་ཉིན་གྲངས་དེ་ཉིན་276ཟིན་པ་དང་། ཡག་པོ་བསྟན་ཚད་དེ་བརྒྱ་ཆ་75.4ཟིན་ཡོད། PM2.5ལོའི་ཆ་སྙོམ་གར་ཚད་དེ་སྨི་རྒྱ་དཔུངས་གྲུ་བཞི་མ་རེར་ཝེ་ཁེ་38ཟིན་ནས་སྤྱི་ལོ་2013ལོར་ལྟ་ཞིབ་ཚད་ལེན་བྱས་ནས་ཟིན་བཀོད་བྱས་ཚུན་གྱི་དམའ་ཤོས་སུ་སླེབས་པ་དང་། ལོ་7བསྟུད་མར་ཆག་ཡོད། ཐན་ཅིན་གྲོང་ཁྱེར་དུ་སྤྱི་ལོ་2020ལོར་གནམ་གཤིས་ཡག་པོ་བསྟན་པའི་ཉིན་གྲངས་དེ་ཉིན་245ཟན་ནས་སྤྱི་ལོ་2019ལོ་ལས་ཉིན་26མང་དུ་སོང་ཡོད། ཧོ་པེ་ཞིང་ཆེན་ཡོངས་སུ་གནམ་གཤིས་ཡག་པོ་བསྟན་པའི་ཉིན་གྲངས་དེ་ཆ་སྙོམ་ཐོག་ཉིན་234ཟིན་ནས་སྤྱི་ལོ་2019ལོ་ནས་ཉིན་29འཕར་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་སྟོན་གནང་བར། མཁའ་རླུང་སྤུས་ཚད་མངོན་གསལ་དོད་པོས་ལེགས་སུ་འགྲོ་བ་བྱ་རྒྱུ་དེ་བླང་བྱ་ནན་པོ་ཞིག་ཏུ་བརྩིས་ནས་མཉམ་འགོག་མཉམ་བཅོས་བྱེད་ཤུགས་ཆེ་རུ་བཏང་སྟེ་སྦགས་བཙོག་ཚབས་ཆེའི་གནམ་གཤིས་བསྟན་ཚད་སྤྱིའི་ཆ་ནས་མི་ཐོན་པ་བྱས་ཐོག་རྒྱ་ཆེའི་མང་ཚོགས་ལ་གནམ་སྔོ་ཞིང་སྤྲིན་དཀར་ལྡིང་བ་དང་། སྐར་ཚོགས་ལྷམ་ལྷམ་དུ་འཕྲོ་བའི་ཁོར་ཡུག་གཏོད་དགོས་ཞེས་ནན་སྟོན་གནང་ཡོད།

ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པའི་རིང་། པེ་ཅིང་དང་ཐན་ཅིན། ཧོ་པེ་བཅས་ས་ཁུལ་གསུམ་གྱིས་རོགས་ལས་སྒྲིག་གཞི་དང་། གཅིག་འགྱུར་ཁྲིམས་བཙུགས། གཅིག་འགྱུར་ཚད་གཞི། མཉམ་འབྲེལ་ཁྲིམས་བསྟར་སོགས་ཕྱོགས་མང་པོའི་ཐད་མཉམ་ལས་གཏིང་ཟབ་སྤེལ་བས་འབྱུང་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱ་རྒྱུར་འགག་གཏོར་གསར་པ་བྱུང་ཡོད། མཁའ་རླུང་གཙང་སེལ་གྱི་བྱ་སྤྱོད་འཆར་གཞི་དང་གནམ་སྔོན་སྲུང་སྐྱོབ་དམག་འཐབ་ལ་རྒྱལ་ཁ་ལེན་པའི་བྱ་སྤྱོད་ལག་ལེན་བསྟར་བ་དང་། རྡོ་སོལ་ཉུང་གཏོང་དང་ཐོན་ལས་གྲུབ་གཞི་ལེགས་སྒྲིག རླངས་འཁོར་གྱི་འབུད་བཤངས་བཅོས་སྒྲིག་སོགས་ཀྱི་ཐད་འབད་བརྩོན་ཆེན་པོ་བྱས་ཡོད། པེ་ཅིང་གྲོང་ཁྱེར་གྱིས་རྡོ་སོལ་སྤྱོད་ཚད་དེ་ཆེས་མང་ཤོས་ཀྱི་ཏུན་བྱེ་བ་གསུམ་ནས་མིག་སྔའི་ཏུན་བརྒྱའི་ཡས་མས་བར་ཉུང་དུ་སོང་ནས་རིམ་རྩིས་བྱས་ན་བརྒྱ་ཆ་97ཉུང་དུ་སོང་ཡོད། གློག་ཤུགས་དང་སོལ་རླངས་སོགས་དྭངས་གཙང་སྤུས་ལེགས་ནུས་རྒྱུ་སྤྱོད་ཚད་བརྒྱ་ཆ་96ཟིན་ཡོད། གཅིག་འཕར་བ་དང་གཅིག་ཆག་པ་དེའི་ཐོག་ནས་པེ་ཅིང་གི་ནུས་རྒྱུའི་གྲུབ་གཞིར་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་བྱུང་བ་མཚོན་གྱི་ཡོད།

ཐན་ཅིན་གྲོང་ཁྱེར་གྱིས་ངར་ལྕགས་ཀྱིས་གྲོང་ཁྱེར་བསྐོར་བ་དང་གླིང་ཁུལ་གྱིས་གྲོང་ཁྱེར་བསྐོར་བའི་རྣམ་པར་འགྱུར་བ་གཏོང་ཆེད། སྤྱི་ལོ་2020ལོར་ཁ་ཐོར་ཆེ་ཞིང་བཙོག་ཟིང་ཆེ་བའི་ཁེ་ལས་2ཁྲི་ལྷག་ལ་བཅོས་སྒྲིག་བྱས་པ་དང་བཟོ་ལས་གླིང་ཁུལ་132ཕྱིར་འཐེན་བྱས་པ། རྡོ་སོལ་ལ་བརྟེན་ནས་དྲོད་ལེན་པའི་ཐེམ་དུད་ས་ཡ་གཅིག་དང་ཉིས་འབུམ་བཅོས་སྒྲིག་གཙང་སེལ་བྱས་པ་བཅས་བྱས་ཡོད།

སྨུག་རྡུལ་གནམ་གཤིས་བཅོས་སྒྲིག་བྱེད་པར་གཅིག་ནས་ཁེ་ལས་ལ་ལྟ་སྐུལ་བྱེད་དགོས་ལ། དེ་བས་སྲིད་གཞུང་ལ་ལྟ་སྐུལ་དགོས། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པའི་རིང་། པེ་ཅིང་དང་ཐན་ཅིན། ཧོ་པེ་བཅས་ས་ཁུལ་གསུམ་གྱིས་རིམ་ཁག་སྲིད་གཞུང་གིས་རིམ་པ་གཞིར་བཟུང་ཁོར་སྲུང་འགན་འཁྲི་དོན་འཁྱོལ་བྱ་རྒྱུར་ལྟ་སྐུལ་བྱས་ཡོད། བརྙན་ཡོལ་ཆེན་པོའི་ཐོག་ཧོ་པེ་ཞིང་ཆེན་གྱི་གྲོང་ཁྱེར་དང་རྫོང་ཁག་གི་གྲངས་གཞི་ཆེན་མོའི་བང་རིམ་དང་། མཁའ་རླུང་སྤུས་ཚད་སུ་ཡག་པ་ཡོད་མེད་བལྟས་པ་ཙམ་གྱིས་ཤེས་ཐུབ་པ་དང་། དཔྱད་དཔོག་གྲུབ་འབྲས་ཟླ་བ་རེར་བརྡ་ཁྱབ་རེ་བཏང་ཏེ་ལེགས་པར་བྱ་དགའ་དང་སྡུག་པར་ཆད་པ་གཅོད་ཀྱི་ཡོད།

མིག་སྔར། པེ་ཅིང་དང་ཐན་ཅིན། ཧོ་པེ་བཅས་ས་ཁུལ་གསུམ་གྱིས་འཕྲུལ་སྒུལ་འཁོར་ལོ་དང་གཞུང་ལམ་འགུལ་འཁྱེར་འཕྲུལ་ཆས་མིན་པའི་འབུད་བཤངས་འགོག་བཅོས་སྲོལ་ཡིག་དུས་མཉམ་དུ་ལག་ལེན་བསྟར་བཞིན་ཡོད་པ་དང་། ཁྲའེ་ཡའུ་སྣུམ་བླུགས་མཁན་གྱི་རླངས་འཁོར་ཆེ་གྲས་ཀྱིས་ཚད་ལས་འདས་པའི་འབུད་བཤངས་བྱ་རྒྱུར་དོ་དམ་ཚོད་འཛིན་ནན་པོ་བྱེད་པ་དང་། ཆུ་ཚོད་24རིང་བར་མཚམས་མེད་པར་པེ་ཅིང་དང་ཐན་ཅིན། ཧོ་པེ་བཅས་ཀྱི་ཁྲའེ་ཡའུ་སྣུམ་བླུགས་མཁན་གྱི་རླངས་འཁོར་ཡོད་ཚད་ལ་སྦགས་བཙོག་འབུད་བཤངས་བརྟག་དཔྱད་བྱས་ཏེ་ཚད་ལས་འདས་པའི་འབུད་བཤངས་བྱེད་མཁན་རླངས་འཁོར་གྱི་ཆ་འཕྲིན་མཉམ་སྤྱོད་བྱས་ཐོག་མཉམ་འགོག་མཉམ་བཅོས་ཐུབ་པ་བྱེད་བཞིན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

中央广播电视总台 央广网 版权所有

མཉམ་འགོག་མཉམ་བཅོས་བྱས་པས་པེ་ཅིང་དང་ཐན་ཅིན། ཧོ་པེ་བཅས་ཀྱི་རླུང་ཁམས་ཆེན་མོའི་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་རྒྱུན་འཁྱོངས་དང་། འབྱུང་ཁམས་ཁོར་ཡུག་མཉམ་འཛུགས་མཉམ་འགོག་མཉམ་བཅོས་བྱེད་ཤུགས་ཆེ་རུ་བཏང་ཏེ་རྒྱུན་བསྲིང་ལྷོད་མེད་ཐོག་ནས་པེ་ཅིང་དང་ཐན་ཅིན།