ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

བོད་ལྗོངས་ཀྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་བཀོད་ཐད་མ་དངུལ་སྒོར་དུང་ཕྱུར་475.46 བཏང་ཡོད།

2021-01-22 11:15:00     责编:sangjzm

མི་དམངས་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཐིང་ནས་ཤེས་གསལ་བྱུང་བ་སྟེ། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ལྗོངས་ཀྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་བཀོད་ཐད་མ་དངུལ་སྒོར་དུང་ཕྱུར་475.46བཏང་ཡོད་ཅིང་། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་སྤྱི་པའི་ཆུ་མཁོ་འདོན་བྱེད་ཚད་དང་། བཙོག་ཆུ་དང་གད་སྙིགས་གཙང་སེལ་བྱེད་ཚད། གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་ཆུ་ཚད་བཅས་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དང་། བོད་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དུ་སྡོད་རྒྱུར་དེ་བས་འཚམ་པ་དང་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་མུ་མཐུད་ཆེ་རུ་ཕྱིན་ཡོད།

“ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ལྗོངས་ཀྱིས་གྲོང་ཁྱེར་དོ་དམ་ལས་དོན་གྱི་རྨང་གཞིའི་སྒྲིག་བཀོད་ཁྱབ་ཁོངས་ཀྱི་ཞན་ཆ་གསབ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། སྔ་རྗེས་སུ་ལྷ་ས་གྲོང་ཁྱེར་རྔ་ཆེན་ཆུ་མཁོ་འདོན་བཟོ་གྲྭ་སོགས་ཆུ་མཁོ་འདོན་བཟོ་གྲྭ་9བསྐྲུན་ཡོད་པ་རེད། 2019ལོའི་ལོ་མཇུག་བར། ལྗོངས་ཡོངས་ཀྱི་གྲོང་ཁྱེར་སྤྱི་པའི་ཆུ་མཁོ་འདོན་བྱེད་ཚད་94.75%ཟིན་ནས་“ལོ་ལྔ་ཚན་བཅུ་གཉིས་པའི”དུས་མཇུག་ལས་བརྒྱ་ཆའི་གྲངས་9.75མཐོ་རུ་ཕྱིན་ཡོད།

གྲོང་ཁྱེར་གྱི་ལམ་དྲའི་མ་ལག་སྐྲུན་པའི་ཐད། བོད་ལྗོངས་ཀྱིས་ལྷ་ས་དང་གཞིས་རྩེ་སོགས་གྲོང་ཁྱེར་དུ་སྔ་རྗེས་སུ་གྲོང་ཁྱེར་སྲིད་དོན་གཞུང་ལམ་51དང་གྲོང་སྲིད་ཟམ་པ་6བསྐྲུན་པས་ལྗོངས་ཡོངས་སུ་གྲོང་སྲིད་ལམ་བུའི་རིང་ཚད་སྤྱི་ལེ་155གསར་སྣོན་ཐུབ་ཡོད།

2016ལོ་ནས་བཟུང་བོད་ལྗོངས་ཀྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་གཙང་སེལ་སྒྲིག་བཀོད་ཁྱོན་བསྡོམས71དང་འཚོ་བའི་གད་སྙིགས་གནོད་མེད་གཙང་སེལ་སྒྲིག་བཀོད122བསྐྲུན་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་36.57བཏང་ཡོད། 2019ལོའི་ལོ་མཇུག་བར་བོད་ལྗོངས་ཀྱིས་གྲོང་ཁྱེར་གྱི་བཙོག་ཆུ་གཙང་སེལ་བྱེད་ཚད་94.94%ཟིན་པ་དང་རྫོང་རིམ་པ་ཡན་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་གཙང་སེལ་བྱེད་ཚད་75.4%ཟིན་ཡོད་པ་རེད།

གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་ཚང་དུ་ཕྱིན་པ་དེས་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་འཕེལ་རིམ་མགྱོགས་སུ་ཕྱིན་ནས་བོད་ལྗོངས་ནི་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཕྱོགས་སུ་སྐྱོད་འགོ་ཚུགས་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ལྗོངས་ཀྱིས་སྔ་རྗེས་སུ་མ་དངུལ་སྒོར་དུང་ཕྱུར་89ལྷག་ཙམ་བཏང་ནས་སྣོད་བཅུད་ཁོར་ཡུག་བཟང་བ་དང་། རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་བ། ཐོན་ལས་རྨང་གཞི་བརྟན་པ་བཅས་ཀྱི་ཁྱད་ལྡན་གྲོང་ཁྱེར་དང་གྲོང་རྡལ་ཆུང་གྲས་ཀྱི་དཔེ་སྟོན་ས་ཚིགས་26སྒོ་ཀུན་ནས་བསྐྲུན་ཡོད།

ཇ་རྟ་གནའ་ལམ་གྱི་ལམ་རྒྱུད་དུ་ཡོད་པའི་སྨར་ཁམས་རྫོང་ཆུ་ཚན་ཁ་ཤང་ལ་“བོད་ཤར་ཆུ་ཚན་གྱི་ཕ་ཡུལ”ཞེས་པའི་མཚན་སྙན་ཐོབ་ཡོད། ཁྱད་ཆོས་ལྡན་པའི་གྲོང་ཁྱེར་དང་གྲོང་རྡལ་ཆུང་གྲས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་བསྟུན་ནས་ཆུ་ཚན་ཁ་ཤང་འཕེལ་རྒྱས་ཀྱི་མྱུར་བགྲོད་ལམ་བུའི་ཐོག་སྐྱོད་ཐུབ་ཡོད། “ད་ཆ།དམངས་སྲོལ་སྡོད་ཁང་དང་། ལུས་གསོའི་ལྟེ་གནས། མགྲོན་ཁང་ཚོང་ལས་བཅས་ཚུད་པའི་ཆུ་ཚན་སྤྲོ་གསེང་བྱ་ཡུལ་རིམ་བཞིན་འཐུས་ཚང་དུ་ཕྱིན་ཡོད། ཆུ་ཚན་ཐོན་ལས་ལས་བྱུང་བའི་ཡུལ་སྐོར་ཕན་འབྲས་ཀྱི་ཤུགས་རྐྱེན་འོག་ས་གནས་དེ་གའི་མི་རེའི་ཟླ་རེའི་ཆ་སྙོམས་ཀྱི་ཡོང་འབབ་སྒོར་5000ལྷག་ཙམ་སླེབས་ཡོད”ཅེས་ཆུ་ཚན་ཁ་ཤང་གི་ཁྱད་ལྡན་གྲོང་རྡལ་ཆུང་གྲས་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་ལིའུ་ཞན་རུང་གིས་དེ་ལྟར་བཤད།

བོད་རང་སྐྱོང་ལྗོངས་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཐིང་གི་ཐིང་ཀྲང་གཞོན་པ་ཅང་ཡའེ་ཞ་ཡིས་བསྟན་དོན། གོམ་རིམ་རྗེས་མར། བོད་ལྗོངས་ཀྱིས་མུ་མཐུད་དུ་ཞན་ཆ་དང་ཉམས་ཞན་རྣམ་གྲངས་ནས་འགོ་བརྩམས་ཏེ་མུ་མཐུད་དུ་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་དང་། གྲོང་ཁྱེར་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་བ་དང་། ལས་སྤེལ་དང་གནས་སྡོད། སྤྲོ་གསེང་། ཡུལ་སྐོར་བཅས་འཚམ་པའི་མི་སྡོད་ཁོར་ཡུག་བཟང་པོ་ཞིག་བསྐྲུན་རྒྱུ་རེད།

“བོད་ལྗོངས་ཀྱིས་‘ལོ་ལྔ་ཚན་བཅུ་བཞི་པའི་’རིང་མཁར་གྲོང་རྙིང་བའི་སྡོད་ཁུལ20དང་གྲོང་ཁྱེར་གྲོང་རྡལ་གྱི་སྤྱིལ་ཁྱིམ་ཁུལ་གྱི་སྡོད་ཁང་5432བསྒྱུར་བཅོས་བྱ་རྒྱུ་དང་།འགན་སྲུང་རང་བཞིན་གྱི་སྡོད་ཁང་2406འཛུགས་སྐྲུན་བྱེད་འགོ་བརྩམ་རྒྱུུ”ཞེས་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་འགན་འཁུར་བས་བཤད།

http://tibet.people.com.cn/15835565.html

འཛམ་གླིང་སྐར་ཁུངས།

གཞི་གྲངས་འདིར་བལྟས་ན་མི་སེམས་ལ་ན་ཟུག་སྦྱིན་པར་བྱེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐེ་ལེ་སི(古特雷斯)ཡིས་བརྙན་ལམ་གསལ་བསྒྲགས་ཤིག་གི་ནང་བསྟན་དོན། ནད་དཔེ་ཁྲི200ལ་སླེབས་པ་དེ“མི་སེམས་ན་པ”ཞིག་རེད། “ཚེ་སྲོག་ཁྲི200ལ་དྲན་གསོ་ཞུ་ཆེད་འཛམ་གླིང་གིས་ངེས་པར་དུ་ཧུར་ཐག་གིས་མཐུན་སྒྲིལ་ལག་གདང་སྦྲེལ་ནས་རིམས་འགོག་བྱ་དགོས”ཟེར།

中央广播电视总台 央广网 版权所有

བོད་ལྗོངས་ཀྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་བཀོད་ཐད་མ་དངུལ་སྒོར་དུང་ཕྱུར་475.46 བཏང་ཡོད།

གསར་འགོད་པས་བོད་རང་སྐྱོང་ལྗོངས་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཐིང་ནས་ཤེས་གསལ་བྱུང་བ་སྟེ། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ལྗོངས་ཀྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་བཀོད་ཐད་མ་དངུལ་སྒོར་དུང་ཕྱུར་475.46བཏང་ཡོད་ཅིང་། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་ར