ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

བོད་ལྗོངས་མངའ་རིས་དགུན་ས་གནམ་ཐང་གིས་བྱེད་ཐབས་སྣ་མང་སྤྱད་ནས་གནམ་གཤིས་ངན་པར་ཁ་གཏད་བཅག་པ།

2021-01-22 11:13:00     责编:sangjzm

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། བོད་ལྗོངས་མངའ་རིས་དགུན་ས་གནམ་ཐང་དུ་ལྷགས་པ་ཆེན་པོ་བརྒྱབ་པ་དང་། གངས་བབས་པ། འཁྱག་པ་ཐེབས་པ་སོགས་ཀྱི་རྙོག་འཛིང་ཆེ་བའི་གནམ་གཤིས་ངན་པ་ཡང་ཡང་བསྟན་པ་རེད།

གནམ་ཐང་གིས་བྱེད་ཐབས་སྣ་མང་མཉམ་དུ་སྤྱད་དེ་གནམ་གཤིས་ལ་རྒྱུན་མཐུད་དོ་ཁུར་བྱས་ནས་སྔ་སྣུར་དུ་གནམ་གཤིས་སྔོན་བརྡ་གཏོང་བ་དང་། ཐོན་སྐྱེད་འགན་ལེན་ཚན་པ་ཁག་གིས་ཉེན་བརྡ་འབྱོར་སྐབས་ལུགས་མཐུན་གྱི་ལྷགས་པ་ཆེན་པོ་འགོག་ཟོན་བྱེད་ཐབས་སྤྱད་ནས་ཁ་གཏད་ཧུར་ཐག་བཅག་སྟེ། རྙོག་འཛིང་ཆེ་བའི་གནམ་གཤིས་ཁྲོད་ཀྱི་མཁའ་འགྲུལ་བདེ་འཇཌ་འགན་ལེན་ལས་དོན་ཡག་པོ་བསྒྲུབས་པ་རེད།

གསར་འགོད་པར་མངའ་རིས་དགུན་ས་གནམ་ཐང་ནས་ཤེས་རྟོགས་བྱུང་བར། ན་ནིང་ཟླ་12པའི་ཚུན་དུ་མངའ་རིས་དགུན་ས་གནམ་ཐང་དུ་ལྷགས་པ་ཆེན་པོ་སོགས་དམིགས་བསལ་གྱི་རྙོག་འཛིང་ཆེ་བའི་གནམ་གཤིས་ཐེངས་14བསྟན་པ་དེ་དུས་མཚུངས་ལས་87.5%འཕར་བ་དང་། དུས་གཏན་གནམ་གྲུ་6བསྐྱར་འཕུར་དང་ཕྱིར་ལོག་བྱས་པ་དང་ལྷག་པར་དུ་ཞང་ཕེང་མཁའ་འགྲུལ་མངའ་རིས་དགུན་ས་གནམ་ཐང་དུ་འཁོར་སྐྱོད་ཀྱི་དུས་ཚོད་ཕྱི་དྲོར་གཅིག་སྡུད་བྱས་ཡོད་པས། རྙོག་འཛིང་ཆེ་བའི་གནམ་གཤིས་ཀྱིས་དུས་གཏན་གནམ་གྲུ་རྒྱུན་གཏན་ལྟར་འཁོར་རྒྱུག་བྱེད་པར་ཤུགས་རྐྱེན་དེ་བས་ཚབས་ཆེན་བཟོས་ཡོད།
ལྷགས་པ་ཆེན་པོའི་གནམ་གཤིས་ལས་དུས་གཏན་གནམ་གྲུ་འགོར་འགྱངས་བྱས་པར་མངའ་རིས་དགུན་ས་གནམ་ཐང་གིས་འཕྲལ་མར་མཁའ་འགྲུལ་ཀུང་སི་ཁག་གིས་དུས་ཐོག་ཏུ་འགྲུལ་པར་བརྡ་ཐོ་གཏོང་བའི་བླང་བྱ་བཏོན་པ་དང་། གནམ་ཐང་དུ་འབྱོར་ཟིན་པའི་འགྲུལ་པར་མཁའ་འགྲུལ་ཀུང་སིས་དུས་ཐོག་ཏུ་བཀོད་སྒྲིག་བྱས་ཏེ་དུས་གཏན་གནམ་གྲུའི་དུས་ཚོད་སྒྱུར་བ་སོགས་ཀྱི་བྱེད་སྟངས་སྤྱད་ནས་འགྲུལ་པ་རྒྱུན་གཏན་ལྟར་ཕྱིར་སྐྱོད་པར་འགན་ལེན་བྱེད་པ། དུས་གཏན་གནམ་གྲུ་འཕུར་སྐྱོད་མ་བྱས་པ་ལ་མཁའ་འགྲུལ་ཀུང་སིས་རིན་མེད་ངང་འགྲུལ་པར་རྒྱབ་ཕྱོགས་མཁོ་སྒྲུབ་ཀྱི་ཞབས་འདེགས་ཞུ་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

འཛམ་གླིང་སྐར་ཁུངས།

གཞི་གྲངས་འདིར་བལྟས་ན་མི་སེམས་ལ་ན་ཟུག་སྦྱིན་པར་བྱེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐེ་ལེ་སི(古特雷斯)ཡིས་བརྙན་ལམ་གསལ་བསྒྲགས་ཤིག་གི་ནང་བསྟན་དོན། ནད་དཔེ་ཁྲི200ལ་སླེབས་པ་དེ“མི་སེམས་ན་པ”ཞིག་རེད། “ཚེ་སྲོག་ཁྲི200ལ་དྲན་གསོ་ཞུ་ཆེད་འཛམ་གླིང་གིས་ངེས་པར་དུ་ཧུར་ཐག་གིས་མཐུན་སྒྲིལ་ལག་གདང་སྦྲེལ་ནས་རིམས་འགོག་བྱ་དགོས”ཟེར།

中央广播电视总台 央广网 版权所有

བོད་ལྗོངས་མངའ་རིས་དགུན་ས་གནམ་ཐང་གིས་བྱེད་ཐབས་སྣ་མང་སྤྱད་ནས་གནམ་གཤིས་ངན་པར་ཁ་གཏད་བཅག་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། བོད་ལྗོངས་མངའ་རིས་དགུན་ས་གནམ་ཐང་དུ་ལྷགས་པ་ཆེན་པོ་བརྒྱབ་པ་དང་། གངས་བབས་པ། འཁྱག་པ་ཐེབས་པ་སོགས་ཀྱི་རྙོག་འཛིང་ཆེ་བའི་གནམ་གཤིས་ངན་པ་ཡང་ཡང་བསྟན་པ་རེད།