ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་རང་འགན་ཐེག་པ་འཁུར་ལེན་ལེགས་པར་མངོན།

2021-01-22 10:59:00     责编:sangjzm

—— 2020ལོའི་རང་སྐྱོང་ལྗོངས་སྲིད་གྲོས་ལས་དོན་སྐོར་གྱི་སྒྲིལ་གླེང་།

2020ལོའི་འགན་སྒྲུབ་ཀྱི་རྒྱུགས་ཤོག་ཁ་ཕྱེ་སྐབས། བསྒམ་ནན་དང་འཐུས་སྒོ་ཚང་བ་ནི་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ལས་དོན་གྱི་མངོན་གསལ་དོད་པའི་ཁྱད་ཆོས་ཤིག་རེད།

འདས་ཟིན་པའི་2020ལོར་རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་རྒྱལ་ཡོངས་སྲིད་གྲོས་ཀྱི་མཛུབ་ཁྲིད་ཞིབ་ཚགས་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ལྗོངས་ཡོངས་ཀྱི་སྲིད་གྲོས་རྩ་འཛུགས་དང་། སྲིད་གྲོས་ཀྱི་ཁོངས་ཞུགས་ཚན་པ་དང་རྒྱ་ཆེའི་ཨུ་ཡོན་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་དང་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས། རང་འགུལ་ངང་བྱས་རྗེས་འཇོག་པ། རང་འགན་ཐེག་པ་འཁུར་ལེན། འབད་འབུངས་ཡར་བརྩོན་བཅས་བྱས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་ཕུལ་ཡོད།

ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས།

རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་སྦྱངས་པ།

ལོ་གཅིག་རིང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་དང་། ལྷག་དོན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དྲིལ་བསྒྲགས་དང་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ལ་བརྩིས་ནས། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་གི་ལས་དོན་ཚོགས་འདུ་དང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་སོགས་སློབ་སྦྱོང་བྱེད་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། འཕྲལ་མར་ཏང་ཙུའི་ཚོགས་འདུ་དང་ཀྲུའུ་ཞིའི་ཚོགས་འདུ་འཚོགས་ནས་དུས་ཐོག་རྗེས་སྙེག་གིས་སྦྱོང་བ་དང་། གོ་བ་གཏིང་ཟབ་བླངས་ནས་སྦྱོང་བ། དོན་དངོས་དང་ཟུང་འབྲེལ་གྱིས་སྦྱོང་བ་བཅས་བྱས་པ་དང་། རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་དང་ལྗོངས་ཡོངས་ཀྱི་ས་ཁུལ(གྲོང་ཁྱེར)གྱི་སྲིད་གྲོས་ཀྱི་ཀྲུའུ་ཞིའི་བཞུགས་མོལ་ཚོགས་འདུ་དང་སྒྲོག་འགྲེལ་ཚོགས་འདུ་འཚོགས་ནས་འགོ་ཁྲིད་ལ་ཤུགས་སྣོན་དང་། སྤྱི་འདོམས་ཇུས་འགོད། ཚད་གཞི་མཐོ་པོས་སྐུལ་འདེད་བཏང་ཡོད། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་གྱིས་འགོ་ཁྲིད་ནས་ཆེད་དོན་ཟུར་ཁྲིད་གནང་བ་དང་། ཀྲུའུ་ཞི་གཞོན་པ་15ཡིས་འབྲེལ་གཏུག་ས་ཚིགས་དང་ས་ཁུལ(གྲོང་ཁྱེར)དང་རྫོང(ཆུས)གི་སྲིད་གྲོས་དང་རིགས་ཁོངས་ཀྱི་ཨུ་ཡོན་ཁྲོད་དུ་ཕེབས་ནས་སྒྲོག་འགྲེལ་གནང་བས། སྲིད་གྲོས་ཀྱི་གོང་འོག་དང་ཨུ་ཡོན་ཚང་མ་སྣེ་ཁྲིད་ཐུབ་སྟེ་བསམ་བློ་ཆབ་སྲིད་ཀྱི་མོས་སེམས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད།

ལོ་གཅིག་རིང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་ལྟ་ཞིབ་དང་བརྟག་ཞིབ་མ་བྱས་གོང་སློབ་སྦྱོང་གསོ་སྦྱོང་བྱེད་རྒྱུ་མཐའ་འཁྱོངས་བྱས་ཤིང་། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་དང་སྡེ་ཚན་གྱི་འགན་འཁུར་བ་སྲིད་ཇུས་དང་ཁྲིམས་སྲོལ་གསལ་འགྲེལ་དང་འབྲེལ་ཡོད་གནས་ཚུལ་ཐེངས་10ལྷག་ཙམ་བརྡ་ཁྱབ་གཏོང་བར་གདན་དྲངས་ཏེ། གནས་ཚུལ་དང་ཆབ་སྲིད་གསལ་པོ་ཤེས་པ་དང་དོགས་གནད་སེལ་བ་སོགས་ཀྱི་གྲ་སྒྲིག་ལས་ཀ་ཡག་པོ་བསྒྲུབས་ཡོད། “ཚན་རིག་དང་མཐུན་པའི་སྒོ་ནས‘ལོ་ལྔ་ཚན་བཅུ་བཞི་པའི’འཆར་འགོད”སྒྲིག་བཟོར་དམིགས་ནས་བརྟག་ཞིབ་གཏིང་ཟབ་བྱས་པ་དང་། ཆེད་དོན་སྲིད་གླེང་རང་བཞིན་གྱི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཆེད་མངགས་འཚོགས་ནས་གྲོས་འགོར་གྲོས་མོལ་བྱས་པས། བརྟག་དཔྱད་སྙན་ཞུ་དང་ཚོགས་ཆེན་གྱི་གཏམ་བཤད་15དང་། བསམ་འཆར་དང་གྲོས་འགོ་90ལྷག་ཙམ་གྲུབ་ཡོད། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཙོ་གནད་ཁྱབ་ཁོངས་ལ་དམ་པོར་དམིགས་ནས“གྲོང་གསེབ་ཀྱི་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་གསར་གཏོད”དང་། “རང་བྱུང་འཐུང་ཆུའི་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་བ” “རང་ལྗོངས་ཀྱི་འབྲི་གཡག་འདེམས་གསོ་དང་བོད་ཀྱི་ཡུལ་ལུག་གི་རྒྱུད་པ་ལེགས་བཅོས”སོགས་ཟླ་ཟུང་གྲོས་མོལ་དང་བཞུགས་མོལ་ཚོགས་འདུ་ཐེངས་6འཚོགས་པ་རེད།

“ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་ཁྲོད་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་གནད་དོན”དང་། “དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ”སོགས་ལ་དམིགས་ནས་ཆེད་དོན་གཟིགས་ཞིབ་གནང་བ་དང་། “ཁེ་ལས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ”སོགས་ཀྱི་བརྗོད་དོན་གཙོ་བོ་བདམས་ནས་བརྟག་ཞིབ་སྲིད་གླེང་ཐེངས་15བྱས་པ་རེད། རྒྱལ་ཡོངས་སྲིད་གྲོས་ལ་གཞོགས་འདེགས་བྱས་ནས“བོད་ཀྱི་མི་རིགས་ཆོས་ལུགས་ལས་དོན”དང“ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོཌ་མཐའ་འཁྱོངས”སོགས་ལ་དམིགས་ནས་བརྟག་ཞིབ་ཐེངས་3བྱས་པ་དང་། སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་སྲིད་གྲོས་དང་མཉམ་དུ་ཆེད་དོན་བརྟག་ཞིབ་ཐེངས་15བྱས་པས་གྲོས་མོལ་མཉམ་ལས་བྱེད་ཟབ་ཏུ་ཕྱིན་པ་དང་སྤུས་ཚད་མཐོ་རུ་དང་ནུས་པ་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་ཐུབ་ཡོད།

དམངས་ཆེད་འགན་སྒྲུབ་མཐའ་འཁྱོངས་བྱས་ནས།

དམངས་འཚོ་ལེགས་གཏོང་གི་ལས་དོན་ཡག་པོ་བསྒྲུབས་པ།

ལོ་གཅིག་རིང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་རིགས་ཁོངས་ཁག་གི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་སྔོན་ཚུད་འགན་སྒྲུབ་དང་རང་འགན་ཐེག་པ་འཁུར་ལེན་བྱས་ནས། “དབུལ་སྒྲོལ་དུས་མཇུག་སྐབས་ཀྱི་བལྟོས་བཅས་དབུལ་ཕོངས་སེལ་བའི་ཕུགས་ཕན་ལམ་སྲོལ”སོགས་ཀྱི་ཞིབ་འཇུག་བྱ་གཞི་ལེགས་པར་བདམས་ནས་བརྟག་ཞིབ་སྲིད་གླེང་བྱས་པས། ཕྱོགས་བསྡུས་དང་ཆེད་དོན་སྙན་ཞུ་8གྲུབ་པ་དང་། བསམ་འཆར་དང་གྲོས་འགོ་ཁག་200ལྷག་ཙམ་བཏོན་ཡོད། ཞིང་ཆེན་རིམ་པའི་ལས་བྱེད་པས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བར་འབྲེལ་གཏུག་དང་ལྟ་སྐུལ་མཛུབ་ཁྲིད་ཀྱི་ལམ་སྲོལ་མཐའ་གཅིག་ཏུ་ལག་ལེན་བསྟར་བ་དང་། ཀྲུང་དབྱང་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་ཀྱི“ཕྱིར་མིག་ལྟ་བའི”ཚུར་ལན་གནད་དོན་དག་ཐེར་དང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བར་སྐུལ་འདེད་གཏོང་རྒྱུར་དམིགས་ནས་བརྟག་ཞིབ་དང་ལྟ་སྐུལ་བྱས་ཏེ། དབུལ་སྒྲོལ་འགག་སྒྲོལ་ལ་ཡོངས་ཁྱབ་ཞིབ་བཤེར་དང་ཕྱོགས་གསུམ་པའི་ཕན་ཚུན་དཔྱད་ཞིབ་ཀྱི་ལས་དོན་ལེགས་སྒྲུབ་ཡོང་བར་རམ་འདེགས་བྱས་པ་རེད།

2020ལོ་ཧྲིལ་པོར་གྲོས་གཞི་374བདག་སྤྲོད་བྱས་པའི་ཁྲོད་ནས་གྲོས་གཞི་346སྒྲུབ་ཁོངས་སུ་བཅུག་ཅིང་། སྲིད་གཞུང་གི་འགོ་ཁྲིད་ཀྱིས་གྲོས་གཞི་གཙོ་བོ་11ལྟ་སྐུལ་སྒྲུབ་གཉེར་བྱེད་པ་དང་སྲིད་གྲོས་ཀྱི་འགོ་ཁྲིད་ཀྱིས་གྲོས་གཞི་གཙོ་བོ་11ལྟ་སྐུལ་སྒྲུབ་གཉེར་བྱེད་པའི་གྲས་སུ་བཅུག་པས། གྲོས་གཞི་སྒྲུབ་གཉེར་དང་ལན་རྒྱག་ཚད་100%ཟིན་ཡོད། ཆ་འཕྲིན་དྲིལ་བསྒྲགས་ལས་དོན་ལ་ཤུགས་སྣོན་དང་སྲིད་གྲོས་ཀྱི“ཐད་གཏོང་རླངས་འཁོར”གྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་ལོ་ཧྲིལ་པོར་སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་འདོད་བློ་མཚོན་པའི་ཆ་འཕྲིན་ཁག་166ཕུལ་བ་དང་། ཆ་འཕྲིན་སྣ་ཚོགས་451བྲིས་པ། ལྗོངས་ཕྱི་ནང་གི་གཙོ་རྒྱུན་སྨྱན་སྦྱོར་ཐོག་སྲིད་གྲོས་ཀྱི་གསར་འགྱུར་538སྤེལ་གཏོང་བྱས་ཡོད།

དམངས་ཆེད་དམིགས་ཡུལ་ལག་ལེན་བསྟར་ནས།

སེམས་ནུས་གཅིག་སྒྲིལ་གྱིས་ལས་དོན་ཧུར་ཐག་བསྒྲུབས་པ།

2020ལོར། ཏོག་གསར་གློ་ཚད་རིམས་ནད་གོ་ལ་ཧྲིལ་པོར་མཆེད་པས་རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཨང་དང་པོར་བཞག་སྟེ། སྲིད་གྲོས་རིགས་ཁོངས་ཁག་གི་ཨུ་ཡོན་དང་མང་ཚོགས་སྐུལ་སློང་བྱས་ནས་དམིགས་བསལ་གྱི་བྱ་ཐབས་ལ་བརྟེན་ནས་དམིགས་བསལ་གྱི་བྱ་བར་ཁ་གཏད་བཅག་པ་དང་། དུས་ཐོག་ཏུ་ལྗོངས་ཡོངས་ཀྱི་སྲིད་གྲོས་རྩ་འཛུགས་སྐུལ་སློང་བྱས་པ་དང་འབྲེལ། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ལ་གྲོས་འགོ་བཏོན་ཡོད། རིམ་ཁག་སྲིད་གྲོས་ཨུ་ཡོན་ཚོས་རིམས་ནད་སྔོན་འགོག་ཚོད་འཛིན་དང་། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ། སྤྱི་ཚོགས་བརྟན་ལྷིང་བཅས་ལ་དམིགས་ཏེ་སྔོན་དཔག་བཞིན་ལས་འགན་གཙང་སྒྲུབ་དང་། ཐབས་ཇུས་འདོན་པ། ནུས་ཤུགས་འདོན་པ་བཅས་བྱས་ནས་གླེང་ཕྱོགས་ཀྱི་ཆ་འཕྲིན་ཁག་བསྡོམས་115ཕུལ་བ་དང་། སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ལས་བྱེད་པ་དང་ལས་བཟོས་ཧུའུ་པེའི་རིམས་ནད་ཁུལ་ལ་དངུལ་དང་དངུལ་ཟོག་བསྡོམས་སྒོར་ཁྲི་400ལྷག་ཙམ་ཞལ་འདེབས་ཕུལ་བ་རེད། སྨན་བཅོས་འཕྲོད་བསྟེན་རིགས་ཁོངས་ཀྱི་ཨུ་ཡོན་ཚོས་རིམས་ནད་སྔོན་འགོག་ཚོད་འཛིན་དང་སྐྱོབ་བཅོས་ཀྱི་འཐབ་ས་དང་པོར་འབད་འཐབ་བྱས་པ་དང་འབྲེལ། རིམས་ནད་སྔོན་འགོག་དང་ཚོད་འཛིན་སོགས་ཀྱི་ཤེས་བྱའི་འཆད་ཁྲིད་ཐེངས་320ལྷག་ཙམ་བྱས་པ། ཨུ་ཡོན་ཧྭ་ཏེ་སྨི་སོགས་སྔོན་ཐོན་དཔེ་མཚོན་ཁག་གཅིག་ཐོན་ཡོད།

《རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་2020ལོའི་ལམ་ལུགས་འཛུགས་སྐྱོང་ལས་དོན་འཆར་འགོད》ནན་ཏན་ངང་བཟོས་ནས་ལག་ལེན་བསྟར་བ་དང་། 《ཨུ་ཡོན་གྱིས་འགན་ནུས་གཙང་སྒྲུབ་ཀྱིས་བྱེད་པོའི་ནུས་པ་སྔར་བས་འདོན་སྤེལ་བྱ་རྒྱུའི་སྐོར་གྱི་སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་བྱ་ཐབས(ཚོད་ལྟའི་ལག་བསྟར)》སོགས་ཀྱི་ལམ་ལུགས་དང་ལྷན་སྦྱར་ལམ་སྲོལ་10ལྷག་ཙམ་བཏོན་ནས། ལམ་ལུགས་གཅིག་སྡུད་བྱེད་ཤུགས་ཆེ་རུ་དང་ལམ་ལུགས་ལག་བསྟར་ནན་དུ་བཏང་བས་སྲིད་གྲོས་ལས་དོན་གྱི་ལམ་ལུགས་ཀྱི་ནུས་ཆོད་ཆེ་རུ་ཕྱིན་ཡོད།

བོད་ལྗོངས་སྲིད་གྲོས་ཀྱི་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་དང་པོ་འཚོགས་ནས། ཆེད་དོན་ཨུ་ཡོན་ལྷན་ཁང་གི་ལས་དོན་ལ་སྐུལ་འདེད་བཏང་སྟེ་སོ་སོར་ཁྱད་ཆོས་ལྡན་པའི་འགན་སྒྲུབ་ཀྱི་སྤུས་རྟགས་བཏོད་ཡོད། ཆེད་དོན་ཨུ་ཡོན་ལྷན་ཁང་བདུན་གྱིས་ལོ་ཧྲིལ་པོར་ལྟ་ཞིབ་དང་བརྟག་ཞིབ་ཐེངས་42བྱས་པ་དང་། བརྟག་ཞིབ་དང་། བཞུགས་མོལ། སྲིད་གླེང་སོགས་ཚོགས་འདུ་སྣ་ཚོགས་ཐེངས་136འཚོགས་པར། ཨུ་ཡོན་མི་ཐེངས་1500ལྷག་ཙམ་ཞུགས་ཡོད།

2021ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་འགོ་ཚུགས་ལོ་ཡིན། འགོ་ཚུགས་ས་གསར་པའི་ཐོག་རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་བློ་གྲོས་ལྡན་པའི་ཐབས་དང་ཇུས་དེ་བས་མང་བ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དམངས་འཚོ་ལེགས་སུ་གཏོང་བའི་ཐབས་ཇུས་ལ་འགྱུར་བ་བྱས་པས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི་སྟོབས་ཤུགས་ཆེན་པོ་ཞིག་གཅིག་སྒྲིལ་ཐུབ་ཡོད།

ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

འཛམ་གླིང་སྐར་ཁུངས།

གཞི་གྲངས་འདིར་བལྟས་ན་མི་སེམས་ལ་ན་ཟུག་སྦྱིན་པར་བྱེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐེ་ལེ་སི(古特雷斯)ཡིས་བརྙན་ལམ་གསལ་བསྒྲགས་ཤིག་གི་ནང་བསྟན་དོན། ནད་དཔེ་ཁྲི200ལ་སླེབས་པ་དེ“མི་སེམས་ན་པ”ཞིག་རེད། “ཚེ་སྲོག་ཁྲི200ལ་དྲན་གསོ་ཞུ་ཆེད་འཛམ་གླིང་གིས་ངེས་པར་དུ་ཧུར་ཐག་གིས་མཐུན་སྒྲིལ་ལག་གདང་སྦྲེལ་ནས་རིམས་འགོག་བྱ་དགོས”ཟེར།

中央广播电视总台 央广网 版权所有

བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་རང་འགན་ཐེག་པ་འཁུར་ལེན་ལེགས་པར་མངོན།

འདས་ཟིན་པའི་2020ལོར་རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་རྒྱལ་ཡོངས་སྲིད་གྲོས་ཀྱི་མཛུབ་ཁྲིད་ཞིབ་ཚགས་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ལྗོངས་ཡོངས་ཀྱི་སྲིད་གྲོས་རྩ་འཛུགས་དང་།