ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ཀྲུང་ཡོའི་དུས་གཏན་མེ་འཁོར“ཁྲང་ཨན་རྟགས་ཅན”གྱི་ དབོར་འདྲེན་ནུས་པ་རྒྱུན་མཐུད་ཆེ་རུ་ཕྱིན་པ།

2021-01-21 10:31:00     责编:sangjzm

ན་ནིང་ལོ་འཁོར་མོར་མེ་འཁོར་ཐེངས་3720བཏང་བ།

ཤིན་ཧྭ་གསར་འགྱུར་ཁང་ཤིས་ཨན་ནས་ཟླ་1ཚེས་18ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཤིས་ཨན་གྲོང་ཁྱེར་གྱིས་ཚེས་18ཉིན་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ན་ནིང་ཀྲུང་ཡོའི་དུས་གཏན་མེ་འཁོར“ཁྲང་ཨན་རྟགས་ཅན”གྱིས་རིམས་ནད་ཀྱི་ཚོད་བགམ་ཁྱད་བསད་བྱས་ནས་དབོར་འདྲེན་ནུས་པའི་གཞི་ཁྱོན་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་བ་དང་ན་ནིང་ལོ་འཁོར་མོར་མེ་འཁོར་ཐེངས་3720བཏང་བས། མེ་འཁོར་གཏོང་ཚད་དང་། དོས་སྒམ་ལྕི་པོ་དབོར་ཚད། ཟོག་འདྲེན་བྱེད་ཚད་སོགས་ལྟེ་བའི་དམིགས་ཚད་ཚང་མ་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།

ཤིས་ཨན་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་ཧོ་ཝུན་ཆོན་གྱིས་རྒྱལ་སྤྱིའི་རིམས་ནད་ཀྱི་ཤུགས་རྐྱེན་མདུན་དུ་ན་ནིང་ཀྲུང་ཡོའི་དུས་གཏན་མེ་འཁོར“ཁྲང་ཨན་རྟགས་ཅན”གྱིས་ཉེན་ཁའི་ཁྲོད་གོ་སྐབས་བཙལ་ནས་མེ་འཁོར་གཏོང་བའི་གཞི་ཁྱོན་རྒྱུན་མཐུད་ཆེ་རུ་བཏང་བ་དང་ལོ་འཁོར་མོར་མེ་འཁོར་ཐེངས་3720བཏང་བ་དེ་2019ལོའི་ལྡབ་1.7ཡིན་པ་དང་། དུས་འགོའི་མེ་འཁོར་གཏོང་ཚད་ལས་ལྡབ་80འཕར་བ། དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་བསྡོམས་ཏུན་ཁྲི་281.1ཟིན་ཏེ་2019ལོ་ལས་60%འཕར་བ་དང་། དུས་འགོའི་མེ་འཁོར་གཏོང་སྐབས་དང་བསྡུར་ན་ལྡབ་40འཕར་ཡོད། དེའི་ཁྲོད་ནས་ཡོ་རོབ་ཕྱོགས་སུ་བཏང་བའི་མེ་འཁོར་གྱིས་རྒྱལ་ཡོངས་ཀྱི་མེ་འཁོར་གཏོང་ཚད་སྤྱི་འབོར་གྱི་20%བཟུང་ཡོད།

ན་ནིང་རྒྱལ་སྤྱིའི་ཚོང་དོན་དུས་བབ་རྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་ཡང་ཀྲུང་ཡོའི་དུས་གཏན་མེ་འཁོར“ཁྲང་ཨན་རྟགས་ཅན”གྱི“གྲོགས་ཚོམ”སྔར་བཞིན་ཟམ་མི་ཆད་པར་རྒྱ་ཆེ་རུ་འགྲོ་བཞིན་ཡོད། ཤིས་ཨན་རྒྱལ་སྤྱིའི་གྲུ་ཁའི་ལས་དོན་ཁུལ་གྱི་ཏང་དོན་ཨུ་ལྷན་གྱི་ཧྲུའུ་ཅི་དང་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་སུན་དབྱི་མིང་གིས་ན་ནིང་ཤིས་ཨན་ནས་ཝི་ཨེན་ན་དང་། དབྱི་སི་ཐན་པོར། དབྱི་ཐ་ལིའི་བྱང་རྒྱུད་གྲོང་ཁྱེར་ཝུའེ་ལོ་ནཱ་སོགས་ལམ་ཐིག་མང་པོ་གསར་དུ་རྒྱ་སྐྱེད་བཏང་བ་དང་ལྷག་པར་དུ་རིམས་ནད་ཐོན་རིང་རྒྱལ་སྤྱིའི་རིམས་འགོག་མཉམ་ལས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་དང་རིམས་འགོག་དངོས་ཟོག་ཏུན་ཁྲི་8ལྷག་ཙམ་ཀྲུང་ཡོའི་དུས་གཏན་མེ་འཁོར“ཁྲང་ཨན་རྟགས་ཅན”བརྒྱུད་ཡོ་རོབ་ཏུ་དབོར་ཡོད།

ད་བར་ཀྲུང་ཡོའི་དུས་གཏན་མེ་འཁོར“ཁྲང་ཨན་རྟགས་ཅན”རྒྱུན་རྣམ་ཅན་གྱི་འཁོར་སྐྱོད་བྱས་ཏེ་ཨེ་ཤེ་ཡ་དབུས་མ་དང་། ཨེ་ཤེ་ཡ་ལྷོ་མ། ཨེ་ཤེ་ཡ་ནུབ་མ། དེ་བཞིན་ཡོ་རོབ་ཀྱི་མ་ལམ་15ལ་ཕྱོགས་ཏེ་ཡོ་རོབ་དང་ཨེ་ཤེ་ཡ་སྐམ་ས་ཆེན་པོའི་ས་ཁོངས་ཡོངས་ལ་ཁྱབ་པ་དང་། 2013ལོའི་ཟླ་11པའི་ཟླ་མཇུག་ཏུ་གཏོང་འགོ་ཚུགས་ཚུན་ཟམ་མི་ཆད་པར་མགྱོགས་སུ་གཏོང་བ་དང་ལམ་ཐིག་མང་དུ་ཕྱིན་ཏེ“རྒྱུད་གཅིག་ལམ་གཅིག”ལམ་རྒྱུད་རྒྱལ་ཁབ་ཀྱི་ཚོང་དོན་འགྲོ་འོང་གི་བགྲོད་ལམ་རྩེ་གྲ་ཞིག་ཏུ་གྱུར་ཡོད།

དུས་གཏན་མེ་འཁོར་གྱི་ཟོག་འགྲེམས་མ་གནས་སྔར་བས་དམའ་རུ་གཏོང་བ་དང་། ཕྱོགས་བསྡུས་ཞབས་ཞུའི་ལས་ཕྱོད་ཆེ་རུ་གཏོང་བ། དུས་གཏན་མེ་འཁོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱ་ཆེད། ཤིས་ཨན་རྒྱལ་སྤྱིའི་གྲུ་ཁའི་ལས་དོན་ཁུལ་གྱིས་ན་ནིང་ཀྲུང་ཡོའི་དུས་གཏན་མེ་འཁོར་གྱི་སྤྱི་པའི་དུས་གཏན་མེ་འཁོར་བཏང་བ་དང་། ཉིན་ལྟར་ཤིས་ཨན་ནས་མཱ་ལ་ཧྲེ་ཝུའེ་ཆི་དང་ཤིས་ཨན་ནས་ཏུའུ་དབྱི་སི་པའོ་བར་དུ་མེ་འཁོར་ཕར་ཚུར་ཐེངས་གཉིས་བཏང་སྟེ། བསྡོམས་ཐེངས་4བཏང་བས། ལྕགས་ལམ་ཚོང་དོན་མཉམ་སྒུལ་ཡག་པོ་ཐུབ་ཡོད། ན་ནིང་ཀྲུང་ཡོའི་དུས་གཏན་མེ་འཁོར“ཁྲང་ཨན་རྟགས་ཅན”ཕྱིར་ལོག་བྱེད་ཚད་ཐེངས་1311ཟིན་པ་དང་དོས་སྒམ་ལྕི་པོ་དབོར་ཚད་100%མུ་མཐུད་རྒྱུན་འཁྱོངས་ཐུབ་ཡོད།

འཛམ་གླིང་སྐར་ཁུངས།

གཞི་གྲངས་འདིར་བལྟས་ན་མི་སེམས་ལ་ན་ཟུག་སྦྱིན་པར་བྱེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐེ་ལེ་སི(古特雷斯)ཡིས་བརྙན་ལམ་གསལ་བསྒྲགས་ཤིག་གི་ནང་བསྟན་དོན། ནད་དཔེ་ཁྲི200ལ་སླེབས་པ་དེ“མི་སེམས་ན་པ”ཞིག་རེད། “ཚེ་སྲོག་ཁྲི200ལ་དྲན་གསོ་ཞུ་ཆེད་འཛམ་གླིང་གིས་ངེས་པར་དུ་ཧུར་ཐག་གིས་མཐུན་སྒྲིལ་ལག་གདང་སྦྲེལ་ནས་རིམས་འགོག་བྱ་དགོས”ཟེར།

中央广播电视总台 央广网 版权所有

ཀྲུང་ཡོའི་དུས་གཏན་མེ་འཁོར“ཁྲང་ཨན་རྟགས་ཅན”གྱི་ དབོར་འདྲེན་ནུས་པ་རྒྱུན་མཐུད་ཆེ་རུ་ཕྱིན་པ།

ཤིན་ཧྭ་གསར་འགྱུར་ཁང་ཤིས་ཨན་ནས་ཟླ་1ཚེས་18ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཤིས་ཨན་གྲོང་ཁྱེར་གྱིས་ཚེས་18ཉིན་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ན་ནིང་ཀྲུང་ཡོའི་དུས་གཏན་མེ་འཁོར“ཁྲང་ཨན་རྟགས་ཅན”གྱིས་རིམས་ནད་ཀྱི་ཚོད་བགམ་ཁྱད་བསད་བ