ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་ལྷ་སར་དབུལ་གྲོལ་འགག་སྒྲོལ་གྱི་གསར་འགྱུར་འགྲེམས་བསྒྲཌ་ཚོཌ་འདུ་འཚོཌ།

2020-10-16 00:00:00     责编:nake

  རྒྱལ་ཡོངས་ཀྱི་དབུལ་སྐྱོར་ཉིན་མོ་ཐེངས་བདུན་པ་སླེབས་ཉེར་ཡོད་པའི་མཚམས་འདིར་སྤྱི་ཚེས ༡༥ ཉིན་གྱི་སྔ་དྲོ། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་ནས་ལྷ་སར་བོད་ཀྱི་དབུལ་གྲོལ་འགག་སྒྲོལ་འགག་སྒྲོལ་ལས་ཀའི་གསར་འགྱུར་འགྲེམས་བསྒྲགས་ཚོགས་འདུ་འཚོགས་པ་དང་། རྒྱལ་ཁབ་ཕྱི་ནང་གི་སྨྱན་སྦྱོར་ཚན་པ ༣༥ ཡི་གསར་འགོད་པ་ཚོགས་འདུར་སླེབས་ཡོད་པ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཇེ་ཡིས་འགྲེམས་བསྒྲགས་གཙོ་བོ་གནང་བ་མ་ཟད་གསར་འགོད་པའི་དྲི་བར་ལན་བསྐྱོན་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཆེ་དགྲ་ལྷས་འབྲེལ་ཡོད་དྲི་བར་ལན་བསྐྱོན་གནང་བ་རེད།

  ཚོགས་འདུའི་ཐོག་ཝུའུ་དབྱིང་ཇེ་ཡིས་རང་སྐྱོང་ལྗོངས་ཏང་ཨུད་དང་མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ཚབ་ཞུས་ནས། རྒྱལ་ཁབ་ཕྱི་ནང་གི་གསར་འགྱུར་ལས་རིགས་ཀྱི་གྲོགས་པོ་རྣམས་ལ་སྤྲོ་སེམས་འཁོལ་བའི་དགའ་བསུ་དང་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་གནང་བ་དང་སྦྲགས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་ནས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དབུལ་སྐྱོར་གསར་སྤེལ་ལས་ཀར་མཐོང་ཆེན་གནང་སྟེ། དབུལ་ཕོངས་ཁུལ་གྱི་གོང་འཕེལ་ལ་དོ་ཁུར་ཆེན་པོ་དང་དབུལ་པོའི་མང་ཚོགས་ཀྱི་འཚོ་བར་སེམས་ཁུར་ཆེན་པོ་གནང་སྟེ། རྒྱལ་ཡོངས་སུ་དབུལ་གྲོལ་འགག་སྒྲོལ་ལས་དོན་ཕྱོགས་ཡོངས་ནས་སྤེལ་ཏེ། རང་རྒྱལ་གྱི་དབུལ་སྐྱོར་ལོ་རྒྱུས་ཐོག་གི་ལམ་ཚད་རྡོ་རིང་བཙུགས་པ་མ་ཟད། རང་རེའི་ཏང་གི་གོང་འཕེལ་ལོ་རྒྱུས་ཐོག་གི་ལམ་ཚད་རྡོ་རིང་ཡང་བཙུགས་ཡོད། དབུལ་གྲོལ་འགག་སྒྲོལ་ལས་དོན་སྤེལ་འགོ་ཚུགས་སྐབས། བོད་ལྗོངས་འདི་ཉིད་རྒྱལ་ཡོངས་ནས་དབུལ་པོ་ཐོན་ཚད་མང་ཤོས་དང་དབུལ་སྐྱོར་མ་གནས་མཐོ་ཤོས། དབུལ་གྲོལ་དཀའ་གནད་ཆེ་ཤོས་བཅས་ཀྱི་ཤིན་ཏུ་དབུལ་བའི་ཁུལ་ཞིག་ཡིན་པའི་ངོས་ནས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་དང་ཤུགས་ཆེའི་རྒྱབ་སྐྱོར་ཐོབ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བོད་ཀྱི་ལས་ཀའི་ཁ་བསྒྱུར་ཕྱོགས་སྟོན་དང་སྤྱི་ཡོངས་འཆར་འགོད་གནང་བ་མ་ཟད། ཚོགས་འདུ་གཙོ་སྐྱོང་ཐེངས་མང་གནང་ནས་བོད་ཀྱི་ལས་ཀར་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་དང་། བོད་ཀྱི་ལས་དོན་ཐད་གསུང་བཤད་དང་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་ཡོད་པ་ནི་སྔར་བྱུང་མྱོང་མེད་པ་ཞིག་དང་། བོད་ཀྱི་གོང་འཕེལ་དང་བརྟན་ལྷིང་ཆེད་གཏན་འབེབས་གནང་བའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་དང་གཏན་འཁེལ་གནང་བའི་རྣམ་གྲངས་གལ་ཆེན་ལ་ཕན་པ་ཐོབ་ཚད་སྔར་བྱུང་མྱོང་མེད་པ་ཞིག བོད་ཀྱི་ལས་དོན་ཁག་ལ་ཁ་ཕྱོགས་གསལ་སྟོན་དང་ཐབས་ལམ་གསལ་སྟོན། ཇུས་བཟང་འདོན་པ་བཅས་ནི་སྔར་བྱུང་མྱོང་མེད་པ་ཞིག བོད་ཀྱི་རྒྱ་ཆེའི་ལས་བྱེད་མང་ཚོགས་ལ་ཐུགས་ཁུར་ཟབ་བཞེས་གནང་བ་ནི་སྔར་བྱུང་མྱོང་མེད་པ་ཞིག་བཅས་ཡིན་པ་དང་། དབུལ་གྲོལ་འགག་སྒྲོལ་ཚུད་པའི་བོད་ཀྱི་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་རྒྱུར་མཛུབ་ཁྲིད་དང་སྐུལ་འདེད་བཏང་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནས་བོད་ཀྱི་དབུལ་གྲོལ་འགག་སྒྲོལ་ལས་ཀར་དམིགས་བསལ་གྱི་མཐོང་ཆེན་དང་ཐུགས་ཁུར། རྒྱབ་སྐྱོར་བཅས་གནང་ཡོད། རྒྱལ་ཡོངས་ཀྱི་དབུལ་གྲོལ་འགག་སྒྲོལ་སྤྱི་ཡོངས་ཁྲོད། བོད་ལྗོངས་འདི་ཉིད་ཁུལ་གསུམ་དང་ཁོངས་གསུམ་གྱི་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ཁུལ་འབའ་ཞིག་ཏུ་གཏན་འཁེལ་གནང་སྟེ། ཤར་ནུབ་ཁུལ་གྱི་དབུལ་སྐྱོར་རོགས་ལས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་བོད་སྐྱོར་དབུལ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཡོད་ཅིང་། བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་བདུན་པའི་ཐོག་དང་། དབུལ་གྲོལ་འགག་སྒྲོལ་གྱི་ཞིང་ཆེན༼ རང་སྐྱོང་ལྗོངས ༽སྒྲོལ་བའི་བཞུགས་མོལ་ཚོགས་འདུའི་ཐོག་བོད་ཀྱི་དབུལ་སྐྱོར་ལས་ཀར་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་བ་དང་། དབུལ་གྲོལ་འགག་སྒྲོལ་གྱི་སྲིད་ཇུས་དང་མ་དངུལ། རྣམ་གྲངས་སོགས་ཀྱི་ཐད་ནས་བོད་ལ་གཙོ་གནད་ཐོག་ལྟ་རྟོགས་དང་དམིགས་བསལ་འཕར་གཟིགས་གནང་བ་དེས། དབུལ་གྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པར་རྩ་བའི་གཞི་འཛིན་ས་དང་། ཤུགས་ཆེའི་འདེགས་སྐྱོར་མཁོ་འདོན་དང་སྒུལ་ཤུགས་ཆེན་པོ་གནང་ཡོད་ཅེས་གསུངས།

  ཝུའུ་དབྱིང་ཇེ་ཡིས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་ནས་དབུལ་སྐྱོར་ལས་དོན་དང་། བོད་ཀྱི་ལས་དོན་སྐོར་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནས་གནང་བའི་རྣམ་བཤད་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ་དང་། གནད་འཕིགས་དབུལ་སྐྱོར་དང་གནད་འཕིགས་དབུལ་གྲོལ་གྱི་གཞི་རྩའི་མཛད་ཇུས་མཐའ་འཁྱོངས་བྱས་ནས། དབུལ་གྲོལ་འགག་སྒྲོལ་བརྒྱུད་བོད་ལྗོངས་མི་རིགས་ཁག་གི་མང་ཚོགས་ཚོར་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་མྱོང་ཚོར་ཐུབ་པ་བྱས་ཏེ། ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་བའི་ཆོད་སེམས་བརྟན་དུ་བཏང་བ་དང་། སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ་གྱི་དམིགས་ཚད་གཞིར་བཟུང་ཁག་ཅིག་བྱས་པ་ལྔའི་ལས་གཞི་ལག་བསྟར་ཤུགས་ཆེ་བྱེད་པ་དང་། རྫོང་ལ་དམིགས་ཏེ་ཧེ་བག་ཅན་གྱི་སྲིད་ཇུས་བཟོས་ཐོག་རིམ་པ་བཞིན་དབུལ་གྲོལ་འགན་འཁྲི་ནན་དཀྲི་བྱས་ཤིང་། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་། གནས་སྤོས་བྱས་པ། སློབ་གསོ་དང་ལས་ཞུགས་ལ་སྐུལ་འདེད་གཏོང་བ། འགན་སྲུང་སྲིད་ཇུས་དོན་འཁྱོལ་བྱེད་པ། བོད་སྐྱོར་སྟོབས་ཤུགས་གཅིག་སྒྲིལ་ཐོག་རོགས་སྐྱོར་བྱེད་པ། གཞི་རིམ་ཏང་རྩ་འཛུགས་སྟོབས་ཆེར་གཏོང་བ། མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ། ཆད་སྐྱོན་གསབ་པ་སོགས་བྱ་ཐབས་ནུས་ལྡན་བཟུང་སྟེ། དབུལ་གྲོལ་འགག་སྒྲོལ་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད། ལོ་བཞི་ལྷག་ཙམ་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད་སྤྱི་ལོ ༢༠༡༩ ལོའི་ལོ་མཇུག་ཏུ་སླེབས་སྐབས། བོད་ཀྱི་རྫོང་༼ཆུས༽༧༤ ཚང་མ་དབུལ་ཞྭ་ཕུད་ཐུབ་པ་བྱུང་བ་དང་། ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་མང་ཚོགས་ཁྲི་ཚོ ༦༢.༨ དབུལ་གྲོལ་ཐུབ་པ་མ་ཟད། དབུལ་ཕོངས་མང་ཚོགས་རེའི་ཆ་སྙོམས་ཁེ་གཙང་ཡོང་འབབ་སྤྱི་ལོ ༢༠༡༥ ལོའི་སྒོར་ ༡༤༩༩ ནས་སྤྱི་ལོ ༢༠༡༩ ལོའི་སྒོར ༩༣༢༨ བར་འཕར་ནས། ལོ་བཞི་བསྟུད་དེ་ཀྲུང་དབྱང་གི་ཕྱོགས་བསྡུས་གདེང་འཇོག་ཡག་པོ་ཐོབ་ཡོད་པ་དང་བོད་ཀྱི་དབུལ་གྲོལ་འགག་སྒྲོལ་ལས་ཀར་མང་ཚོགས་ཀྱི་བློ་ཡིད་འཚིམ་ཚད་བརྒྱ་ཆ ༩༩ ཡན་ཟིན་ཡོད། ལྗོངས་ཡོངས་ཀྱི་དབུལ་གྲོལ་འགག་སྒྲོལ་དེ་ད་ལོ་ནས་བཟུང་། གཅིག་སྡུད་འགག་སྒྲོལ་དུས་མཚམས་ནས་སྲ་བརྟན་མཐོར་གཏོང་དུས་མཚམས་སུ་སླེབས་ཏེ། དབུལ་གྲོལ་འགག་སྒྲོལ་ལ་རྒྱལ་ཁ་གལ་ཆེན་ཐོབ་ཡོད། དབུལ་གྲོལ་འགག་སྒྲོལ་ལས་དོན་སྤེལ་བ་བརྒྱུད་ཞིང་འབྲོག་མང་ཚོགས་ཀྱི་ལྟ་བ་དང་ཐོན་སྐྱེད་བྱེད་སྟངས། འཚོ་བ་སྐྱེལ་སྟངས་བཅས་ལ་འགྱུར་ལྡོག་བྱུང་བ་མ་ཟད། གཞི་རིམ་ལ་ཤེས་རྟོགས་ཐུབ་པ་དང་མང་ཚོགས་ལ་བརྩེ་སེམས་ཡོད་པ། ལས་ཀའི་འཇོན་ཐང་ལྡན་པ། དཀའ་ངལ་ཐག་གཅོད་བྱེད་མཁས་པ་བཅས་ཀྱི་ལས་བྱེད་དཔུང་ཁག་གསོ་སྐྱོང་ཐུབ་ཡོད་ཅིང་། དབུལ་ཕོངས་ཁུལ་གྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱུང་ཡོད་པ་དང་། རྒྱ་ཆེའི་ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ཆུ་ཚད་མཐོ་རུ་ཕྱིན་ནས། ཞིང་འབྲོག་ཁུལ་གྱི་རྣམ་པར་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་བྱུང་སྟེ་དབུལ་ཕོངས་མང་ཚོགས་རྣམས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་མ་ཟད། ཡུན་རིང་འདེགས་སྐྱོར་གྱི་ནུས་པ་ཐོན་ཐུབ་པའི་ཁྱད་ལྡན་ལེགས་ཆའི་ཐོན་ལས་ཁག་ཅིག་སྐྱེད་སྲིང་ཐུབ་ནས། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཡོད་ཅེས་ནན་གསུངས་གནང་བ་རེད།

  ཝུའུ་དབྱིང་ཇེ་ཡིས་སྨྱན་སྦྱོར་ཚན་པའི་གྲོགས་པོ་རྣམས་བོད་ཀྱི་ཞིང་ཁུལ་དང་འབྲོག་ཁུལ་དུ་མང་ཙམ་ཕེབས་ཏེ། བོད་ཀྱི་དབུལ་གྲོལ་འགག་སྒྲོལ་ལས་ཀར་ཐོབ་པའི་གྲུབ་འབྲས་ཆེན་པོ་དང་བོད་ཀྱི་གོང་འཕེལ་གསར་པ་དང་འགྱུར་ལྡོག་གསར་པ། འཚོ་བ་གསར་པ་བཅས་ཤེས་རྟོགས་གཏིང་ཟབ་གནང་ཐོག བོད་ལྗོངས་མི་རིགས་ཁག་གི་མང་ཚོགས་ལ་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས། མི་དམངས་ཀྱི་གཙོ་འཛིན་བཅས་ལ་སྙིང་ཐག་པ་ནས་བརྩི་བཀུར་ཞུ་ལུགས་མྱོང་ཚོར་ཐུབ་པ་གནང་རྒྱུ་དང་། གནས་ཚུལ་གཏོང་སྤེལ་བརྒྱུད་འཛམ་གླིང་ཡོངས་ནས་གོང་འཕེལ་ཡར་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་ཤེས་རྟོགས་ཐུབ་པ་གནང་རྒྱུའི་བཀའ་སློབ་གནང་བ་རེད།

  འགྲེམས་བསྒྲགས་ཚོགས་འདུའི་ཐོག་རྒྱལ་ཁབ་ཕྱི་ནང་གི་སྨྱན་སྦྱོར་གསར་འགོད་པས། བོད་ལྗོངས་ནས་དབུལ་གྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་མཐོར་གཏོང་བྱེད་ཚུལ་དང་མང་ཚོགས་ཀྱི་ནང་སྐྱེས་སྒུལ་ཤུགས་འཕེལ་བ་བྱེད་ཚུལ། མང་ཚོགས་རྒྱུན་མཐུད་འབབ་འཕར་ལ་སྐུལ་འདེད་གཏོང་ཚུལ། གནས་སྤོས་དབུལ་སྐྱོར་བྱེད་ཚུལ། ཞིང་འབྲོག་པའི་གནས་འགྱུར་ལས་ཞུགས་བྱེད་ཚུལ། དབུལ་ལོག་དང་དབུལ་པོ་ཆགས་རྒྱུར་སྔོན་འགོག་བྱེད་ཚུལ་སོགས་ཐད་དྲི་བ་བཏོན་པར། ཝུའུ་དབྱིང་ཇེ་དང་ཆེ་དགྲ་ལྷ་རྣམ་གཉིས་ཀྱིས་ཞིབ་ཕྲའི་གྲངས་གཞི་དང་གསོན་ཉམས་དོད་པའི་དཔེ་མཚོན་ཐོག་ནས་ལན་བསྐྱོན་གནང་བ་རེད།

  རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གསར་འགྱུར་ཅུད་ཀྱི་ཅུད་ཀྲང་། གསར་འགྱུར་མགྲིན་ཚབ་པ་ཧུའུ་ཁའེ་ཧུང་ནས་འགྲེམས་བསྒྲགས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་ནས་རྒྱལ་ཁབ་ཕྱི་ནང་གི་སྨྱན་སྦྱོར་ཚན་པའི་གསར་འགོད་པ་བོད་དུ་ཞུགས་རིང་ལྷོ་ཁ་དང་། གཞིས་རྩེ། ཉིང་ཁྲི་སོགས་སུ་གཅིག་སྡུད་བཅར་འདྲི་བྱེད་པར་གཏོང་རྒྱུ་རེད།།

中央广播电视总台 央广网 版权所有

རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་ལྷ་སར་དབུལ་གྲོལ་འགག་སྒྲོལ་གྱི་གསར་འགྱུར་འགྲེམས་བསྒྲཌ་ཚོཌ་འདུ་འཚོཌ།

རྒྱལ་ཡོངས་ཀྱི་དབུལ་སྐྱོར་ཉིན་མོ་ཐེངས་བདུན་པ་སླེབས་ཉེར་ཡོད་པའི་མཚམས་འདིར་སྤྱི་ཚེས ༡༥ ཉིན་གྱི་སྔ་དྲོ། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་ནས་ལྷ་སར་བོད་ཀྱི་དབུལ་གྲོལ་འགག་སྒྲོལ་འགག་སྒྲོལ་ལས་ཀའི་གསར་འགྱུར་འགྲེམས་བསྒྲགས་ཚོགས་འདུ་འཚོགས་པ་དང་། རྒྱལ་ཁབ་ཕྱི་ནང་གི་སྨྱན་སྦྱོར་ཚན་