ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

མཚོ་ནུབ་ཀྱི་དམངས་དོན་ཁྲིམས་གཞུང་བརྗོད་དོན་ཡིན་པའི་སྤྱི་གླིང་ཐོག་མ་འཛུགས་སྐྲུན་ལེགས་འགྲུབ་བྱུང་།

2020-10-16 10:00:00     责编:nake

  སྒོ་ནང་དུ་འཛུལ་མ་ཐག་འཇིམ་བརྐོས་ཤིན་ཏུ་མཛེས་ཤིང་། ཐང་ཆེན་གྱི་བརྗོད་དོན་གསལ་བོར་བྱས་ཤིང་། དམངས་དོན་ཁྲིམས་གཞུང་གིས་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བར་འགན་སྲུང་བྱེད་པའི་ནང་དོན་མཚོན། ཉེ་ཆར། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཁྲིམས་འཛིན་ཅུའུ་ཡིས་ཁྲིམས་སྐྱོང་རིག་གནས་བཟོ་སྐྲུན་དམ་འཛིན་དང་། མང་ཚོགས་དང་ཉེ་བར་བཅར་བ། འཚོ་བ་དང་ཉེ་བར་བཅར་བའི་འདུ་ཤེས་གསར་སྐྲུན་བྱས་ཏེ། གཏེར་ལེན་ཁ་གྲོང་ཁྱེར་ནུབ་མཚོ་སྤྱི་གླིང་ལ་བརྟེན་ནས་ཁུལ་ཡོངས་ཀྱི་དམངས་དོན་ཁྲིམས་གཞུང་བརྗོད་དོན་ཡིན་པའི་སྤྱི་གླིང་ཐོག་མ་འཛུགས་སྐྲུན་བྱས་པ་དང་། རྒྱ་ཆེའི་མང་ཚོགས་ཀྱིས་ཁྲིམས་སྐྱོང་རིག་གནས་ཀྱི་ཉིང་བཅུད་ལ་མྱོང་རོལ་བྱེད་དུ་བཅུག

    རྒྱུས་ལོན་པ་ལྟར་ན། དམངས་དོན་ཁྲིམས་གཞུང་བརྗོད་དོན་ཡིན་པའི་སྤྱི་གླིང་ནི་སྤྱི་གླིང་གི་སྔར་ཡོད་ཀྱི་རང་བྱུང་མཛེས་ལྗོངས་ཀྱི་རྨང་གཞིའི་སྟེང་། འཇིམ་བརྐོས་དང་རྒྱན་སྤྲས་སོགས་བརྒྱུད་དེ། དམངས་དོན་ཁྲིམས་གཞུང་གི་རྒྱུ་ཆ་མང་དུ་བཞག་ནས། ཕྱོགས་མང་པོ་དང་དངོས་སྣང་ཅན། གནས་ཚད་ཡོངས་ཀྱིས་དམངས་དོན་ཁྲིམས་གཞུང་གི་ཤེས་བྱ་དྲེིལ་སྒྲོག་དང་། དམངས་དོན་ཁྲིམས་གཞུང་གི་ངོ་བོ་དང་དམངས་དོན་ཁྲིམས་གཞུང་དང་མང་ཚོགས་གཉིས་ཀྱི་འབྲེལ་བ་དམ་ཟབ་ཏུ་བཏང་ནས། སྤྱི་གླིང་གི་རང་བྱུང་མཛེས་བ་དང་དམངས་དོན་ཁྲིམས་གཞུང་གི་ནང་དོན་གཉིས་ཟུང་འབྲེལ་སྒོས། སྤྱི་གླིང་གི་གོ་གནས་མཐོ་རུ་བཏང་སྟེ། མང་ཚོགས་ཀྱི་དགོས་མཁོ་དང་ཉེ་བར་བཅར་ཡོད། །

中央广播电视总台 央广网 版权所有

མཚོ་ནུབ་ཀྱི་དམངས་དོན་ཁྲིམས་གཞུང་བརྗོད་དོན་ཡིན་པའི་སྤྱི་གླིང་ཐོག་མ་འཛུགས་སྐྲུན་ལེགས་འགྲུབ་བྱུང་།

སྒོ་ནང་དུ་འཛུལ་མ་ཐག་འཇིམ་བརྐོས་ཤིན་ཏུ་མཛེས་ཤིང་། ཐང་ཆེན་གྱི་བརྗོད་དོན་གསལ་བོར་བྱས་ཤིང་། དམངས་དོན་ཁྲིམས་གཞུང་གིས་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བར་འགན་སྲུང་བྱེད་པའི་ནང་དོན་མཚོན། ཉེ་ཆར། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཁྲིམས་