ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ཧེན་ཀྲེང་གིས་སྨན་རྫས་དང་རིན་གོང་མཐོ་བའི་སྨན་བཅོས་ཡོ་བྱད་གཅིག་སྡུད་གྲངས་འབོར་ངེས་ཅན་ཐོག་ནས་ཉོ་སྒྲུབ་བྱེད་པའི་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ།

2020-09-11 10:07:00     责编:卓玛才让

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༡༠ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧེན་ཀྲེང་གིས་སྨན་རྫས་དང་རིན་གོང་མཐོ་བའི་སྨན་བཅོས་ཡོ་བྱད་གཅིག་སྡུད་ཐོག་གྲངས་འབོར་ངེས་ཅན་ཐོག་ནས་ཉོ་སྒྲུབ་བྱེད་པའི་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ་དང་། སྨན་ཁང་དང་། ཁེ་ལས། རིགས་གཅིག་མཁས་ཅན་བཅས་ཀྱི་འཐུས་མི་དང་ས་གནས་སྨན་བཅོས་འགན་སྲུང་ཅུད་ཀྱི་འགན་འཁུར་བློ་མཐུན་གྱི་བསམ་འཆར་གསན་པའི་རྗེས། སྨན་རྫས་དང་རིན་གོང་མཐོ་བའི་སྨན་བཅོས་ཡོ་བྱད་གཅིག་སྡུད་ཐོག་ནས་གྲངས་འབོར་ངེས་ཅན་ཐོག་ནས་ཉོ་སྒྲུབ་བྱེད་པའི་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་གནང་ཡོད།

ཧེན་ཀྲེང་གིས། གཅིག་སྡུད་ཐོག་གྲངས་འབོར་ངེས་ཅན་ཞིག་ཉོ་སྒྲུབ་བྱེད་པའི་སྒྱུར་བཅོས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། དམངས་འཚོའི་ཕན་པ་ཆེ་རུ་གཏོང་བ། སྨན་གསུམ་མཉམ་འགུལ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། སྨན་རྫས་ལས་རིགས་སྐྱོན་བྲལ་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། དམིགས་ཡུལ་གྱི་སྟོན་ཕྱོགས་དང་། གནད་དོན་གྱི་སྟོན་ཕྱོགས། མཇུག་འབྲས་ཀྱི་སྟོན་ཕྱོགས་བཅས་རྒྱུན་འཁྱོངས་བྱེད་པ་བརྒྱུད། ཐུན་མོང་ངོས་འཛིན་སྔར་བས་གཅིག་སྡུད་བྱེད་པ་དང་། སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། མི་དམངས་ཀྱི་ཡིད་ཆེས་ཐོབ་པ་བཅས་ཀྱི་ཐོག་ནས་ལས་དོན་འདི་ཉིད་ཡག་པོ་བསྒྲུབ་དགོས་ཞེས་བསྟན་གནང་ཡོད།

ཧན་ཀྲེང་གིས། ལམ་ལུགས་ཀྱི་གྲུབ་འབྲས་སྲ་བརྟན་དང་འཐུས་ཚང་དུ་གཏོང་རྒྱུར་དམ་འཛིན་བྱས་ཏེ། སྔར་ལས་ཚད་ལྡན་གྱི་ལམ་ལུགས་མ་ལག་ཆགས་པར་བྱེད་པ་དང་། རྒྱལ་ཁབ་ཀྱིས་སྨན་རྫས་གཅིག་སྡུད་ཉོ་སྒྲུབ་བྱེད་པའི་ལས་དོན་རྒྱུན་ལྡན་ཅན་དང་ལམ་ལུགས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། གཅིག་སྡུད་ཉོ་སྒྲུབ་ཀྱི་ཁྱབ་ཁོངས་རྒྱ་སྐྱེད་མགྱོགས་སུ་གཏོང་བ་དང་། སྨན་སྤྱོད་རྒྱུ་ཆའི་ཚད་གཞི་མི་འདྲ་བ་དང་རིགས་དབྱེ་གསལ་པོ་མེད་པ་སོགས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་སེལ་ནས། སྙིང་གི་འདེགས་སྒྲོམ་གཅིག་སྡུད་དང་ཚད་ཁྲིད་ཉོ་སྒྲུབ་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས། བདམས་ཐོན་བྱུང་བའི་ཐོན་རྫས་ཀྱི་སྤུས་ཚད་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། སྤུས་ཚད་ཀྱི་གནད་དོན་ཡིན་ཕྱིན་ཐར་པར་གཏན་ནས་མི་གཏོང་བ་དང་། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཞིབ་བཤེར་ཐག་གཅོད་བྱེད་དགོས། གཏན་འབེབས་ལྟར་ཉོ་སྒྲུབ་དང་བཀོལ་སྤྱོད་བྱེད་པའི་སྨན་རྫས་དང་ཟད་གྲོན་ཆེ་བའི་སྨན་རྫས་རྣམས་སུས་འཇོན་དེ་འགུག་བྱས་ཀྱང་མི་ཉོ་བ་དང་། ཉོས་ཀྱང་བེད་སྤྱོད་མི་གཏོང་བའི་རིགས་སྔོན་འགོག་བྱ་དགོས། སྒྱུར་བཅོས་ཀྱི་ལེ་ལག་ཚང་བའི་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་དོན་འཁྱོལ་བྱས་ཏེ་སྨན་བཅོས་སྒྲིག་གཞི་དང་། སྨན་བཅོས་མི་སྣ། ཐོན་སྐྱེད་ཁེ་ལས། ནད་པ་སོགས་ཕྱོགས་ཁག་གི་ཧུར་བརྩོན་རང་བཞིན་སྐུལ་སློང་གང་ལེགས་བྱེད་དགོས། ས་ཁུལ་ཁག་དང་སྡེ་ཁག་ཁག་གིས་ལས་ཀ་དོན་འཁྱོལ་དམ་འཛིན་བྱེད་པ་དང་། ཕྱར་བ་གྲུ་འདེགས་ཀྱི་ཐོག་ནས་གཅིག་སྡུད་གྲངས་འབོར་ཉེས་ཅན་ཉོ་སྒྲུབ་བྱེད་པའི་ལས་དོན་ཡག་པོ་བསྒྲུབས་ནས་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཞེས་ནན་གསུངས་གནང་ཡོད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུད་ཀྱི་འགན་འཁུར་བློ་མཐུན་གྱིས་སྙན་སེང་ཞུས་ཡོད། ཆི་ལུའུ་སྨན་བཟོ་ཚོགས་པ་དང་། ལེ་ཕུའུ་༼པེ་ཅིང་༽སྨན་བཅོས་ཡོ་བྱད་མ་རྐང་ཚད་ཡོད་ཀུང་སིའི་འགན་འཁུར་བ། ཀྲུང་གོ་གསོ་རིག་ཚན་རིག་ཁང་གི་ཧྥུའུ་ཝུའེ་སྨན་ཁང་དང་། པེ་ཅིང་སློབ་ཆེན་གྱི་སྨན་ཁང་དང་པོ། རྒྱལ་སའི་གསོ་རིག་ཚན་རིག་སློབ་ཆེན་གྱི་ཞོར་གཏོགས་པེ་ཅིང་མཛའ་གྲོགས་སྨན་ཁང་གི་རིགས་གཅིག་མཁས་ཅན། དེ་བཞིན་ཐེན་ཅིན་དང་ཨན་ཧུའེ་སྨན་བཅོས་འགན་བཅོལ་སྡེ་ཁག་གི་འགན་འཁུར་བློ་མཐུན་བཅས་ཀྱིས་གཏམ་བཤད་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

འཛམ་གླིང་སྐར་ཁུངས།

ཨ་རིའི་རྒྱལ་ཚོགས་ཀྱི་སྔོན་རྩིས་གཞུང་དོན་ཁང་གིས་བསྟན་དོན། སྲིད་གཞུང་གི་བུ་ལོན་2021གི་ནོར་སྲིད་ལོ་GDPལས་བརྒལ་རྒྱུ་ཡིན་པ།

སྙན་ཞུའི་ནང་རིམས་ནད་ཐོན་པའི་རྐྱེན་གྱིས་དཔལ་འབྱོར་བྱེད་སྒོ་མཚམས་ཆད་པ་དང་འབྲེལ་རྒྱལ་ཚོགས་ཀྱིས་གཞི་ཁྱོན་ཆེ་བའི་ནོར་སྲིད་ཀྱི་ཁ་གཏད་གཅོག་ཐབས་འདོན་རྒྱུར་སྐུལ་འདེད་བཏང་བས་སྔོན་དཔག་བྱས་ན་2020ཡི་ནོར་སྲིད་ལོའི་རྒྱལ་ཕྲན་མཉམ་འབྲེལ་གྱི་སྔོན་རྩིས་མཚལ་ཡིག་ཨ་སྒོར་དུང་ཕྱུར་ཁྲི་3.3ཟིན་རྒྱུ་རེད། དེ་ནི2019ཡི་ནོར་སྲིད་ལོའི་ལྡབ་གསུམ་ལྷག་ཙམ་རེད། 2020ཡི་ནོར་སྲིད་ལོའི་རྒྱལ་ཕྲན་མཉམ་འབྲེལ་གྱི་སྔོན་རྩིས་མཚལ་ཡིག་གིས་GDPཡི་བསྡུར་གྲངས་བཟུང་

中央广播电视总台 央广网 版权所有

ཧེན་ཀྲེང་གིས་སྨན་རྫས་དང་རིན་གོང་མཐོ་བའི་སྨན་བཅོས་ཡོ་བྱད་གཅིག་སྡུད་གྲངས་འབོར་ངེས་ཅན་ཐོག་ནས་ཉོ་སྒྲུབ་བྱེད་པའི་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ།

སྤྱི་ཚེས་༡༠ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧེན་ཀྲེང་གིས་སྨན་རྫས་དང་རིན་གོང་མཐོ་བའི་སྨན་བཅོས་ཡོ་བྱད་གཅིག་སྡུད་ཐོག་གྲངས་འབོར་ངེས་ཅན་ཐོག་ནས་ཉོ་སྒྲུབ་བྱེད་པའི་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་།