ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཁང་གིས་ཚོང་དོན་ལམ་ལུགས་བསྒྱུར་བཅོས་ཟབ་ཏུ་བཏང་ནས་ཁེ་ལས་ཀྱི་ཁུར་པོ་ཡང་གཏོང་དང་ཁེ་ལས་ཀྱི་གསོན་ཤུགས་སྐུལ་སྤེལ་བྱེད་པའི་སྐོར་གྱི་བརྡ་ཐོ་ཞེས་པ་པར་འགྲེམས་བྱས་པ།

2020-09-11 10:00:00     责编:卓玛才让

ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས་ཚོང་དོན་ལམ་ལུགས་བསྒྱུར་བཅོས་ཟབ་ཏུ་བཏང་ནས་ཁེ་ལས་ཀྱི་ཁུར་པོ་ཡང་གཏོང་དང་ཁེ་ལས་ཀྱི་གསོན་ཤུགས་སྐུལ་སྤེལ་བྱེད་པའི་སྐོར་གྱི་བརྡ་ཐོ་ཞེས་པ་པར་འགྲེམས་བྱས་ཡོད།

བརྡ་ཐོའི་ནང་། ཕྱོགས་བཞིའི་ཐད་ཀྱི་བསྒྱུར་བཅོས་བྱ་ཐབས་ཁག་12བཏོན་ཡོད། དང་པོ། ཁེ་ལས་ནས་འགྲོ་ལུགས་ཚང་མ་དྲ་ཐོག་ཏུ་གཉེར་རྒྱུར་སྐུལ་འདེད་གཏོང་དགོས། སྒོ་ཀུན་ནས་ཁེ་ལས་ཀྱིས་དྲ་གཅིག་ཀུན་གཉེར་བྱ་རྒྱུ་ཁྱབ་གདལ་གཏོང་དགོས་པ་དང་། ཁེ་ལས་ཀྱི་ཞབས་ཞུའི་ནུས་པ་རྒྱུན་མཐུད་ཆེ་རུ་གཏོང་དགོས། གཉིས་པ། ཐོ་འགོད་ལམ་ལུགས་བསྒྱུར་བཅོས་ལ་འགག་གཏོར་གསར་པ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། སྡོད་གནས་དང་ཚོང་གཉེར་ཁོར་ཡུག་ཏུ་ཐོ་འགོད་བྱེད་པའི་ལམ་ལུགས་བསྒྱུར་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁེ་ལས་ཀྱི་མིང་བྱང་གི་རང་རྟགས་སྙན་ཞུའི་མ་ལག་གི་མིང་བྱང་ཞིབ་དཔྱད་བྱ་རྒྱུ་རིག་ནུས་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་དགོས། གསུམ་པ། འབྲེལ་ཡོད་ཁེ་ལས་ཀྱི་ཐོན་སྐྱེད་ཚོང་གཉེར་དང་ཆོག་མཆན་འགོད་པའི་ཆ་རྐྱེན་སྟབས་བདེར་གཏོང་དགོས། ཨར་སྐྲུན་ལྕགས་རྩིབས་སོགས་ཐོན་རྫས་ལྔར་ཞིབ་མཆན་འགོད་རྒྱུ་དེ་ཞིང་ཆེན་རིམ་པའི་ཁྲོམ་རའི་ལྟ་སྐུལ་དོ་དམ་ཚན་པར་སྤྲོད་དགོས་པ་དང་། ཕྱིར་ཚོང་ནང་ཚོང་དུ་འགྱུར་བའི་ཐོན་རྫས་ལ་བདེན་དཔང་བྱེད་པའི་བརྒྱུད་རིམ་སྟབས་བདེར་བཏང་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་གི་རྒྱང་ཚོར་ཞིབ་དཔྱད་སོགས་འཕྲལ་སྒྲུབ་བྱ་ཐབས་ཁག་ཡུན་ཕན་ཅན་དུ་འགྱུར་བ་དང་། ཕྱོགས་གསུམ་པའི་དཔྱད་དཔོག་ཚན་པས་ཁེ་ལས་ཀྱི་ཚད་གཞིའི་བང་རིམ་ཞིག་ཡོངས་བསྒྲགས་བྱ་རྒྱུར་སྐུལ་འདེད་གཏོང་དགོས། བཞི་པ། ལས་དོན་བསྒྲུབ་པའི་དུས་དཀྱིལ་དང་དུས་མཇུག་ཏུ་ལྟ་སྐུལ་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། ཁེ་ལས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་ལ་ཤུགས་སྣོན་རྒྱག་དགོས་པ་དང་། ཡིད་རྟོན་མེད་པར་ཆད་གཅོད་བྱེད་པའི་སྒྲིག་གཞི་འཐུས་ཚང་འཛུགས་པ། རིག་ནུས་ཅན་གྱི་ལྟ་སྐུལ་དོ་དམ་ལག་ལེན་བསྟར་རྒྱུར་སྐུལ་འདེད་གཏོང་བ། སྟེགས་བུས་དཔལ་འབྱོར་ལ་ལྟ་སྐུལ་དོ་དམ་བྱེད་པའི་བྱ་སྤྱོད་ཚད་ལྡན་བཟོ་བཅས་བྱེད་དགོས།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

འཛམ་གླིང་སྐར་ཁུངས།

ཨ་རིའི་རྒྱལ་ཚོགས་ཀྱི་སྔོན་རྩིས་གཞུང་དོན་ཁང་གིས་བསྟན་དོན། སྲིད་གཞུང་གི་བུ་ལོན་2021གི་ནོར་སྲིད་ལོ་GDPལས་བརྒལ་རྒྱུ་ཡིན་པ།

སྙན་ཞུའི་ནང་རིམས་ནད་ཐོན་པའི་རྐྱེན་གྱིས་དཔལ་འབྱོར་བྱེད་སྒོ་མཚམས་ཆད་པ་དང་འབྲེལ་རྒྱལ་ཚོགས་ཀྱིས་གཞི་ཁྱོན་ཆེ་བའི་ནོར་སྲིད་ཀྱི་ཁ་གཏད་གཅོག་ཐབས་འདོན་རྒྱུར་སྐུལ་འདེད་བཏང་བས་སྔོན་དཔག་བྱས་ན་2020ཡི་ནོར་སྲིད་ལོའི་རྒྱལ་ཕྲན་མཉམ་འབྲེལ་གྱི་སྔོན་རྩིས་མཚལ་ཡིག་ཨ་སྒོར་དུང་ཕྱུར་ཁྲི་3.3ཟིན་རྒྱུ་རེད། དེ་ནི2019ཡི་ནོར་སྲིད་ལོའི་ལྡབ་གསུམ་ལྷག་ཙམ་རེད། 2020ཡི་ནོར་སྲིད་ལོའི་རྒྱལ་ཕྲན་མཉམ་འབྲེལ་གྱི་སྔོན་རྩིས་མཚལ་ཡིག་གིས་GDPཡི་བསྡུར་གྲངས་བཟུང་

中央广播电视总台 央广网 版权所有

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཁང་གིས་ཚོང་དོན་ལམ་ལུགས་བསྒྱུར་བཅོས་ཟབ་ཏུ་བཏང་ནས་ཁེ་ལས་ཀྱི་ཁུར་པོ་ཡང་གཏོང་དང་ཁེ་ལས་ཀྱི་གསོན་ཤུགས་སྐུལ་སྤེལ་བྱེད་པའི་སྐོར་གྱི་བརྡ་ཐོ་ཞེས་པ་པར་འགྲེམས་བྱས་པ།

ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས་ཚོང་དོན་ལམ་ལུགས་བསྒྱུར་བཅོས་ཟབ་ཏུ་བཏང་ནས་ཁེ་ལས་ཀྱི་ཁུར་པོ་ཡང་གཏོང་དང་ཁེ་ལས་ཀྱི་གསོན་ཤུགས་སྐུལ་སྤེལ་བྱེད་པའི་སྐོར་གྱི་བརྡ་ཐོ་ཞེས་པ་པར་འགྲེམས་བྱས་ཡོད།