ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

གཞིས་རྩེའི་གྲོང་གསེབ་ཀྱི་བུ་བཅོལ་ཁང་33ཚད་ལྡན་ཅན་དུ་བསྐྲུན་པའི་རྣམ་གྲངས་ལས་འགོ་ཚུགས་པ།

2020-09-10 09:50:00     责编:sangjzm

འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། བོད་ལྗོངས་གཞིས་རྩེའི་གྲོང་གསེབ་ཀྱི་བུ་བཅོལ་ཁང་33ཚད་ལྡན་ཅན་དུ་བསྐྲུན་པའི་རྣམ་གྲངས་ལས་འགོ་ཚུགས་པའི་མཛད་སྒོ་འཚོགས་ཤིང་། རྣམ་གྲངས་བསྐྲུན་རྗེས་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱི་གྲོང་གསེབ་ཀྱི་ལོ་3ནས་6བར་གྱི་བྱིས་པ་བུ་བཅོལ་ཁང་དུ་བསྐྱོད་ཚད་ཕྱོགས་ཡོངས་ལ་ཁྱབ་པ་དང་། གྲོང་གསེབ་ཀྱི་བུ་བཅོལ་ཁང་དུ་སློབ་ཆེན་ཐོན་པའི་དགེ་རྒན་ཕྱོགས་ཡོངས་ལ་ཁྱབ་པ། གཞི་ཁྱོན་ཆུང་བའི་གྲོང་གསེབ་ཀྱི་བུ་བཅོལ་ཁང་འཛུགས་སྐྲུན་ཚད་ལྡན་ཅན་ཕྱོགས་ཡོངས་ལ་ཁྱབ་པ་བཅས་མངོན་འགྱུར་ཐུབ་རྒྱུ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། བུ་བཅོལ་ཁང་བསྐྲུན་པའི་ཐད་བོད་སྐྱོར་གྱི《གཞི་ཁྱོན་ཆུང་བའི་གྲོང་ཚོ་རིམ་པའི་བུ་བཅོལ་ཁང་འཛུགས་སྐྲུན་གྱི་ཚད་གཞི》གཞིར་བཟུང་ཐག་རིང་ལུང་ཁུག་གི་གྲོང་གསེབ་ཀྱི་བུ་བཅོལ་ཁང་33ཕྱོགས་ཡོངས་ནས་བསྐྱར་སྐྲུན་དང་། རྒྱས་སྐྲུན། རིམ་སྤོར་བཅས་བྱ་རྒྱུ་རེད། དེ་དང་ཆབས་ཅིག་ད་དུང་ས་གནས་ཀྱི་སློབ་ཆེན་སློབ་མ་125བུ་བཅོལ་ཁང་གི་དགེ་རྒན་དུ་བསྡུས་ནས་ས་གནས་དེ་གའི་དགེ་རྒན་མི་འདང་བའི་གནད་དོན་ཐག་གཅོད་བྱ་རྒྱུ་མ་ཟད། ས་གནས་དེ་གའི་བྱིས་པར་འཚམ་པའི་སྐད་གཉིས་བྱིས་པའི་བསླབ་གཞི་རྩོམ་འབྲི་བྱས་ཏེ་ཆུང་དུས་ནས་ཀྲུང་ཧྭ་མི་རིཌ་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་རེད།

འཛམ་གླིང་སྐར་ཁུངས།

ཨ་རིའི་རྒྱལ་ཚོགས་ཀྱི་སྔོན་རྩིས་གཞུང་དོན་ཁང་གིས་བསྟན་དོན། སྲིད་གཞུང་གི་བུ་ལོན་2021གི་ནོར་སྲིད་ལོ་GDPལས་བརྒལ་རྒྱུ་ཡིན་པ།

སྙན་ཞུའི་ནང་རིམས་ནད་ཐོན་པའི་རྐྱེན་གྱིས་དཔལ་འབྱོར་བྱེད་སྒོ་མཚམས་ཆད་པ་དང་འབྲེལ་རྒྱལ་ཚོགས་ཀྱིས་གཞི་ཁྱོན་ཆེ་བའི་ནོར་སྲིད་ཀྱི་ཁ་གཏད་གཅོག་ཐབས་འདོན་རྒྱུར་སྐུལ་འདེད་བཏང་བས་སྔོན་དཔག་བྱས་ན་2020ཡི་ནོར་སྲིད་ལོའི་རྒྱལ་ཕྲན་མཉམ་འབྲེལ་གྱི་སྔོན་རྩིས་མཚལ་ཡིག་ཨ་སྒོར་དུང་ཕྱུར་ཁྲི་3.3ཟིན་རྒྱུ་རེད། དེ་ནི2019ཡི་ནོར་སྲིད་ལོའི་ལྡབ་གསུམ་ལྷག་ཙམ་རེད། 2020ཡི་ནོར་སྲིད་ལོའི་རྒྱལ་ཕྲན་མཉམ་འབྲེལ་གྱི་སྔོན་རྩིས་མཚལ་ཡིག་གིས་GDPཡི་བསྡུར་གྲངས་བཟུང་

中央广播电视总台 央广网 版权所有

གཞིས་རྩེའི་གྲོང་གསེབ་ཀྱི་བུ་བཅོལ་ཁང་33ཚད་ལྡན་ཅན་དུ་བསྐྲུན་པའི་རྣམ་གྲངས་ལས་འགོ་ཚུགས་པ།

འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། བོད་ལྗོངས་གཞིས་རྩེའི་གྲོང་གསེབ་ཀྱི་བུ་བཅོལ་ཁང་33ཚད་ལྡན་ཅན་དུ་བསྐྲུན་པའི་རྣམ་གྲངས་ལས་འགོ་ཚུགས་པའི་མཛད་སྒོ་འཚོགས་ཤིང་། རྣམ་གྲངས་བསྐྲུན་རྗེས་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱི་གྲོང་གསེབ་ཀྱི་ལོ་3ནས་6བར་གྱི་བྱིས་པ་བུ་བཅོལ་ཁང་དུ་བསྐྱོད་ཚད་ཕྱོགས་ཡོངས་ལ་ཁྱབ་པ་དང་། གྲོང་གསེབ་ཀྱི་བུ་བཅོལ་ཁང་དུ་སློབ་ཆེན་ཐོན་པའི་དགེ་རྒན་ཕྱོགས་ཡོངས་ལ་ཁྱབ་པ། གཞི་ཁྱོན་ཆུང་བའི་གྲོང་གསེབ་ཀྱི་