ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་གསར་འགྱུར་གཞུང་ལས་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་སྐོང་འཚོགས་བྱས་ནས་ཏོག་གསར་གློ་ཚད་རིམས་ནད་ཀྱི་གནས་ཚུལ་གསར་ཤོས་ཁྱབ་བསྒྲགས་བྱས་པ།

2020-07-30 16:17:00     责编:sangjzm

འདི་ག་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། གསར་འགོད་པས་སྤྱི་ཚེས29ཉིན་སྐོང་འཚོགས་བྱས་པའི་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ཨུ་ལུམ་ཆི་གྲོང་ཁྱེར་གྱིས་རིན་མེད་ངང་ཉིང་སྐྱུར་བརྟག་ཞིབ་བྱེད་པའི་ལས་དོན་ཁྱོན་ཡོངས་ནས་སྤེལ་བ་དང་བསྟུན། ནད་ངོ་ཆོད་པའི་ནད་དཔེ་ཁ་ཤས་དང་ནད་རྟགས་མི་མངོན་པའི་ནད་དཔེ་ཁ་ཤས་དུས་ཐོག་ཏུ་འཚོལ་བཤེར་ཐུབ་པ་དང་། རིམས་ནད་རིགས་པའི་བརྟག་དཔྱད་བྱས་པ་བརྒྱུད། ནད་ངོ་ཆོད་པའི་ནད་པ་དང་ནད་རྟགས་མི་མངོན་པའི་ནད་པ་དང་འབྲེལ་བ་དམ་ཟབ་བྱུང་བའི་མི་ཚང་མ་གསོ་རིགས་བརྟག་དཔྱད་བྱ་ཡུལ་དུ་བརྩིས་པས། དེ་ནི་མི་དེ་བས་མང་བར་རིམས་ནད་དེ་འགོ་རྒྱུ་དང་རིམས་ནད་འགོས་རྒྱུ་བཀག་འགོག་བྱེད་པའི་འགག་རྩའི་བྱ་ཐབས་སུ་གྱུར་ཡོད་པ་རེད།

ཨུ་ལུམ་ཆི་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་དྲུང་ཆེ་གཞོན་པ་ཧྲང་ཡུས་ལན་གྱིས། གསར་དུ་སྙན་ཞུ་བརྒྱབ་པའི་ནད་པའི་ཁྲོད། ནད་རྟགས་མི་མངོན་པའི་ནད་པ་ནད་རྟགས་གཏན་འཁེལ་བྱུང་བའི་ནད་པར་བསྒྱུར་བའི་བསྡུར་ཚད་ཅུང་ཆེན་པོ་ཡོད་པ་དང་། ད་ཡོད་ནད་རྟགས་མི་མངོན་པའི་ནད་པ་ཅུང་ཟད་ཉུང་དུ་སོང་ཡོད་ཅེས་གསུངས་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། རིན་ཆེན་དབང་འདུས།

中央广播电视总台 央广网 版权所有

ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་གསར་འགྱུར་གཞུང་ལས་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་སྐོང་འཚོགས་བྱས་ནས་ཏོག་གསར་གློ་ཚད་རིམས་ནད་ཀྱི་གནས་ཚུལ་གསར་ཤོས་ཁྱབ་བསྒྲགས་བྱས་པ།

གསར་འགོད་པས་སྤྱི་ཚེས29ཉིན་སྐོང་འཚོགས་བྱས་པའི་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ཨུ་ལུམ་ཆི་གྲོང་ཁྱེར་གྱིས་རིན་མེད་ངང་ཉིང་སྐྱུར་བརྟག་ཞིབ་བྱེད་པའི་ལས་དོན་ཁྱོན་ཡོངས་ནས་སྤེལ་བ་དང་བསྟུན། ནད་ངོ་ཆོད་པའི་ནད་དཔེ་ཁ་ཤས་དང་ནད་རྟགས་མི་མངོན་པའི་ནད་དཔེ་ཁ་ཤས་དུས་ཐོག་ཏུ་འཚོལ་བཤེར་ཐུབ་