ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ཡུན་ནན་བདེ་ཆེན་ཀྲོའུ་ལ་དབུལ་སྒྲོལ་བྱུང་། དེ་གའི་ལས་བྱེད་མང་ཚོགས་ངར་ཤུགས་འཕེལ།

2020-07-28 17:18:00     责编:sangjzm

མཛེས་པའི་རི་ཀླུང་དང་བདེ་སྐྱིད་ལྡན་པའི་འཚོ་བ་ནི་འབད་འཐབ་བྱས་ནས་བྱུང་བ་ཞིག་ཡིན།

■ 2019ལོར་ཀྲོའུ་ཡོངས་དབུལ་སྒྲོལ་ཐུབ་ཡོད།

■ 2004ལོར་མཁའ་འགྲོ་ཚེ་རིང་དབང་འདུས་ཀྱིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་མཁའ་འགྲོ་ཚད་ཡོད་འགན་འཁྲི་ཀུང་སི་བཙུགས་པ་བརྒྱུད་ཉེ་རིང་གང་སར་སྐད་གྲགས་ཆོད་པའི་ཕྱུག་འགྱུར་སྣེ་ཁྲིད་པར་གྱུར་པ་མ་ཟད། ཉེ་འཁོར་ཞིང་དུད་ལ་ཡོང་འབབ་འཕར་རྒྱུར་སྣེ་ཁྲིད་ཀྱང་བྱས། ཁོང་གིས་ད་དུང་མཁའ་འགྲོ་ཐེབས་རྩ་ཚོགས་པ་བཙུགས་ནས། སྔ་རྗེས་སུ་སློབ་མ་དབུལ་པོ་དང་དཀའ་ངལ་ཡོད་པའི་ཞིང་འབྲོག་མང་ཚོགས་མང་པོར་མ་དངུལ་བཏང་ནས་རོགས་རམ་བྱས་ཡོད།

■ ད་ཆ་བདེ་ཆེན་ཀྲོའུ་ཡི་མི་འབོར་དབུལ་པོ་2015ལོའི་ལོ་མཇུག་གི་མི་74139ནས་མི་1579བར་ཉུང་དུ་ཕྱིན་པ་དང་། དབུལ་པོ་ཐོན་ཚད་24.95%ནས་0.53%བར་ཆག་པ་མ་ཟད། ཀྲོའུ་ཡོངས་ཀྱི་གྲོང་ཚོ་དབུལ་པོ་147ཚང་མ་དབུལ་སྒྲོལ་ཐུབ་པ་དང་2019ལོར་ཀྲོའུ་ཡོངས་དབུལ་སྒྲོལ་བྱུང་བ་རེད།

དབྱར་དུས་ཀྱི་བདེ་ཆེན་དེ་བས་མཛེས་སྡུག་ལྡན། ཁ་བས་བརྒྱན་པའི་རི་བོ་དང་། འཇམ་ཐིང་ངེར་གནས་པའི་མཚེའུ། ཚང་ཚིང་གི་ནགས་ཚལ། མི་རིགས་མང་པོ་བདེ་སྡོད་ལས་བརྩོན་བཅས་ཀྱི་དགའ་བའི་རྣམ་པའི་ཁྲོད་མི་རྣམས་འཆམ་མཐུན་ངང་འཚོ་བ་སྐྱེལ་བཞིན་མཆིས།

འོན་ཀྱང་མཛེས་སྡུག་ལྡན་པའི་གནས་དེ་སྔོན་མ་དབུལ་པོའི་གནས་ཤིག་ཡིན་པ་མ་ཟད། རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི“ཁུལ་གསུམ་དང་ཀྲོའུ་གསུམ”གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་གྲས་ཤིག་ཀྱང་རེད། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཕྱོགས་ཡོངས་ནས་རྒྱག་འགོ་བཙུགས་ཚུན། ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་ཚོས་འབད་འཐབ་ལྷོད་མེད་བྱས་པ་བརྒྱུད། 2019ལོར་ཀྲོའུ་ཡོངས་དབུལ་སྒྲོལ་ཐུབ་ཡོད།

ད་ཆ་བདེ་ཆེན་ཀྲོའུ་ཡི་ལས་བྱེད་པ་དང་མང་ཚོགས་ཚོས་དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་ཕྱོགས་ཡོངས་འབྱོར་འབྲིང་ཕྱོགས་སུ་མུ་མཐུད་འབད་འཐབ་བྱེད་བཞིན་མཆིས།

སྔོན་མའི་ཕུགས་འདུན་ད་ཆ་དོན་དངོས་ལ་གྱུར་པ།

འབའ་ལྷག་དཀར་རྫོང་གྲོག་རོང་གི་གཏིང་དུ་གནས་པའི་འབའ་ལྷག་གྲོང་ཚོར། སྔོན་མ་གཞུང་ལམ་མེད་པར་བརྟེན། གྲོང་མི་ཕྱིར་སྐྱོད་སྐབས་གཡང་གཟར་རི་སྐེད་དུ་ཞེང་ཚད་སྨི་ཕྱེད་ཀ་ཡང་མེད་པའི་འཕྲང་ལམ་གུ་དོག་ནས་འགྲོ་དགོས་པ་དང་གྲོང་ཚོ་ནས་གྲོང་ཁུལ་དུ་ཕར་འགྲོ་ཚུར་འོངས་བྱས་ན་ཉིན་ལྔ་འགོར་གྱི་ཡོད།

ལོ་མང་གི་གོང་དུ་འབའ་ལྷག་གྲོང་ཚོའི་བུ་ཆུང་ཞིག་གི་མིག་ལ་རྨས་སྐྱོན་ཕོག་ནས་ཕས་བུ་དེ་ཁྲིད་དེ་རྫོང་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱོད་སྐབས། ལམ་ཐག་རིང་བར་བརྟེན་མིག་བཅོས་པའི་གོ་སྐབས་ཤོར་ཏེ། ད་ཆ་མིག་གཡོན་མ་མཐོང་རྒྱུ་མེད་པར་ཆགས། ད་ཐེངས་བུ་དེས་གྲོང་ཚོའི་ཕྱིའི་འཇིག་རྟེན་མཐོང་ཐེངས་དང་པོ་ཡིན་ལ། ཕྱིའི་ཡུལ་ལྗོངས་ཀྱིས་བུ་དེའི་ཡིད་དབང་རྦད་དེ་འཕྲོག་སྟེ། སེམས་ནང་ལམ་ཞིག་བསྐྲུན་ཏེ་གཉེན་ཉེ་ཚོ་རི་གྲོང་ནས་དོན་ཐུབ་པ་བྱ་རྒྱུའི་དམ་བཅའ་བརྟན་པོར་བཞག

ཁོང་ནི། ཡུལ་མི་ཚོ་སྣེ་ཁྲིད་དེ“མཁའ་ལམ”བསྐྲུན་མཁན་བསོད་ནམས་དོན་གྲུབ་རེད།

གྲི་ལྟར་རྣོ་བའི་གཡང་གཟར་གྲོག་རོང་དུ་ལམ་བསྐྲུན་རྒྱུ་ནི་ལས་སླ་བའི་བྱ་བ་ཞིག་ག་ནས་ཡིན། འོན་ཀྱང་ཁོང་གིས་ཡིད་ཐང་མི་ཆད་པར་རང་ཉིད་ཀྱི་ཁེ་ལས་དང་། ཚོང་ཁང་། སྡོད་ཁང་བཅས་བཙོངས་པ་མ་ཟད། ཕྱོགས་གང་ས་ནས་དངུལ་བུན་གཡར་མཐར་ཁྱོན་མ་དངུལ་སྒོར་དུང་ཕྱུར་ཁ་ཤས་བཏང་བ་དང་ལོ་མང་གི་དུས་ཚོད་སྤྱད་དེ་སྣུམ་ནག་གཞུང་ལམ་ཞིག་བསྐྲུན་པ་རེད། གྲོང་མི་ཚོས་གླུ་ལེན་གར་འཁྲབ་བྱས་ཏེ་ཁོང་ལ་ཁ་བཏགས་སྒྲོན་ནས་ཐུགས་རྗེ་ཆེ་ཞུ་སྐབས། ཁོང་གི་མིག་ལ་བདེ་སྐྱིད་ཀྱི་མཆི་བཞག་འཁོར།

ལམ་ཤར་གཏོང་ཐུབ་ཅིང་། འོན་ཀྱང་ལམ་དེ་གང་འདྲ་བྱས་ཏེ་ཕྱུག་པོའི་ལམ་དུ་འགྱུར་བ་བྱེད་དགོས་སམ། ཁོང་གིས་གྲོང་མི་ཚོ་སྣེ་ཁྲིད་དེ་ཕ་ཡུལ་དུ་A4རིམ་པའི་མཛེས་ལྗོངས་ཁུལ་བསྐྲུན་ནས་ཡུལ་སྐོར་གྱི་ཡོང་འབབ་གསོག་པར་བྲེལ། གྲོང་མི་ཚོར་དེ་སྔ་ལོར་ཆ་སྙོམས་ཡོང་འབབ་སྒོར་ཉིས་སྟོང་སུམ་སྟོང་ནས་ད་ཆ་སྒོར་ཁྲི་10ལྷག་ཙམ་ལེན་རྒྱུ་ཡོད། གྲོང་མི་ཚོས“ད་ཆ་ང་ཚོའི་འཚོ་བ་བདེ་སྐྱིད་ལྡན་པ་ཞིག་ཡོད”ཅེས་བརྗོད་ཀྱི་འདུག

སྲོལ་རྒྱུན་རིག་གནས་འཛམ་གླིང་ཕྱོགས་སུ་སྐྱོད།

མཁའ་འགྲོ་བོད་གྲི་རྟེན་རྫས་བཤམས་མཛོད་ཁང་དུ་སྐྱོད་སྐབས། བོད་གྲི་སྣ་ཁ་བརྒྱ་ལྷག་ཙམ་སྒྲིག་གཤོམས་བྱས་འདུག་པས། བརྗིད་ཉམས་ལྡན་པ་ཞིག་འདུག

བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་ཡི་ཕུལ་བྱུང་གུང་ཁྲན་ཏང་ཡོན་མཁའ་འགྲོ་ཚེ་རིང་དབང་འདུས་ནི་མཁའ་འགྲོའི་བོད་གྲིའི་རྒྱུན་འཛིན་པ་མི་རབས་ལྔ་པ་ཡིན་ཞིང་། མཁའ་འགྲོའི་བོད་གྲིར་ལོ་རྒྱུས་ཡུན་རིང་ལྡན་མོད། འོན་ཀྱང་དུས་རབས་ཀྱི་འཕོ་འགྱུར་ཁྲོད་ལག་རྩལ་དེའི་རྒྱུད་པ་ཆད། མཁའ་འགྲོ་ཚེ་རིང་དབང་འདུས་ཀྱིས་འཚོལ་ཞིབ་ཡང་ཡང་བྱས་པ་དང་ཕམ་ཁ་གྲངས་མེད་བརྒྱུད་མཐར་གྲི་བཟོ་བའི་ལག་རྩལ་ཁོང་དུ་ཆུད་ཐུབ་པ་བྱུང་ཡོད།

ཚོང་ཇེ་ལེགས་སུ་ཕྱིན་ཞིང་། 2004ལོར་མཁའ་འགྲོ་ཚེ་རིང་དབང་འདུས་ཀྱིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་མཁའ་འགྲོ་ཚད་ཡོད་འགན་འཁྲི་ཀུང་སི་བཙུགས་པ་བརྒྱུད་ཉེ་རིང་གང་སར་སྐད་གྲགས་ཆོད་པའི་ཕྱུག་འགྱུར་སྣེ་ཁྲིད་པར་གྱུར་པ་མ་ཟད། ཉེ་འཁོར་ཞིང་དུད་ལ་ཡོང་འབབ་འཕར་རྒྱུར་སྣེ་ཁྲིད་ཀྱང་བྱས། ཁོང་གིས་ད་དུང་མཁའ་འགྲོ་ཐེབས་རྩ་ཚོགས་པ་བཙུགས་ནས། སྔ་རྗེས་སུ་སློབ་མ་དབུལ་པོ་དང་དཀའ་ངལ་ཡོད་པའི་ཞིང་འབྲོག་མང་ཚོགས་མང་པོར་མ་དངུལ་བཏང་ནས་རོགས་རམ་བྱས་ཡོད།

ད་ཕན་ལོ་ཤས་རིང་། མི་རིགས་ཀྱི་རིག་གནས་ཁག་གཅིག་དེ་བས་སྲུང་སྐྱོབ་ཡག་པོ་ཐུབ་ཅིང་། 2012ལོར་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་རུ་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལྟེ་གནས་བཙུགས་པ་རེད། 2019ལོའི་ཟླ་བརྒྱད་པ་བར། ཀྲོའུ་ཡོངས་སུ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་མིང་གཞུང་ནང་ཚུད་པའི་རྣམ་གྲངས་8དང་ཞིང་ཆེན་རིམ་པའི་སྲུང་སྐྱོང་མིང་གཞུང་ནང་ཚུད་པའི་རྣམ་གྲངས་29ཡོད་ལ། རྒྱལ་ཁབ་རིམ་པའི་རྒྱུན་འཛིན་པ་7དང་ཞིང་ཆེན་རིམ་པའི་རྒྱུན་འཛིན་པ་62ཡོད་པ་རེད།

སྔོ་ལྗང་རི་ཀླུང་ལ་བརྟེན་ནས་དབུལ་སྒྲོལ་བྱུང་བ།

“སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན་ལ”དེ་ནགས་སྲུང་པ་སྟོབས་རྒྱལ་འཆི་མེད་ཀྱི་ངོས་ནས་བརྗོད་ན་དངོས་ཡོད་འཚོ་བ་ཁྲོད་ལས་བྱུང་བའི་མྱོང་ཚོར་ཞིག་རེད།

ཁོང་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་ལྷོ་ལུང་སྡེ་ཁུལ་གྱི་གྲོང་མི་ཞིག་ཡིན་པ་དང་། རྒྱལ་ཁབ་རང་བྱུང་སྲུང་སྐྱོང་ཁུལ་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་དུ་སྡོད་ཅིང་། སྤྱི་གླིང་དེ་ནི“གཙང་གསུམ་མཉམ་རྒྱུག”གི་འཛམ་གླིང་གི་རང་བྱུང་ཤུལ་བཞག་གི་ལྟེ་བའི་ཁུལ་ཞིག་རེད།

ལོ་59ལ་སླེབས་པའི་ཁོང་གྲོང་མི་གཞན་ཚོ་དང་འདྲ་བར་སྔོན་མ་ཤིང་གཅོད་པ་དང་རྔོན་བརྒྱབ་ནས་འཚོ་བ་སྐྱེལ་གྱི་ཡོད། ཁོང་གིས“སྐབས་དེ་དུས་ལོ་གཅིག་ལ་ཡོང་འབབ་མང་པོ་མེད། ཁོར་ཡུག་ལ་གཏོར་བཤིག་ཕོག་པ་དང་ནགས་ཚལ་ཉུང་དུ་ཕྱིན་པ་མ་ཟད། ཤ་བ་དང་གླ་བ་རྔོན་བརྒྱབ་ནས་སྤྱིར་ན་མཐོང་རྒྱུ་མེད”ཅེས་བརྗོད་བྱུང་།

རྒྱལ་ཁབ་ཀྱི་སྲིད་ཇུས་ཀྱི་ཁྲིད་སྟོན་འོག་གྲོང་མི་ཚོའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་ཕྱིན་རྗེས། ཚང་མས་ཤིང་གཅོད་དང་རྔོན་རྒྱག་གི་ལག་ཆ་དབྱུགས་ཏེ་ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་གསོག་འགོ་ཚུགས། ཡུལ་སྐོར་གསར་སྤེལ་བྱེད་པའི་ཐོག་མར་གྲོང་མི་ཚོས་རྟ་བཅིབས་ཡུལ་སྐོར་རྣམ་གྲངས་གཉེར་བ་དང་། རྩྭ་ཐང་ཐོག་བཟའ་རིགས་དང་བསྲེགས་ཟས་བཙོངས་པ་སོགས་བྱས་པར་བརྟེན་སྣོད་བཅུད་ཁོར་ཡུག་ལ་གཏོར་སྐྱོན་ཕོག་ཡོད།

“གྲོས་བསྡུར་བྱས་པ་བརྒྱུད། མཛེས་ལྗོངས་ཁུལ་དུ་བསྲེགས་ཟས་འཚོང་བ་དང་ཁྲོམ་སྟོན་མཚམས་བཞག་ཏུ་བཅུག་པ་དང་སྤྱི་གླིང་གིས་གྲོང་མིར་ཁ་གསབ་འོས་འཚམ་སྤྲད་པ་དང་ཆབས་ཅིག་སྣོད་བཅུད་སྲུང་སྐྱོང་གི་ལས་གནས་བཏོད་དེ་སྤྱི་གླིང་ནང་གི་ཞིང་དུད་ལ་སྔོན་ལ་ལས་ཀ་སྤྲད་ཡོད”ཅེས་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་བྱུང་།

ད་ཆ་བདེ་ཆེན་ཀྲོའུ་ཡི་མི་འབོར་དབུལ་པོ་2015ལོའི་ལོ་མཇུག་གི་མི་གྲངས་74139ནས་མི་གྲངས་1579བར་ཉུང་དུ་ཕྱིན་པ་དང་། དབུལ་པོ་ཐོན་ཚད་24.95%ནས་0.53%བར་ཆག་པ་མ་ཟད། ཀྲོའུ་ཡོངས་ཀྱི་གྲོང་ཚོ་དབུལ་པོ་147ཚང་མ་དབུལ་སྒྲོལ་ཐུབ་པ་དང་2019ལོར་ཀྲོའུ་ཚང་མ་དབུལ་སྒྲོལ་ཐུབ་ཡོད་པ་རེད།

中央广播电视总台 央广网 版权所有

ཡུན་ནན་བདེ་ཆེན་ཀྲོའུ་ལ་དབུལ་སྒྲོལ་བྱུང་། དེ་གའི་ལས་བྱེད་མང་ཚོགས་ངར་ཤུགས་འཕེལ།

ལོ་མང་གི་གོང་དུ་འབའ་ལྷག་གྲོང་ཚོའི་བུ་ཆུང་ཞིག་གི་མིག་ལ་རྨས་སྐྱོན་ཕོག་ནས་ཕས་བུ་དེ་ཁྲིད་དེ་རྫོང་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱོད་སྐབས། ལམ་ཐག་རིང་བར་བརྟེན་མིག་བཅོས་པའི་གོ་སྐབས་ཤོར་ཏེ། ད་ཆ་མིག་གཡོན་མ་མཐོང་རྒྱུ་མེད་པར་ཆགས། ད་ཐེངས་བུ་དེས་གྲོང་ཚོའི་ཕྱིའི་འཇིག་རྟེན་མཐོང་ཐེངས་དང་པོ་ཡིན་ལ། ཕྱིའི་ཡུལ་ལྗོངས་ཀྱིས་བུ་དེའི་ཡིད་དབང་རྦད་དེ་འཕྲོག་སྟེ། སེམས་ནང་ལམ་ཞིག་བསྐྲུན་ཏེ་གཉེན་ཉེ་ཚོ་རི་གྲོང་ནས་དོན་ཐུབ་པ་བྱ་རྒྱུའི་དམ་