ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

དམངས་སྤྱོད་མཁའ་འགྲུལ་གྱི་དུས་གཏན་གནམ་གྲུ་སླར་གསོ་བྱུང་ཚད་རིམས་ནད་གོང་གི་བཅུ་ཆ་བརྒྱད་ཙམ་ཟིན་པ།

2020-07-28 17:17:00     责编:sangjzm

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་23ཉིན། དམངས་སྤྱོད་མཁའ་འགྲུལ་གྱི་དུས་གཏན་གནམ་གྲུའི་ལན་གྲངས་13059ཟིན་ནས་རིམས་ནད་གོང་གི་བཅུ་ཆ་བརྒྱད་ཙམ་སླར་གསོ་ཐུབ་ཡོད་པ་དང་། འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་127.28ཟིན་ནས་དུས་མཚུངས་ཀྱི་བཅུ་ཆ་བདུན་ཙམ་སླར་གསོ་བྱུང་བ་དང་། གནམ་གྲུར་འགྲུལ་པ་བཞུགས་ཚད་73.57%ཟིན་ཡོད་པ་རེད།

ཟླ་གཉིས་པ་ཚུན་དུ། དམངས་སྤྱོད་མཁའ་འགྲུལ་ལས་རིགས་ཡོངས་ཀྱི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་དུས་མཚུངས་ལས་འཕར་བ་དང་། ཟླ་དྲུག་པར། འགྲུལ་པ་ཕྱིར་སྐྱོད་ཚད་མངོན་གསལ་དོད་པོས་མང་དུ་ཕྱིན་པར་བརྟེན། དུས་གཏན་གནམ་གྲུའི་ལས་སྒོ་མགྱོགས་མྱུར་སླར་གསོ་ཐུབ་ནས། རིགས་ཁག་གི་དུས་གཏན་གནམ་གྲུ་ཁྲི་32.5འཕུར་ཐུབ་པ་བྱུང་བ་དང་། ཉིན་རེར་ཆ་སྙོམས་དུས་གཏན་གནམ་གྲུ་10820ཟིན་ནས་14.1%འཕར་ཡོད། འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་3073.9ཟིན་ནས་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་10.2འཕར་བ་ནས། དུས་མཚུངས་ཀྱི་འཕར་ཚད་དེ་ཟླ་གཉིས་པ་ལས་བརྒྱ་ཆའི་གྲངས་42.1འཕར་ཡོད།

中央广播电视总台 央广网 版权所有

དམངས་སྤྱོད་མཁའ་འགྲུལ་གྱི་དུས་གཏན་གནམ་གྲུ་སླར་གསོ་བྱུང་ཚད་རིམས་ནད་གོང་གི་བཅུ་ཆ་བརྒྱད་ཙམ་ཟིན་པ།

ཟླ་7ཚེས་23ཉིན། དམངས་སྤྱོད་མཁའ་འགྲུལ་གྱི་དུས་གཏན་གནམ་གྲུའི་ལན་གྲངས་13059ཟིན་ནས་རིམས་ནད་གོང་གི་བཅུ་ཆ་བརྒྱད་ཙམ་སླར་གསོ་ཐུབ་ཡོད་པ་དང་། འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་127.28ཟིན་ནས་དུས་མཚུངས་ཀྱི་བཅུ་ཆ་བདུན་ཙམ་སླར་གསོ་བྱུང་བ་དང་། གནམ་གྲུར་འགྲུལ་པ་བཞུགས་ཚད་73.57%ཟིན་ཡོད་པ་རེད།