ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ཉིང་ཁྲི་ནས་སྤོ་བོའི་བར་གྱི་ཞུང་ལམ་དུམ་བུ་རོབ་ཙམ་བཟོས་ཟིན་འདུག

2020-07-28 15:44:10     责编:娜科

    གསར་འགོད་པས་བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན།    དྲག་ཆས་ཉེན་རྟོག་འཕྲུལ་སྒུལ་སྤྱི་ཁྱབ་རུ་ཁག་ཉིང་ལག་རུ་ཁག་གཉིས་པ་དང་བོད་ཀྱི་གཞུང་ལམ་དོ་དམ་སྡེ་ཚན་གྱིས་བསྟུད་མར་འབད་འཐབ་བྱས་པ་བརྒྱུད་རྒྱལ་ལམ་318ཀྱི་ཉིང་ཁྲི་ནས་སྤོ་བོའི་བར་གྱི་གཞུང་ལམ་དུམ་བུ་དེ་སྤྱི་ཟླ་7ཚེས་24ཉིན་གྱི་ཆུ་ཚོད་12ཐོག་སྟབས་བདེའི་ལམ་བུ་མྱུར་བཟོ་དང་ཤར་གཏོང་གི་ལས་དོན་ལེགས་སྒྲུབ་ཐུབ་ནས་རླངས་འཁོར་ཆུང་གྲས་ཕྱོགས་རྐྱང་པའི་ཐོག་ནས་ཤར་གཏོང་ཐུབ་ཡོད་པ་རེད།     

    ཆར་པ་ཆེན་པོ་བསྟུད་མར་བབས་པའི་རྐྱེན་གྱིས་ཟླ་7ཚེས་21ཉིན་རྒྱལ་ལམ་318རྒྱུད་ཀྱི་བོད་ལྗོངས་ཉིང་ཁྲི་ནས་སྤོ་བོའི་བར་གྱི་ལམ་དུམ་བུ་མང་པོར་ཚད་གཞི་མི་འདྲ་བའི་གཏོར་སྐྱོན་ཕོག་ཅིང་།    དེའི་ནང་ནས་K4049+700(ཐང་སྨད་གྲོང་རྡལ་དང་བར་ཐག་སྤྱི་ལེ་17དང་སྤོ་བོ་རྫོང་དང་བར་ཐག་སྤྱི་ལེ་104)ཡི་སྨི་100ཙམ་གྱི་གཙང་པོའི་ངོགས་ཀྱི་ལམ་གཞི་ཆུ་ལོག་གི་ཤུགས་རྐྱེན་ཐེབས་པ་དང་ལམ་གཞི་ཉིལ་ནས་ ལམ་ཆད་ཡོད་པ་རེད། 

   ཤེས་རྟོགས་བྱུང་བར་གཞིགས་ན།    གཞུང་ལམ་འགག་རྗེས་བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་འཕྲལ་མར་འཕྲལ་སྡོམ་སྔོན་ཇུས་ལག་ལེན་བསྟར་ནས་སྟོབས་ཤུགས་སྒྲིག་འཛུགས་བྱས་ཏེ་ཉེན་སེལ་ཤར་བགྲོད་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་སྤེལ་བ་རེད།     དེ་དང་ཆབས་ཅིག་འགྲིམ་འགྲུལ་སྐྱེལ་འདྲེན་པུས་ཀྱང་ས་གཤིས་རིགས་གཅིག་མཁས་ཅན་ལམ་དུམ་གྱི་གནོད་འཚེ་ཐོན་ཡུལ་དུ་མངགས་ནས་འཕྲལ་སྡོམ་མྱུར་བཟོའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་མཛུབ་ཁྲིད་དང་རོགས་རམ་བྱས་པ་རེད།     གཞུང་ལམ་ཤར་བགྲོད་ཐུབ་པ་བྱ་ཆེད།    དྲག་ཆས་ཉེན་རྟོག་འཕྲུལ་སྒུལ་སྤྱི་ཁྱབ་རུ་ཁག་གི་ཉིང་ལག་རུ་ཁག་གཉིས་པ་དང་བོད་ལྗོངས་གཞུང་ལམ་དོ་དམ་སྡེ་ཚན་གྱིས་ཁྱོན་འཕྲལ་སྡོམ་མྱུར་བཟོའི་མི་སྣ་40དང་།    འཕྲུལ་ཆས་དང་རླངས་འཁོར་20  དེ་བཞིན་སྒྲིག་ཆས་ཡོ་བྱད་སྣ་ཚོགས་50བཅས་བཏང་བ་དང་ཆབས་ཅིག་སྟབས་བདེའི་ལམ་བུ་དང་ལམ་གཞི་བསྐྱར་སྐྲུན་གྱི་བྱ་ཐབས་གཉིས་སྤྱད་དེ་མྱུར་བཟོའི་ལས་དོན་སྤེལ་བ་རེད།       བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ལས་དོན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན།    གལ་སྲིད་ཆར་ཞོད་དང་དང་འདམ་རྡོའི་ཆུ་རུད་སོགས་ཀྱི་གནོད་འཚེའི་གནས་ཚུལ་མ་ཐོན་ཚེ་སྔོན་དཔགས་བྱས་ན་ཟླ་7ཚེས་29ཉིན་དེ་སྔའི་ལམ་གཞི་རྒྱོང་བའི་ལས་དོན་ལེགས་སྒྲུབ་ཐུབ་རྒྱུ་ཡིན་པ་རེད།    

 

 

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

རྩོམ་སྒྲིག་འགན་འཁུར་བ། ལྷག་པ།

གསར་འགོད་པ། བསྟན་དབང་། ནོར་ཚེ། ཕུར་ཚེ། 

    中央广播电视总台 央广网 版权所有

    ཉིང་ཁྲི་ནས་སྤོ་བོའི་བར་གྱི་ཞུང་ལམ་དུམ་བུ་རོབ་ཙམ་བཟོས་ཟིན་འདུག