ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ནོར་སྲིད་པུའུ་དང་་འཕྲལ་སྒྲུབ་དོ་དམ་པུས་སྔ་རྗེས་སུ་ཞིང་ཆེན་བདུན་ལ་ཀྲུང་དབྱང་གི་རང་བྱུང་གནོད་འཚེའི་རྒུད་སྐྱོབ་མ་དངུལ་ཛ་དྲག་ངང་གཤམ་སྤྲོད་བྱས་པ།

2020-07-24 10:12:00     责编:卓玛才让

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཟླ་༦ཚེས་༡ཉིན། འབྲུབ་ཆུ་གཙོ་བོ་རྒྱས་འགོ་ཚུགས་པ་ནས་བཟུང་། ནོར་སྲིད་པུའུ་དངའཕྲལ་སྒྲུབ་དོ་དམ་པུས་སྔ་རྗེས་སུ་ཨན་ཧུའེ་དང་། ཅང་ཞི། ཧུའུ་པེ། སི་ཁྲོན། ཀོང་ཞི། ཀུའེ་ཀྲའུ་སོགས་ཞིང་ཆེན་ལ་ཀྲུང་དབྱང་གི་རང་བྱུང་གནོད་འཚེའི་རྒུད་སྐྱོབ་མ་དངུལ་སྒོར་དུང་ཕྱུར་དགུ་དང་བྱེ་བ་གསུམ་ས་ཡ་ལྔ་ཛ་དྲག་ངང་གཤམ་སྤྲོད་བྱས་ཡོད་པ་རེད། འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་གཞུང་ལས་ཁང་དང་། འཕྲལ་སྒྲུབ་དོ་དམ་པུས་རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུད་དང་ལྷན་དུ། རིམ་རྩིས་བྱས་ནས་ཁག་ཐེངས་བདུན་གྱི་ཀྲུང་དབྱང་གི་རྒུད་སྐྱོབ་དངོས་ཟོག་ཁྲི་༡༣དང་། ཁག་ཐེངས་བརྒྱད་ཀྱི་རིན་ཐང་སྒོར་བྱེ་བ་གཅིག་དང་ས་ཡ་དྲུག་བདུན་འབུམ་བཞི་ཁྲི་སུམ་སྟོང་ཟིན་པའི་ཀྲུང་དབྱང་འབྲུབ་འགོག་དངོས་ཟོག་ས་གནས་ཀྱི་འབྲུབ་འགོག་གནོད་སེལ་ཐད་བཏང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

中央广播电视总台 央广网 版权所有

ནོར་སྲིད་པུའུ་དང་་འཕྲལ་སྒྲུབ་དོ་དམ་པུས་སྔ་རྗེས་སུ་ཞིང་ཆེན་བདུན་ལ་ཀྲུང་དབྱང་གི་རང་བྱུང་གནོད་འཚེའི་རྒུད་སྐྱོབ་མ་དངུལ་ཛ་དྲག་ངང་གཤམ་སྤྲོད་བྱས་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཟླ་༦ཚེས་༡ཉིན། འབྲུབ་ཆུ་གཙོ་བོ་རྒྱས་འགོ་ཚུགས་པ་ནས་བཟུང་། ནོར་སྲིད་པུའུ་དངའཕྲལ་སྒྲུབ་དོ་དམ་པུས་སྔ་རྗེས་སུ་ཨན་ཧུའེ་དང་། ཅང་ཞི། ཧུའུ་པེ། སི་ཁྲོན། ཀོང་ཞི།