ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ཀྲུང་གོའི་དཔལ་འབྱོར་གྱི་ལོ་ཕྱེད་ཀྱི་སྙན་ཞུའི་ནང་། རང་རྒྱལ་གྱི་བཟོ་ལས་དང་འཕྲིན་གཏོང་ལས་རིགས་ཀྱི་ཐོན་སྐྱེད་སྒྲིག་ལམ་གཞི་རྩའི་ཆ་ནས་བརྟན་པོ་བྱུང་ཡོད་ཅེས་འཁོད་པ།

2020-07-24 10:06:00     责编:卓玛才让

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་23ཉིན་བཟོ་ལས་དང་ཆ་འཕྲིན་ཅན་པུས། ད་ལོའི་ཟླ་དང་པོ་ནས་དྲུག་པའི་བར། རང་རྒྱལ་གྱི་བཟོ་ལས་དང་འཕྲིན་གཏོང་ལས་རིགས་ཀྱི་ཐོན་སྐྱེད་སྒྲིག་ལམ་གཞི་རྩའི་ཆ་ནས་བརྟན་པོ་བྱུང་བ་དང་། འཁོར་རྒྱུག་གི་དམིགས་ཚད་གཙོ་བོ་སྔོན་དཔག་ལས་ཡག་པ་ཡོད་པས། སྤྱི་ཁོག་དཔལ་འབྱོར་བརྟན་པོའི་ངང་འཁོར་རྒྱུག་བྱེད་པར་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱས་ཡོད་ཅེས་ཁྱབ་བསྒྲགས་བྱས་ཡོད་པ་རེད།

བཟོ་ལས་དང་ཆ་འཕྲིན་ཅན་པུའི་པུའུ་ཀྲང་གཞོན་པ་ཤིན་གོ་པིན་གྱིས། ལོ་སྟོད་དུ་རང་རྒྱལ་གྱི་བཟོ་ལས་དཔལ་འབྱོར་གྱི་དམིགས་ཚད་ཁག་སྔོན་ལ་ཆག་པ་ནས་རྗེས་སུ་འཕར་བ་དང་། དུས་ཚིགས་གཉིས་པའི་འཁོར་རྒྱུག་རྣམ་པ་ཟླ་རེ་བཞིན་ལེགས་སུ་ཕྱིན་པ། ཟླ་དང་པོ་ནས་ལྔ་པའི་བར། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ལས་གཉེར་ཡོང་འབབ་ཀྱི་ཁེ་སྤོགས་བརྒྱ་ཆ་5ཟིན་ཡོད་ཅེས་ངོ་སྤྲོད་གནང་ཡོད་པ་རེད།

ད་ལོ་ནས་བཟུང་། བཟོ་ལས་དང་ཆ་འཕྲིན་ཅན་པུས་5Gསོགས་རྨང་གཞིའི་སྒྲིག་བཀོད་གསར་པ་འཛུགས་སྐྲུན་ཟམ་མི་ཆད་མེད་པ་བྱ་རྒྱུར་སྐུལ་འདེད་བཏང་ཡོད། སྤྱི་ཟླ་6པའི་ཟླ་མཇུག་བར། ཁེ་ལས་གསུམ་གྱིས་རྒྱལ་ཡོངས་སུ་5Gས་ཚིགས་ཤར་གཏོང་བྱེད་ཚད་བཞི་འབུམ་ལས་བརྒལ་ཡོད་པ་རེད།

འགྲིམ་འགྲུལ་སྐྱེལ་འདྲེན་པུས། ལོ་སྟོད་དུ་འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་ཀྱིས་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་ཆིག་ཁྲི་བཞི་སྟོང་ལྔ་བརྒྱ་བཏང་བ་དང་། གྲུ་ཁའི་དངོས་ཟོག་འདོན་འཇུག་བྱེད་ཚད་ཏུན་དུང་ཕྱུར་67དང་བྱེ་བ་5ལེགས་གྲུབ་ཟིན་ཞིང་། དེའི་ནང་དུས་ཚིགས་གཉིས་པར་བརྒྱ་ཆ་ལྔ་དང་གྲངས་ཆུང་གཉིས་འཕར་ནས། སྤྱི་ཟླ་བཞི་པ་ནས་བཟུང་ཟླ་བ་གསུམ་བསྟུད་མར་འཕར་སྣོན་འགྲོ་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད་ཅེས་ཁྱབ་བསྒྲགས་བྱས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཡིག་སྒྱུར། མཚམས་གཅོད།

中央广播电视总台 央广网 版权所有

ཀྲུང་གོའི་དཔལ་འབྱོར་གྱི་ལོ་ཕྱེད་ཀྱི་སྙན་ཞུའི་ནང་། རང་རྒྱལ་གྱི་བཟོ་ལས་དང་འཕྲིན་གཏོང་ལས་རིགས་ཀྱི་ཐོན་སྐྱེད་སྒྲིག་ལམ་གཞི་རྩའི་ཆ་ནས་བརྟན་པོ་བྱུང་ཡོད་ཅེས་འཁོད་པ།

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་23ཉིན་བཟོ་ལས་དང་ཆ་འཕྲིན་ཅན་པུས། ད་ལོའི་ཟླ་དང་པོ་ནས་དྲུག་པའི་བར། རང་རྒྱལ་གྱི་བཟོ་ལས་དང་འཕྲིན་གཏོང་ལས་རིགས་ཀྱི་ཐོན་སྐྱེད་སྒྲིག་ལམ་གཞི་རྩའི་ཆ་ནས་བརྟན་པོ་བྱུང་བ་དང་། འཁོར་རྒྱུག་གི་དམིགས་ཚད་གཙོ་བོ་སྔོན་དཔག་ལས་ཡག་པ་ཡོད་པས།