ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱིས་དཔྱད་གཏམ་འགོ་བརྗོད་དུ་ཁྲོམ་རའི་བྱེད་པོའི་གསོན་ཤུགས་འཕེལ་བ་བྱས་ནས་ཁེ་ལས་མཁས་པའི་སྙིང་སྟོབས་དར་སྤེལ་གཏོང་དགོས་ཞེས་པ་སྤེལ་བ།

2020-07-23 17:40:00     责编:sangjzm

འདི་ག་ལས་ཁུངས་ཀྱིས་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་དཔྱད་གཏམ་འགོ་བརྗོད་དུ་ཁྲོམ་རའི་བྱེད་པོའི་གསོན་ཤུགས་འཕེལ་བ་བྱས་ནས་ཁེ་ལས་མཁས་པའི་སྙིང་སྟོབས་དར་སྤེལ་གཏོང་དགོས་ཞེས་པ་སྤེལ་ཡོད་པ་རེད།

དཔྱད་གཏམ་ནང་། ཏོག་གསར་གློ་ཚད་ཀྱི་རིམས་ནད་ཐོན་པ་ནས་བཟུང་། ཏང་ཀྲུང་དབྱང་གིས་ཁྲོམ་རའི་བྱེད་པོ་འགན་ལེན་བྱ་རྒྱུ་དེ་འགན་ལེན་དྲུག་གི་ལས་འགན་གྱི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ཡོད། ཁྲོམ་རའི་བྱེད་པོ་འགན་ལེན་བྱེད་པ་དེ། ཐོན་སྐྱེད་ཀྱི་གོང་འོག་དང་། ཐོན་སྐྱེད་ཀྱི་མཁོ་སྤྲོད་བྲིན་འཚོང་། ཁེ་ལས་ཆེ་འབྲིང་ཆུང་གསུམ་ཕན་ཚུན་མཐུན་སྦྱོར་ཡོང་བ། འཁོར་རྒྱུག་གཅིག་གྱུར་བཅས་ཀྱི་ཁྲོམ་ར་ཆེན་པོ་དང་འབྲེལ་བ་ཡོད་ལ། གྲོང་མིའི་ལས་ཞུགས་འགན་སྲུང་དང་། གཞི་རྩའི་དམངས་འཚོ་འགན་སྲུང་། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་བརྟན་པོ་ཡོང་བ་འགན་སྲུང་སོགས་ཀྱི་སྔོན་འགྲོ་དང་རྨང་གཞི་ཡང་ཡིན། མ་འོངས་པར། ང་ཚོས་ཁྲོམ་རའི་བྱེད་པོའི་གསོན་ཤུགས་སྔར་བས་འཕེལ་བ་དང་ཁེ་ལས་པའི་སྙིང་སྟོབས་དར་སྤེལ་གཏོང་བ། རིམས་ནད་ཀྱིས་བཟོས་པའི་གྱོང་གུན་ཁ་གསབ་ཧུར་ཐག་བཅས་བྱས་ནས། ལོ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་ཡག་པོ་བརྩོན་ལེན་བྱེད་དགོས་ཞེས་འཁོད་ཡོད་པ་དང་།

དཔྱད་གཏམ་ནང་། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་བླང་བྱ་ལག་བསྟར་ཏན་ཏིག་བྱེད་པ་དང་། ཁྲལ་འཕྲི་གྲོན་གཅོག་དང་། བོགས་དངུལ་ཉུང་གཏོང་དང་སྐྱེད་ཀ་གཅོག་པ། སྤྱི་ཚོགས་འགན་བཅོལ་ཕྱིར་འགྱངས་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱོད་ཤུགས་ཆེ་རུ་བཏང་ནས། རྒྱ་ཆེའི་ཁེ་ལས་དང་ལྷག་པར་དུ་ཁེ་ལས་འབྲིང་ཆུང་དང་ཁེར་རྐྱང་བཟོ་ཚོང་ཐེམ་དུད་ཀྱི་དཀའ་ངལ་སེལ་རོགས་བྱས་ནས་མདུན་སྐྱོད་ཐུབ་པ་བྱེད་དགོས། དངུལ་ཁང་གི་དངུལ་བུན་དང་མ་རྐང་འཛིན་ཤོག་གི་མ་དངུལ་གྲབས་གསོག་སོགས་ཀྱི་སྲིད་ཇུས་བཟང་པོ་དོན་འཁྱོལ་བྱས་ནས། དམངས་གཉེར་དང་ཚན་རྩལ་ཁེ་ལས་ལ་གསོན་ཤུགས་སྣོན་དགོས། དམངས་དོན་ཁྲིམས་གཞུང་དངོས་སུ་བཏོན་པ་གོ་སྐབས་སུ་བརྩིས་ནས། ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་འགྲོ་རྒྱུར་ཤུགས་རྒྱག་པ་དང་ཁེ་ལས་མཁས་པའི་ལས་སྐྲུན་དང་བྱ་གཞག་གསར་གཏོད་ལ་སྐུལ་ལྕག་བྱེད་དགོས་ཞེས་ནན་སྟོན་བྱས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། མཚམས་གཅོད།

中央广播电视总台 央广网 版权所有

ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱིས་དཔྱད་གཏམ་འགོ་བརྗོད་དུ་ཁྲོམ་རའི་བྱེད་པོའི་གསོན་ཤུགས་འཕེལ་བ་བྱས་ནས་ཁེ་ལས་མཁས་པའི་སྙིང་སྟོབས་དར་སྤེལ་གཏོང་དགོས་ཞེས་པ་སྤེལ་བ།

དཔྱད་གཏམ་ནང་། ཏོག་གསར་གློ་ཚད་ཀྱི་རིམས་ནད་ཐོན་པ་ནས་བཟུང་། ཏང་ཀྲུང་དབྱང་གིས་ཁྲོམ་རའི་བྱེད་པོ་འགན་ལེན་བྱ་རྒྱུ་དེ་འགན་ལེན་དྲུག་གི་ལས་འགན་གྱི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ཡོད། ཁྲོམ་རའི་བྱེད་པོ་འགན་ལེན་བྱེད་པ་དེ། ཐོན་སྐྱེད་ཀྱི་གོང་འོག་དང་། ཐོན་སྐྱེད་ཀྱི་མཁོ་སྤྲོད་བྲིན་འཚོང་། ཁེ་ལས་ཆེ་འབྲིང་ཆུང་གསུམ་ཕན་ཚུན་མཐུན་སྦྱོར་ཡོང་བ། འཁོར་རྒྱུག་གཅིག་གྱུར་བཅས་ཀྱི་ཁྲོམ་ར་ཆེན་པོ་དང་འབྲེལ་བ་ཡོད་ལ། གྲོང་མིའི་ལས་ཞུགས་འགན་