ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ཧྲང་ཧའེ་ཡིས་ཚགས་ཚུན་པོ་ཅན་དང་རིག་ནུས་ཅན་མི་གཤིས་ཅན་བཅས་ཀྱི་དོ་དམ་བྱ་ཐབས་ལ་བརྟེན་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ཞིབ་ཚགས་པོ་སྒྲུབ་བཞིན་ཡོད་པ།

2020-02-14 10:41:00     责编:sangjzm

འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རིམས་ནད་ལ་ཁ་གཏད་གཅོག་སྐབས། ཧྲང་ཧའེ་ཡིས་ཚགས་ཚུན་པོ་ཅན་དང་རིག་ནུས་ཅན་མི་གཤིས་ཅན་བཅས་ཀྱི་དོ་དམ་བྱ་ཐབས་གང་ལེགས་བཟུང་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ཞིབ་ཚགས་པོ་སྒྲུབ་བཞིན་ཡོད་པ་རེད།

ཧྲང་ཧའེ་གྲོང་ཁྱེར་ཧོང་ཕུའུ་ཁུལ་ཝུའུ་ལི་ཆའོ་ཁྲོམ་གཞུང་ལི་ཡོན་སྡེ་ཁུལ་ནི་ཁང་པ་རྙིང་པ་གཙོ་བོར་བྱས་པའི་སྡེ་ཁུལ་ཞིག་ཡིན། རིམས་ནད་ཀྱི་མདུན་དུ། མིག་སྔའི་ཆར་སྡེ་ཁུལ་དེའི་གྲོང་མི་ཚང་མས་བླང་བྱ་ལྟར་དོན་ས་དང་འཛུལ་ས་གཙོ་བོ་མ་གཏོགས་བཞག་མེད་པ་དང་། དེ་སྔའི་སྤྱི་པའི་བྱེད་སྒོ་སྤེལ་ཡུལ་སྒོ་རྒྱབ་པ། གྲོང་མིས་ཅ་ལག་མངགས་ཉོ་དང་མགྱོགས་འཕྲིན་ལེན་པ་སོགས་མཐའ་དག་ས་ཚིགས་གཏན་འཁེལ་ནས་ལེན་གྱི་ཡོད། ཡིན་ནའང་། ལི་ཡོན་སྡེ་ཁུལ་དུ་འཚོ་བ་སྐྱེལ་མཁན་མང་པོ་ཞིག་ནི་རྒན་རྒོན་དང་དེ་བཞིན་དབང་པོ་སྐྱོན་ཅན་ཡིན་པ་རེད། དེ་དོན་སྡེ་ཁུལ་གྱི་ཏང་ཨུད་ཧྲུའུ་ཅི་མ་ཅི་ཡིས་སྡེ་ཁུལ་གྱི་ལས་དོན་པ་དང་དང་བླངས་པའི་སྣེ་ཁྲིད་ནས་གནད་ལ་འཕིགས་ཅིང་བྱམས་བརྩེ་ལྡན་པའི་ཞབས་ཞུ་མཁོ་འདོན་མཛད་ཡོད། མ་ཅི་ཡིས། ང་ཚོས་དུས་བཀག་ལྟར་ཁྱེར་ཞུགས་རྒན་རྒོན་ལ་ལྟ་བར་འགྲོ་བ་དང་ཁ་པར་རྒྱག་པ་སོགས་ཀྱི་ཐོག་ནས་འཚམས་འདྲི་ཞུ་ཀྱི་ཡོད་པ་དང་། ཁོང་རྣམས་ལ་དགོས་མཁོ་གང་དག་ཡོད་པ་རྒྱུས་མངའ་བྱས་རྗེས། ང་ཚོས་རང་ནུས་ལ་དཔག་པའི་ཐོག་ནས་སྒྲུབ་གང་ཐུབ་བྱེད་ཀྱི་ཡོད་ཅེས་གསུངས་ཡོད།

སྡེ་ཁུལ་གྱི་གྲོང་མི་རྣམས་ཀྱིས་ཀྱང་རང་འགུལ་ངང་བྱེད་སྒོའི་ནང་ཞུགས་ཏེ། སྡེ་ཁུལ་ཆེད་རིམས་ནད་འགོག་པའི་དངོས་ཟོག་གྲབས་གསོག་བྱེད་པ་དང་། རང་ནུས་ལ་དཔག་པའི་ལེགས་སྐྱེས་ཕུལ་དང་འབུལ་མུས་ཡིན་པ་རེད། ཧྲང་ཧའེ་གྲོང་ཁྱེར་ཕུའུ་ཐོ་ཁུལ་ཚའོ་ཡང་གྲོང་གསར་ཁྲོམ་གཞུང་དུ། ཉེ་དུས་སྡེ་ཁུལ་ནང་དུ་ཧྲང་ཧའེ་ལ་ཕྱིར་ལོག་བྱེད་མཁན་མི་སྣ་ལྡབ་ཀྱིས་མང་དུ་འགྲོ་བའི་གནས་ཚུལ་ལ་དམིགས་ཏེ། ཁྱིམ་སྡོད་ལེགས་དབྱེའི་གྲོང་མི་རྣམས་ཀྱི་སྒོ་ཐོག་གློག་རྡུལ་སྡུད་ནར་སོགས་རིག་ནུས་ལྡན་པའི་ཡོ་བྱད་སྒྲིག་སྦྱོར་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་བཞིན་ཡོད། ཁྲོམ་གཞུང་ཏང་གི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཞུས་ཁྲུན་ཧུའེ་ཡིས། གལ་ཏེ་ལོགས་སུ་དབྱེ་བའི་མི་སྣས་རང་དགར་ཕྱི་ལ་དོན་པ་དང་། སྒོ་ཐོག་སྡུད་ནར་འགོག་པ་སོགས་བྱས་ཚེ། ང་ཚོའི་རྒྱབ་ཕྱོགས་ཀྱི་དོ་དམ་འཁོར་སྐྱོད་སྟེགས་བུ་སྟེ། གློག་རྡུལ་ལྟ་སྐུལ་ཚོད་འཛིན་དང་། འཆར་ཤེལ་ཆེན་པོ་སོགས་དང་། དེ་བཞིན་སྡེ་ཁུལ་གྱི་ལས་བྱེད་པའི་ལག་ཐོགས་ཁ་པར་ཐོག་དུས་ཐོག་ཏུ་སྙན་གསེང་འབྱོར་གྱི་ཡོད་པས། ང་ཚོས་འབྲེལ་ཡོད་ལས་དོན་མི་སྣར་མྱུར་དུ་ལོགས་དབྱེའི་མི་སྣར་དེ་འཚམ་བྱ་ཐབས་བཟུང་དུ་འཇུག་གི་ཡོད་ཅེས་གསུངས་ཡོད།

དེ་མིན་ད་དུང་། ཧྲང་ཧའེ་ཡིས་དྲ་ཐོག་ཏུ་མཉམ་སྒྲུབ་ཀྱི་བཟང་ཆར་བརྟེན་ནས། ལས་དོན་སྒྲུབ་མཁན་མི་སྣ་ཕྱི་ཕྱོགས་སུ་འགྲོ་འོང་བྱེད་པ་དང་མི་སྣ་འདུ་འཛོམས་བྱེད་པའི་རིགས་ཉུང་དུ་གཏོང་གི་ཡོད། ཧྲང་ཧའེ་གྲོང་ཁྱེར་གྲངས་གཞི་ཆེན་པོའི་ལྟེ་གནས་ཀྱི་ཀྲུའུ་རེན་ཀྲུའུ་ཙུང་ཡའོ་ཡིས། སྤྱི་ཟླ་༡པོའི་ཚེས་༢༨ཉིན་ནས་བཟུང་། ཧྲང་ཧའེ་གྲོང་ཁྱེར་གྱིས་དྲ་ཐོག་ཏུ་མཉམ་སྒྲུབ་ཅེས་པའི་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ཀྱི་ཆེད་སྒྲིག་སྐར་ཁུང་བཙུགས་ཚུན། སྤྱི་ཟླ་༢པའི་ཚེས་༡༢བར་དུ། དྲ་བ་དེར་ཞུགས་མཁན་མི་ཐེངས་ས་ཡ་གཅིག་དང་ཆིག་འབུམ་དགུ་ཁྲི་བཞི་སྟོང་ཟིན་ཡོད། དྲ་ཐོག་དཔྱད་བཤེར་དང་། གློག་རྡུལ་ཐམ་ཀ་རྒྱག་པ། གློག་རྡུང་དཔང་ཡིག་ལེན་པ་སོགས་ཀྱི་བྱ་ཐབས་བེད་སྤྱོད་ནུས་ལྡན་བྱས་པས། ཁེ་ལས་ཀྱིས་དྲ་ཐོག་ཏུ་རེ་ཞུ་དང་། དྲ་ཐོག་ཏུ་བདག་སྤྲོད་ཞིབ་བཤེར། གློག་རྡུང་དཔང་འཛིན་སྐྱེལ་བ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོ་དྲ་ཐོག་ཏུ་བསྒྲུབ་རྒྱུ་མངོན་འགྱུར་བྱུང་ཡོད་ཅིང་། ལས་ཀའི་དུས་ཚོད་ཉིན་གཅིག་ནང་ཏོག་དབྱིབས་ནད་དུག་གསར་པའི་ཉིང་སྐྱུར་བརྟག་དཔྱད་ཚོད་ལྟའི་སྒམ་ཆུང་ཐོན་སྐྱེད་ཁེ་ལས་༣ལ་དུས་ཐོག་ཏུ་དྲ་ཐོག་ཞིབ་དཔྱད་བྱས་ཤིང་ཐོབ་ཐང་དཔང་ཡིག་སྤྲད་ཡོད་ཅེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་འཇམ་དཔལ།

འཛམ་གླིང་སྐར་ཁུངས།

མེ་སྐྱོན་གྱི་གནོད་འཚེ་ཕོག་པའི་རྐྱེན་གྱིས་ཨོ་སི་ཁྲུ་ལི་ཡའི་ས་གནས་དེ་གའི་སྲོག་ཆགས་རིགས་113ལ་འཚོ་གནས་ཀྱི་ཉེན་ཁ་འཕྲད།

མེ་སྐྱོན་གྱི་གནོད་འཚེ་ཕོག་པའི་རྐྱེན་གྱིས་ཨོ་སི་ཁྲུ་ལི་ཡའི་ས་གནས་དེ་གའི་སྲོག་ཆགས་རིགས་113ལ་འཚོ་གནས་ཀྱི་ཉེན་ཁ་འཕྲད།

中央广播电视总台 央广网 版权所有

ཧྲང་ཧའེ་ཡིས་ཚགས་ཚུན་པོ་ཅན་དང་རིག་ནུས་ཅན་མི་གཤིས་ཅན་བཅས་ཀྱི་དོ་དམ་བྱ་ཐབས་ལ་བརྟེན་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ཞིབ་ཚགས་པོ་སྒྲུབ་བཞིན་ཡོད་པ།

ཧྲང་ཧའེ་གྲོང་ཁྱེར་ཧོང་ཕུའུ་ཁུལ་ཝུའུ་ལི་ཆའོ་ཁྲོམ་གཞུང་ལི་ཡོན་སྡེ་ཁུལ་ནི་ཁང་པ་རྙིང་པ་གཙོ་བོར་བྱས་པའི་སྡེ་ཁུལ་ཞིག་ཡིན། རིམས་ནད་ཀྱི་མདུན་དུ། མིག་སྔའི་ཆར་སྡེ་ཁུལ་དེའི་གྲོང་མི་ཚང་མས་བླང་བྱ་ལྟར་དོན་ས་དང་འཛུལ་ས་གཙོ་བོ་མ་གཏོགས་བཞག་མེད་པ་དང་། དེ་སྔའི་སྤྱི་པའི་བྱེད་སྒོ་སྤེལ་ཡུལ་སྒོ་རྒྱབ་པ། གྲོང་མིས་ཅ་ལག་མངགས་ཉོ་དང་མགྱོགས་འཕྲིན་ལེན་པ་སོགས་མཐའ་དག་ས་ཚིགས་གཏན་འཁེལ་ནས་ལེན་གྱི་ཡོད། ཡིན་ནའང་། ལི་ཡོན་སྡེ་ཁུལ་དུ་འཚོ་བ་སྐྱེལ་