ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

དཀར་མཛེས་ཁུལ་དུ་ཁྱོན་ནད་པ་36ཐོན་འདུག་པས། ང་ཚོས་ཅི་ཞིག་བྱ་དགོས།

2020-02-13 15:10:14     责编:娜科

     དཀར་མཛེས་ཁུལ་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། སྤྱི་ཟླ་2པའི་ཚེས་11ཉིན་གྱི་ཆུ་ཚོད་24བར། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དུ་ཏོག་དབྱིབས་གསར་པའི་གློ་ཚད་རིམས་ནད་འགོས་པའི་ནད་པ་9མང་དུ་ཕྱིན་པ་དང་།ཁྱོན་བསྡོམས་ནད་པ་36ཐོན་ཡོད།

     ནད་པ་36ཁྲོད། རྟའུ་རུ་ནད་པ་31དང་། དར་མདོ་རུ་ནད་པ་2 གསེར་རྟ་རུ་ནད་པ་2 འདབ་པ་རུ་ནད་པ་1བཅས་ཡོད་ཅིང་། ནད་པ་2དྲག་སྐྱེད་བྱུང་ནས་སྨན་ཁང་ལས་ཕྱིར་ཐོན་ཡོད་པ་དང་། ནད་གཞི་ལྕི་བའི་ནད་པ་2དང་། ནད་གཞི་ཤིན་ཏུ་ལྕི་བའི་ནད་པ་1བཅས་ཡོད་ཅིང་། དེ་གཉིས་ཕུད་པའི་ནད་པ་གཞན་རྣམས་ཀྱི་ནད་གཞི་ཇེ་སྡུག་ཏུ་ཕྱིན་མེད་པ་དང་། ད་ལྟར་གཏན་འཁེལ་སྨན་ཁང་དུ་ནད་བཅོས་བྱེད་བཞིན་ཡོད།

 

     ནད་པ་དེ་དག་ཁྲོད་སྐྱེས་པ་22དང་། བུད་མེད་14ཡོད། ལོ་ཆེ་ཤོས་72དང་། ཆུང་ཤོས་3ཡིན། གཞན་ད་དུང་ནད་པ་དེ་དག་དང་འབྲེལ་བ་དམ་ཟབ་བྱེད་མཁན་སོགས་ཀྱི་མི་195ལ་ནད་འགོས་ཡོད་མེད་ཀྱི་གསོ་རིག་ལྟ་ཞིབ་བྱེད་བཞིན་ཡོད།

 

    དེས་ན། ང་ཚོས་ཅི་ཞིག་བྱ་དགོས་ཟེར་ན། སྔར་བཞིན་དོགས་ཟོན་གྱི་འདུ་ཤེས་མཐོ་རུ་བཏང་ནས་གང་སར་འགྲོ་འོང་མི་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། དེ་བཞིན་གལ་སྲིད་ཕྱི་ལོགས་ནས་ཡོང་མཁན་ཡོད་ན་ལོགས་སུ་བཀར་ནས་འགོག་སྲུང་གང་ལེགས་བྱེད་དགོས་པ་དང་། ཕྱི་རུ་འགྲོ་དུས་ཁ་རས་ངེས་པར་དུ་གྱོན་རོགས། དེ་བཞིན་རང་གི་ཁ་ལ་བདག་པོ་ཡག་པོ་རྒྱག་དགོས་པ་དང་། ཟ་མ་གང་རིག་མི་ཟ་བ་དང་དཀྲོག་གཏམ་གང་བྱུང་ལ་མི་ཉན་པ་དང་མི་ཤོད་པ། ཡང་དག་པའི་གསར་འགྱུར་ཡོང་ཁུངས་ལ་གཟིགས་ཞིབ་གནང་དགོས། དངངས་སྐྲག་བྱས་ནས་མ་བསྡད་པར་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་རྒྱོབས་དང་། གང་མགྱོགས་ནད་ཡམས་ལས་རྣམ་པར་རྒྱལ་ནས། མི་རྣམས་ཀྱི་བཞིན་ནས་དཔྱིད་ཀྱི་མེ་ཏོག་ལྟ་བུའི་འཛུམ་མདངས་ལྷུག་པར་གྲོལ་ངེས་རེད། 

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ལྟ་སྐུལ། ཚེ་དགའ།

ཞུ་དག མིག་དམར་རྒྱལ་པོ།

སྒྲིག་སྒྱུར། བདེ་གཡང་།

འཛམ་གླིང་སྐར་ཁུངས།

▶ཨ་རིའི་སྤོ་ལོ་བ་གྲཊ་ཅན་ཁོ་བྷི་གནམ་གྲུའི་དོན་རྐྱེན་ཁྲོད་གྲོངས་པ།

ཁོ་བྷི་གྲོངས་པའི་གནས་ཚུལ་གྱིས་འཛམ་གླིང་ཡོངས་ཧ་ལས་སུ་བཅུག་ཡོད་ཅིང་། ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་སོགས་འཛམ་གླིང་སྲིད་དོན་པ་བཅས་ཚུད་པའི་མི་མང་པོས་ངོ་དེབ་སོགས་བརྒྱུད་

中央广播电视总台 央广网 版权所有

དཀར་མཛེས་ཁུལ་དུ་ཁྱོན་ནད་པ་36ཐོན་འདུག་པས། ང་ཚོས་ཅི་ཞིག་བྱ་དགོས།

དེས་ན། ང་ཚོས་ཅི་ཞིག་བྱ་དགོས་ཟེར་ན། སྔར་བཞིན་དོགས་ཟོན་གྱི་འདུ་ཤེས་མཐོ་རུ་བཏང་ནས་གང་སར་འགྲོ་འོང་མི་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། དེ་བཞིན་གལ་སྲིད་ཕྱི་ལོགས་ནས་ཡོང