ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

རྔ་བར་དོཊ་ཡོད་ནད་པ་1ཇེ་མང་དང་ཀན་ལྷོའི་ནད་པ་1དྲག་སྐྱེད་བྱུང་བ།

2020-02-13 15:09:08     责编:娜科

 

   རྔ་བའི་གསར་འགྱུར་ཚགས་པར་དུ་བཀོད་པའི་གནས་ཚུལ་ལྟར་ན། ཟླ་2ཚེས་11ཉིན།  རྔ་བ་ཁུལ་གཟི་ཚ་སྡེ་དགུ་རྫོང་དུ་ཏོག་གསར་གློ་ཚད་འགོས་པའི་དོགས་ཡོད་ནད་པ་1མང་དུ་ཕྱིན་ཡོད་ཅིང་།  དངོས་སུ་འགོས་པ་ཡིན་མིན་ལྟ་ཞིབ་དང་ཞིབ་དཔྱད་ཚད་ལེན་བྱེད་བཞིན་པའི་སྒང་ཡིན། 

    གཞན། ཀན་ལྷོ་ཉིན་རེའི་ཚགས་པར་དུ་སྤེལ་བའི་གནས་ཚུལ་ལྟར་ན། ཟླ2པའི་ཚེས11ཉིན་གྱི་ཕྱི་དྲོར། ཀན་ལྷོ་ཁུལ་གྱི་ཏོག་གསར་གློ་ཚད་ཕོག་མཁན་གྱི་ནད་པ་ཞིག་དྲག་སྐྱེད་བྱུང་ནས་སྨན་ཁང་ལས་བུད་ཡོད། 

    ཤེས་རྟོགས་བྱུང་བར་གཞིགས་ན། ཀན་ལྷོའི་ནད་པ་གཟུངས་ཆེ་གེ་མོ་ཏོག་གསར་གློ་ཚད་ནད་པ་དང་འབྲེལ་བ་དམ་ཟབ་ཡོད་པའི་རྐྱེན་གྱིས་ཁུལ་མི་དམངས་སྨན་ཁང་གིས་བསྐྱར་ཞིབ་ཞིབ་དཔྱད་ཚད་ལེན་དང་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་པ་བརྒྱུད་ཏོག་གསར་གློ་ཚད་ཀྱི་རིམས་ནད་འགོས་པ་གཏན་འཁེལ་བྱས་པ་དང་འབྲེལ་ཟླ2པའི་ཚེས4ཉིན་ནས་སྨན་ཁང་དུ་སྨན་བཅོས་བྱེད་མགོ་ཚུགས། 

    ཉིན་ཤས་བསྟུད་མར་ཁུལ་མི་དམངས་སྨན་ཁང་གི་སྨན་བཅོས་མི་སྣས་སྐྱོབ་བཅོས་ཞིབ་ཚགས་བྱས་པ་བརྒྱུད་ནད་པ་དེའི་ནད་གཞི་མུ་མཐུད་ལེགས་སུ་ཕྱིན་པ་དང་ཏོག་གསར་གློ་ཚད་སྨན་བཅོས་ཇུས་གཞི(ཚོད་ལྟའི་ལག་བསྟར་པར་གཞི་ལྔ་བ)ལྟར་གྱི་སྨན་ཁང་ནས་སྒོར་འབུད་པའི་ཚད་གཞི་ལྟར་ན་ནད་པ་དེའི་ལུས་དྲོད་རྒྱུན་གཏན་ལྟར་ཉིན་གསུམ་སོང་རྗེས་དབུགས་ལམ་གྱི་ནད་རྟགས་མེད་པར་གྱུར་བ་དང་།  ཟླ2ཚེས7ཉིན་དང་ཟླ2ཚེས9ཉིན་ཏེ་བསྟུད་མར་ཐེངས་གཉིས་ལ་ཏོག་གསར་གློ་ཚད་ཀྱི་ནད་དུག་གྲེ་བའི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱས་འབྲས་བཟང་ཤོས་ཡིན་པ་དང་། ནད་པའི་བྲང་ཁོགCTགློ་བའི་ནད་གཞིར་བསྐྱར་བཤེར་བྱས་རྗེས་ནད་པར་དགའ་ངོ་མངོན་གསལ་བྱུང་། ཀན་སུའུ་ཞིང་ཆེན་གྱི་ཏོག་གསར་གློ་ཚད་སྨན་བཅོས་སྲོག་སྐྱོབ་རིགས་གཅིག་ཆེད་མཁས་ཚོ་ཆུང་དང་། ལན་ཀྲོའུ་སློབ་ཆེན་གྱི་རིགས་གཅིག་ཆེད་མཁས་ཚོ་ཆུང་། ཁུལ་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་རིགས་གཅིག་མཁས་ཅན་ཚོ་ཆུང་བཅས་ཀྱི་ནད་དཔྱད་བསམ་འཆར་དང་ཟུང་འབྲེལ་བྱས་ཏེ་ཡོན་ཀྲང་གི་གཞུང་ལས་ཚོགས་འདུའི་ཐོག་གྲོས་བསྡུར་བྱས་པ་བརྒྱུད། ནད་པ་དེ2020ལོའི་ཟླ2ཚེས11ཉིན་གྱི་ཕྱི་དྲོར་སྨན་ཁང་ནས་འབུད་རྒྱུར་མོས་མཐུན་བྱས་པ་དང་འབྲེལ་སྨན་ཁང་ནས་བུད་རྗེས་ཁྱིམ་དུ་ལོགས་སུ་བཀར་ནས་ཉིན་བཅུ་བཞིར་སྡོད་རྒྱུའི་གྲོས་འགོ་བཏོན་པ་དང་། རྒྱལ་ཁབ་ཀྱི་ཇུས་གཞི་གཞིར་བཟུང་ནས་ཁྱིམ་སྡོད་ཟུར་འཇོག་ལྟ་ཞིབ་ཀྱི་བྱ་བ་ཡག་པོ་བསྒྲུབ་རྒྱུའི་མོས་མཐུན་བྱུང་ཡོད།             

 

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། 

ལྟ་སྐུལ། ཝུའུ་ཤིན་རི། 

རྩོམ་སྒྲིག་པ། བདེ་ལྷ་མོ། 

    འཛམ་གླིང་སྐར་ཁུངས།

    ▶ཨ་རིའི་སྤོ་ལོ་བ་གྲཊ་ཅན་ཁོ་བྷི་གནམ་གྲུའི་དོན་རྐྱེན་ཁྲོད་གྲོངས་པ།

    ཁོ་བྷི་གྲོངས་པའི་གནས་ཚུལ་གྱིས་འཛམ་གླིང་ཡོངས་ཧ་ལས་སུ་བཅུག་ཡོད་ཅིང་། ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་སོགས་འཛམ་གླིང་སྲིད་དོན་པ་བཅས་ཚུད་པའི་མི་མང་པོས་ངོ་དེབ་སོགས་བརྒྱུད་

    中央广播电视总台 央广网 版权所有

    རྔ་བར་དོཊ་ཡོད་ནད་པ་1ཇེ་མང་དང་ཀན་ལྷོའི་ནད་པ་1དྲག་སྐྱེད་བྱུང་བ།

    ཉིན་ཤས་བསྟུད་མར་ཁུལ་མི་དམངས་སྨན་ཁང་གི་སྨན་བཅོས་མི་སྣས་སྐྱོབ་བཅོས་ཞིབ་ཚགས་བྱས་པ་བརྒྱུད་ནད་པ་དེའི་ནད་གཞི་མུ་མཐུད་ལེགས་སུ་ཕྱིན་པ་དང་ཏོག་གསར་གློ་ཚད་སྨན་བཅོས་ཇུས་གཞི(ཚོད་ལྟའི་ལག་བསྟ