ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

དྲག་སྐྱེད་བྱུང་བའི་ནད་པར་ནད་དེ་བསྐྱར་དུ་འགོ་སྲིད་དམ།

2020-02-13 15:07:44     责编:娜科

 

    སྤྱི་ཚེས་10ཉིན་གྱི་དགོང་མོ། ཧུའུ་པེ་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ནད་ཡམས་སྔོན་འགོག་ཚོད་འཛིན་བྱེད་པའི་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་20པ་སྐོང་འཚོགས་བྱས་ནས། ཝུའུ་ཧན་གྲོང་ཁྱེར་གྱི་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ནད་ཡམས་སྔོན་འགོག་ཚོད་འཛིན་ལས་དོན་གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་ཡོད། ཁྱབ་བསྒྲགས་ཚོགས་འདུའི་ཐོག  ཝུའུ་ཧན་དུ་ད་དུང་མི་ག་ཚོད་ཡོངས་བཤེར་བྱ་རྒྱུུར་ལུས་པ་དང་། ནད་ཐོག་དྲག་སྐྱེད་ཐུབ་ཚད་ག་ཚོད་ཟིན་མིན། དྲག་སྐྱེད་བྱུང་རྗེས་ན་ཚ་དེ་ཡང་བསྐྱར་འགོས་མིན་བཅས་ཀྱི་ཐད་འབྲེལ་ཡོད་འགན་ཁུར་མི་སྣས་ལན་བསྐྱོན་ཡོད།

 

 

    གཅིག དམིགས་ཚད་ལྟར་ན་སྤྱི་ཟླ་2པའི་ཚེས་11ཉིན་དོགས་ཡོད་ནད་པ་ཚང་མར་ཞིབ་དཔྱད་ཚད་ལེན་ཚར་བ་བྱ་རྒྱུ།

    ཝུའུ་ཧན་གྲོང་ཨུད་ཀྱི་ཧྲུའུ་ཅི་མ་ཀོ་ཆང་གིས། སྤྱི་ཟླ་2པའི་ཚེས་9བར་སླེབས་སྐབས། ང་ཚོས་ཁྱོན་སྡེ་ཁུལ་དང་གྲོང་ཚོ་3371ལ་ཡོངས་བཤེར་བྱས་ཟིན་པ་དང་། དེ་དག་དུད་ཁྱིམ་ལ་ཕབ་ནས་བརྩིས་ན་ཁྱོན་དུད་ཁྱིམ་ས་ཡ་4དང་2འབུམ་1ཁྲིའི་མི་བྱེ་བ་1དང་5འབུམ་9ཁྲིར་ཁྱབ་ཡོད་ཅིང་། དུད་ཁྱིམ་ཡོངས་བཤེར་ཐུབ་ཚད་བརྒྱ་ཆ་98.6དང་། མི་འབོར་ཡོངས་བཤེར་ཐུབ་ཚད་བརྒྱ་ཆ་99ཟིན་ཡོད།

    སྤྱི་ཟླ་2པའི་ཚེས་8བར། ནད་ངོ་ཆོད་པའི་ནད་གཞི་ལྕི་བའི་ནད་པ་1499སྨན་ཁང་དུ་སྨན་བཅོས་བྱེད་ཐུབ་མེད། སྤྱི་ཟླ་2པའི་ཚེས་10ཉིན་གྱི་ཉིན་གུང་བར་ནད་གཞི་ལྕི་བའི་ནད་པ་1499ཚང་མ་སྨན་ཁང་ནང་སྨན་བཅོས་བྱེད་ཐུབ་པ་བྱུང་ཡོད།

    དོགས་པ་ཡོད་པའི་ནད་པར་ཞིབ་དཔྱད་ཚད་ལེན་བྱས་ཟིན་མིན་ཐད། མ་གཞི་ང་ཚོས་འབད་བརྩོན་གང་ཐུབ་བྱས་ནས་ཞིབ་དཔྱད་ཀྱི་ཕན་འབྲས་གང་མགྱོགས་ཐོན་པ་བྱས་མོད། འོན་ཀྱང་སྤྱི་ཟླ་2པའི་ཚེས་10བར་སླེབས་སྐབས། དོགས་ཡོད་ནད་པར་ཞིབ་དཔྱད་ཚད་ལེན་རྦད་དེ་བྱས་ཚར་མེད། ང་ཚོའི་དམིགས་ཚད་དེ་སྤྱི་ཟླ་2པའི་ཚེས་11ཉིན་དོགས་ཡོད་ནད་པ་ཚང་མར་ཞིབ་དཔྱད་ཚད་ལེན་བྱས་ཚར་བ་བྱ་རྒྱུ་ཡིན་ཞེས་བསྟན་གནང་ཡོད།

 

    གཉིས། ནད་ཐོག་དྲག་སྐྱེད་ཐུབ་ཚད་ག་ཚོད་ཟིན་ནམ་ཞེ་ན། ནད་པ་མང་ཆེ་བ་བདེ་བླག་ངང་སྨན་ཁང་ནས་ཐོན་ཐུབ།

    ཝུའུ་ཧན་གྲོང་ཁྱེར་ཅིན་དབྱིང་ཐན་སྨན་ཁང་གི་འགོ་འཛིན་ཀྲང་ཏིང་ཡུས་ཀྱིས། སྤྱི་ཟླ་2པའི་ཚེས་10བར། ང་ཚོའི་སྨན་ཁང་གིས་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ནད་ཡམས་ཕོག་པའི་ནད་པ་1500ལྷག་ཙམ་བསྡུ་བཅོས་བྱས་པའི་ཁྲོད། ནད་གཞི་ཚབས་ཆེ་བ་དང་ཉེན་ཚབས་ཆེ་བའི་ནད་པ་ཚུད་པའི་ནད་པ་མང་ཆེ་བར་དབྱང་རླུང་གསོ་བཅོས་དང་། ནད་བསྟུན་སྨན་བཅོས། ནད་འགོག་ཟུངས་གསོ་བཅས་བྱས་རྗེས། ཚང་མ་བདེ་བླག་ངང་སྨན་ཁང་ནས་ཐོན་ཐུབ་པས། རྒྱ་ཆེའི་གྲོང་མི་ཚོས་དངངས་སྐྲག་གནང་མི་དགོས།

 

 

 

    གསུམ། དྲག་སྐྱེད་བྱུང་རྗེས་ན་ཚ་དེ་ཡང་བསྐྱར་འགོ་སྲིད་དམ་ཞེ་ན། མིག་སྔར་ཐོན་མེད། འོན་ཀྱང་ཚེ་གང་རིམས་འགོག་ཐུབ་མིན་ཐད་ད་དུང་ཞིབ་འཇུག་བྱེད་དགོས། 

    ཝུའུ་ཧན་གྲོང་ཁྱེར་ཅིན་དབྱིང་ཐན་སྨན་ཁང་གི་འགོ་འཛིན་ཀྲང་ཏིང་ཡུས་ཀྱིས། སྤྱི་ཟླ་2པའི་ཚེས་10བར། ང་ཚོའི་སྨན་ཁང་ནས་ཐོན་པའི་ནད་པའི་ཁྲོད། ནད་གཞི་ཚབས་ཆེ་བ་དང་ཉེན་ཚབས་ཆེ་བའི་ནད་པ་ཚུད་པའི་ནད་པར་ན་ཚ་དེ་ཡང་བསྐྱར་ལངས་པ་དང་ཡང་བསྐྱར་འགོས་པའི་ནད་དཔེ་ཐོན་མེད། རྒྱུ་མཚན་གང་རེད་ཟེར་ན། ནད་པ་ཚང་མ་སྨན་བཅོས་ཐུབ་སྟེ་སྨན་ཁང་ནས་ཐོན་རྗེས། གཟུགས་པོའི་ནང་དུས་མཚམས་ངེས་ཅན་ཞིག་རིང་ནད་འགོག་ཕྲ་ཕུང་ཐོན་གྱི་ཡོད་པས་རེད། འོན་ཀྱང་དེས་ཚེ་གང་སྲུང་སྐྱོབ་ཐུབ་མིན་ཐད་མུ་མཐུད་ཞིབ་འཇུག་བྱེད་དགོས་ཞེས་བསྟན་གནང་ཡོད།

 

 

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ལྟ་སྐུལ། ཚེ་དགའ།

ཞུ་དག མིག་དམར་རྒྱལ་པོ།

ཡིག་སྒྱུར། རིན་ཆེན་དབང་འདུས།

    འཛམ་གླིང་སྐར་ཁུངས།

    ▶ཨ་རིའི་སྤོ་ལོ་བ་གྲཊ་ཅན་ཁོ་བྷི་གནམ་གྲུའི་དོན་རྐྱེན་ཁྲོད་གྲོངས་པ།

    ཁོ་བྷི་གྲོངས་པའི་གནས་ཚུལ་གྱིས་འཛམ་གླིང་ཡོངས་ཧ་ལས་སུ་བཅུག་ཡོད་ཅིང་། ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་སོགས་འཛམ་གླིང་སྲིད་དོན་པ་བཅས་ཚུད་པའི་མི་མང་པོས་ངོ་དེབ་སོགས་བརྒྱུད་

    中央广播电视总台 央广网 版权所有

    དྲག་སྐྱེད་བྱུང་བའི་ནད་པར་ནད་དེ་བསྐྱར་དུ་འགོ་སྲིད་དམ།

    ཝུའུ་ཧན་གྲོང་ཁྱེར་ཅིན་དབྱིང་ཐན་སྨན་ཁང་གི་འགོ་འཛིན་ཀྲང་ཏིང་ཡུས་ཀྱིས། སྤྱི་ཟླ་2པའི་ཚེས་10བར། ང་ཚོའི་སྨན་ཁང་ནས་ཐོན་པའི་ནད་པའི་ཁྲོད། ནད་གཞི་ཚབས་ཆེ་བ་དང་ཉེན་ཚབས་ཆེ་བའི་ནད་པ་ཚུད་པའི་ནད་པར་ན་ཚ་དེ་ཡང་བསྐྱར་ལངས་