ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ལྷ་སའི་གློ་ཚད་རིམས་འགོག་ལ་དུས་མཚམས་རང་ཞིན་གྱི་གྲུབ་འབྲས་ཐོབ།

2020-02-13 15:07:12     责编:娜科

 

     སྤྱི་ཚེས་10ཉིན་བོད་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་སྐོང་ཚོགས་བྱས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ལྷ་ས་གྲོང་ཁྱེར་གྱི་ཏོག་དབྱིབས་གློ་ཚད་རིམས་ནད་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་དང་།    ལྷ་ས་གྲོང་ཨུད་ཀྱི་རྒྱུན་ཨུད།    དྲིལ་བསྒྲགས་པུའི་པུའུ་ཀྲང་བཅས་ཡིན་པའི་ཝུའུ་ཡ་སུང་གིས། ཟླ་2ཚེས་10ཉིན་བར་གྲོང་ཁྱེར་ཡོངས་སུ་ནད་གཞི་གཏན་འཁེལ་བྱུང་བའི་ཏོག་གསར་གློ་ཚད་ནད་པ་གཅིག་རང་ཡོད་པ་དེ་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པར་ཟུར་བཅད་སྨན་བཅོས་བྱེད་བཞིན་ཡོད་པ་དང་ནད་པ་དེར་སྲོག་ཉེན་མེད་པའི་ཁར་ནད་པ་དེ་དང་འབྲེལ་གཏུག་དམ་ཟབ་བྱེད་མྱོང་མཁན་ཚང་མ་གསོ་རིག་ཟུར་བཅད་ཀྱི་ལྟ་ཞིབ་བྱེད་མཚམས་བཞག་ཟིན་ཞིང་། ཏོག་གསར་གློ་ཚད་དང་དོགས་ཡོད་ནད་དཔེ་གཅིག་ཀྱང་གསར་དུ་ཐོན་མེད་པར་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་ཡོད་ཅེས་བརྗོད་བཞག 

ངོ་སྤྲོད་བྱས་པར་གཞིགས་ན།    རིམས་ནད་ཐོན་པ་ནས་བཟུང་།    ལྷ་ས་གྲོང་ཁྱེར་གྱིས་དུས་ཐོག་ཏུ་ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་རིམ་པ་དང་པོ་ལག་བསྟར་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ནུས་ཤུགས་ཡོད་རྒུས་དོན་འཁྱོལ་བྱས་ཡོད་ཅིང་།     ཏང་ཨུད་དང་སྲིད་གཞུང་རིམ་པ་ཁག་གི་འགོ་ཁྲིད་བློ་མཐུན་གཙོ་བོས་མདུན་ཕྱོགས་སུ་བཀོད་འདོམས་དང་།    ལས་ཡུལ་དངོས་སུ་མངོན་མེད་རྐྱེན་ངན་འཚོལ་ཞིབ།    ཁ་ཚ་དགོས་གཏུག་གི་གནད་དོན་དུས་ཐོག་ཏུ་མཐུན་སྦྱོར་དང་ཐག་གཅོད་བཅས་བྱས་པ་དང་།      ཁྱོན་ཡོངས་ནས་ས་ཁུལ་དང་།    སྡེ་ཚན།    ཚན་པ།    མི་སྒེར་བཅས་ཕྱོགས་བཞིའི་འགན་འཁྲི་དང་རིམ་ཁག་འགོ་ཁྲིད་ལས་བྱེད་པར་རིམ་པ་བཞིན་འགན་གཙང་སྤྲད་དེ་གྲོང་ཚོ་དང་གྲོང་མིའི་སྡེ་ཁུལ་ལ་དྲ་མིག་ཅན་གྱི་དོ་དམ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ནས་ཁོངས་གཏོགས་ཁུལ་གྱི་ནད་ཡམས་ལྟ་ཞིབ་ཚད་ལེན་དང་།    སྔོན་འགོག་ཚོད་འཛིན།    ཞབས་ཞུ་འགན་ལེན་སོགས་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་པ།  རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་རང་འགུལ་ངང་རིམས་ནད་འཐབ་སའི་མདུན་གྲལ་དུ་བསྐྱོད་པ་དང་།    ལྷག་པར་དུ་སྨན་པ་དང་སྨན་གཡོག་1425དང་།    ཏང་ཡོན་ལས་བྱེད་པ་185 སྤྱི་བདེའི་ལས་བྱེད་པ་དང་ཉེན་རྟོག་པ་300ལྷག་ཙམ་གྱིས་འཐབ་ས་དང་པོར་བསྐྱོད་དེ་མང་ཚོགས་ཀྱི་བློ་གཏད་བཅོལ་སའི་སྲོག་ཤིང་དུ་འགྱུར་བ་བྱས་ཡོད་པ་རེད། 

    ཝུའུ་ཡ་སུང་གིས་ཚོགས་འདུའི་ཐོག གྲངས་གཞི་ཆེན་མོ་དང་དྲ་མིག་ཅན་གྱི་དོ་དམ་ལས་སྟེགས་ལ་བརྟེན་ནས་སྤྱི་ཟླ་1ཚེས་7ཉིན་ནས་དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཀྱི་དུས་ཚོད་ནང་གཙོ་གནད་རིམས་ནད་ཕོག་ཁུལ་ནས་ལྷ་སར་ཡོང་བའི་མི་སྣ་ཁྱོན་ཡོངས་ནས་རྩད་གཅོད་དང་གནས་གཏན་འཁེལ་གྱི་ཁྱིམ་སྡོད་ལྟ་ཞིབ་བྱས་པས་མིག་སྔར་རིམས་ནད་བསགས་འབོར་གྱི་ཉེན་ཁ་ཚང་མ་སེལ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།     

    ཤེས་རྟོགས་བྱུང་བར་གཞིགས་ན།    མིག་སྔར་ལྷ་ས་གྲོང་ཁྱེར་དུ་འཚོ་བའི་དངོས་ཟོག་སྣ་ཚོགས་སྤྱིར་ན་འདང་ངེས་ཡོད་པ་དང་ཁྲོམ་རའི་རིན་གོང་ཡང་བརྟན་པོ་ཡོད་པ་རེད།     ལྷ་ས་གྲོང་ཁྱེར་གྱིས་མང་ཚོགས་སྒྲིག་འཛུགས་བྱས་ཏེ་མྱུར་སྐྱེས་རྣམ་པའི་སྔོ་ཚལ་ཐོན་སྐྱེད་མགྱོགས་མྱུར་སླར་གསོ་བྱས་པ་དང་།    འཚོ་བའི་དངོས་ཟོག་དབོར་འདྲེན་རླངས་འཁོར་ཤར་བགྲོད་ཀྱི་ལམ་སྲོལ་བཙུགས་པ།    ཞིང་ཞོར་ཐོན་རྫས་སྡེབ་ཚོང་གསོག་འཇོག་ཁེ་ལས་སྐུལ་སློང་བྱས་ནས་ཉོ་སྒྲུབ་བྱེད་ཤུགས་ཆེ་རུ་བཏང་བ།    གྲོང་ཁྱེར་ས་གཙང་ཀུང་སིའི་སྔོ་ཚལ་ཐད་ཚོང་ཁང་63དང་སྔོ་ཚལ་ཐད་ཚོང་རླངས་འཁོར་94སྒྲིག་འཛུགས་བྱས་ནས་སྡེ་ཁུལ་དང་གྲོང་གསེབ་ཏུ་སྔོ་ཚལ་ཐད་ཚོང་བྱེད་པར་བཏང་བ་བཅས་བྱས་ཡོད་པ་རེད།     གཞན་ཡང་ལྷ་ས་གྲོང་ཁྱེར་གྱིས་གནས་གཏན་འཁེལ་གྱི་སྨན་ཁང་8ལ་ཚ་རྒྱས་སྒོ་བསྟེན་སྨན་ཁང་བཙུགས་ནས་རྒྱུ་རྐྱེན་གསལ་པོ་མི་ཤེས་པར་ཚ་བ་རྒྱག་མཁན་ཚོར་གཞི་རྩའི་གསོ་རིག་ལྟ་ཞིབ་ཀྱི་ཞབས་ཞུ་མཁོ་འདོན་བྱས་ཡོད།     ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་སྨན་བཅོས་ཁོངས་གཏོགས་ཀྱིས་སྨན་དོན་མི་སྣ་47བཀོད་སྒྲིག་བྱས་ནས་གནམ་ཐང་དང་།    མེ་འཁོར་འབབ་ཚུགས།    སྤྱི་བདེ་ཞིབ་བཤེར་ས་ཚུགས་བཅས་སུ་གཟུགས་པོའི་དྲོད་ཚད་བརྟག་དཔྱད་དང་གྲལ་བཤེར་ལས་དོན་སྤེལ་བ་དང་།   སྨན་དོན་མི་སྣ་140བཀོད་སྒྲིག་བྱས་ནས་མགྲོན་ཁང་གི་གཅིག་བསྡུས་ཟུར་བཅད་མི་སྣར་གཟུགས་པོའི་དྲོད་ཚད་བརྟག་དཔྱད་བྱས་ཏེ་རྒྱུ་རྐྱེན་གསལ་པོ་མི་ཤེས་པའི་ཚ་བ་རྒྱས་པའི་མི་སྣ་དམིགས་འཛུགས་སྨན་ཁང་གི་ཚ་རྒྱས་སྒོ་བསྟེན་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ་ཡོད་པ་རེད།     

    ལྷ་ས་གྲོང་ཁྱེར་གྱི་ཏོག་གསར་གློ་ཚད་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མི་དང་།    རིགས་གཅིག་མཁས་ཅན་གྱི་སྐྱོབ་བཅོས་སྔོན་འགོག་ཚོད་འཛིན་ཚོགས་ཆུང་གི་ཙུའུ་ཀྲང་།    གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ།    ཀྲུའུ་རེན་བཅས་ཡིན་པའི་བཀྲ་ཤིས་བདེ་སྐྱིད་ཀྱིས་ཚོགས་འདུའི་ཐོག གྲོང་ཁྱེར་ཡོངས་ཀྱི་སྨན་བཅོས་འགོག་སྲུང་དངོས་རྫས་ལ་གཅིག་གྱུར་བཀོད་སྒྲིག་དང་གཅིག་གྱུར་དོ་དམ་བྱེད་སྟངས་ལག་ལེན་བསྟར་ནས་འཐབ་ས་དང་པོའི་སྨན་བཅོས་འགོག་སྲུང་དངོས་རྫས་སྔོན་ལ་འགན་ལེན་བྱས་ཐོག་འཐབ་ས་དང་པོའི་མི་སྣའི་ལས་རེས་དང་རེས་སྐོར་ངལ་གསོ་ལུགས་མཐུན་ངང་བཀོད་སྒྲིག་བྱས་ནས་འཐབ་ས་དང་པོའི་མི་སྣའི་བདེ་ཐང་དང་སེམས་ཤུགས་འགན་ལེན་བྱས་ཡོད་ཅེས་བརྗོད་པ་རེད། 

    བཀྲ་ཤིས་བདེ་སྐྱིད་ཀྱིས། རྒྱ་ཆེའི་གྲོང་མི་ཚོས་བློ་བདེ་པོའི་ངང་སྤྱི་སྤྱོད་རླངས་འཁོར་དང་བོག་གཏོང་རླངས་འཁོར་སོགས་སྤྱི་པའི་འགྲིམ་འགྲུལ་ནང་བསྡད་ཆོག་ལ།   རྒྱུན་གཏན་ལྟར་འཁོར་སྐྱོད་བྱེད་པའི་རླངས་འཁོར་ཡིན་ཕྱིན་ཉིན་ལྟར་དུག་སེལ་ཐེངས་3ཡན་བྱེད་དགོས་པ་མ་ཟད།    ཁ་ལོ་བ་ལས་ཀ་བྱེད་རིང་ངེས་པར་དུ་ཁ་རས་རྒྱག་དགོས་པ་དང་།    མང་ཚོགས་ཀྱིས་སྤྱི་པའི་འགྲིམ་འགྲུལ་ཡོ་ཆས་ནང་བསྡོད་སྐབས་ཁ་རས་རྒྱག་དགོས་པ། གལ་ཏེ་ཁ་རས་བརྒྱབ་མེད་ཚེ་ཁ་ལོ་བས་རླངས་འཁོར་ནང་སྡོད་མི་ཆོག་པའི་བླང་བྱ་འདོན་དགོས་ཞེས་བཤད་པ་རེད།     

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ལྟ་སྐུལ། ཚེ་དགའ།

ཞུ་དག ལྷག་པ།

གསར་འགོད་པ། བསྟན་དབང་། ཕུར་ཚེ། 

    འཛམ་གླིང་སྐར་ཁུངས།

    ▶ཨ་རིའི་སྤོ་ལོ་བ་གྲཊ་ཅན་ཁོ་བྷི་གནམ་གྲུའི་དོན་རྐྱེན་ཁྲོད་གྲོངས་པ།

    ཁོ་བྷི་གྲོངས་པའི་གནས་ཚུལ་གྱིས་འཛམ་གླིང་ཡོངས་ཧ་ལས་སུ་བཅུག་ཡོད་ཅིང་། ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་སོགས་འཛམ་གླིང་སྲིད་དོན་པ་བཅས་ཚུད་པའི་མི་མང་པོས་ངོ་དེབ་སོགས་བརྒྱུད་

    中央广播电视总台 央广网 版权所有

    ལྷ་སའི་གློ་ཚད་རིམས་འགོག་ལ་དུས་མཚམས་རང་ཞིན་གྱི་གྲུབ་འབྲས་ཐོབ།

    བཀྲ་ཤིས་བདེ་སྐྱིད་ཀྱིས། རྒྱ་ཆེའི་གྲོང་མི་ཚོས་བློ་བདེ་པོའི་ངང་སྤྱི་སྤྱོད་རླངས་འཁོར་དང་བོག་གཏོང་རླངས་འཁོར་སོགས་སྤྱི་པའི་འགྲིམ་འགྲུལ་ནང་བསྡད་ཆོག་ལ། རྒྱུན་གཏན་ལྟར་འཁོར