ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

བོད་ལྗོངས་ཉིང་ཁྲི་ནས་ཡུལ་སྐོར་ཚོགས་པ་41ཕྱིར་ལོག་ཏུ་བཅུག

2020-02-13 15:05:47     责编:娜科

    རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་སྤེལ་ནས་ད་བར་དུ་ཉིང་ཁྲི་གྲོང་ཁྱེར་གྱིས་ཡུལ་སྐོར་ཚོགས་པ་41ལྷག་ཕྱིར་ལོག་ཏུ་བཅུག་པ་དང་ཡུལ་སྐོར་གཙང་གླས་བྱས་པའི་གནམ་གྲུ་འཕུར་ཐེངས་3མེད་པར་བཟོས་བར། བསྡོམས་པས་ཡུལ་སྐོར་བ་མི་ཐེངས5000ལྷག་ཟིན་ཞིང་། དེའི་རིང་ལ་ཡུལ་སྐོར་ཞུ་གཏུག་གི་དོན་རྐྱེན་གང་ཡང་ཐོན་མེད་པ་རེད། འདི་ནི་གསར་འགོད་པས་སྤྱི་ཟླ་2ཚེས་10ཉིན་གྱི་ཕྱི་དྲོར་བོད་རང་སྐྱོང་ལྗོངས་སུ་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་གསུམ་པ་འཚོགས་པའི་ཡུལ་དངོས་ནས་ཤེས་རྟོགས་བྱུང་བའི་གནས་ཚུལ་རེད། 

     ཉིང་ཁྲིའི་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས་དུས་རྒྱུན་ཡུལ་སྐོར་བ་མང་པོ་ཡོད། རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་སྤེལ་ཚུན། ཉིང་ཁྲི་གྲོང་ཁྱེར་ཡོངས་ཀྱི་མཛེས་ལྗོངས་ཁུལ་ཚང་མས་བརྡ་ཐོ་སྦྱར་བ་དང་། སྤྱི་བསྒྲགས་སྐུལ་གཏོང་། དྲན་སྐུལ་གཏོང་བ། རླུང་འཕྲིན་བརྙན་འཕྲིན་དང་སྐད་འཕྲིན་པོད་ཕྲན་སོགས་སྨྱན་སྦྱོར་ཁག་བརྒྱུད་དེ་དུས་ཐོག་ཏུ་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་སྤྱི་བསྒྲགས་དང་སྔོན་འགོག་ཕྱོགས་སྟོན་ཁྱབ་བསྒྲགས་བྱས། དུས་ཐོག་ཏུ་མཛེས་ལྗོངས་ཁུལ་(གནས)དང་མགྲོན་ཁང་སོགས་ལ་གནས་སྐབས་སུ་སྒོ་རྒྱག་དགོས་པའི་གནས་ཚུལ་བསྒྲགས། སྤ་སེ་ཕྱིར་སློག་པ་དང་ཁང་པ་ཕྱིར་སློག་པའི་ཐབས་ལམ་ཤར་བགྲོད་ཐུབ་པར་བྱས། ཡུལ་སྐོར་བར་ཕྱིར་ལོག་བྱ་རྒྱུའི་ལས་དོན་ཡག་པོ་སྒྲུབ་པ་བཅས་ཀྱིས་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་སྐྲུན་ཡོད།

 

     རིམས་ནད་ཐོན་པ་ནས་བཟུང་ཉིང་ཁྲི་གྲོང་ཁྱེར་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་ཚོད་དམ་འཛིན་བྱས་ནས་ཡུལ་སྐོར་ཐོན་ལས་ཀྱིས་རིམས་ནད་སྔོན་འགོག་གི་བླང་བྱ་དང་ལེན་བྱ་རྒྱུ་གོ་རིམ་ལྡན་པའི་ངང་བཀོད་སྒྲིག་བྱས་ཡོད། ཟླ་1ཚེས་24ཉིན་རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱི་བླང་བྱ་ལྟར་ཉིང་ཁྲི་གྲོང་ཁྱེར་གྱིས་དངོས་སུ་གཉེར་པའི་ཡུལ་སྐོར་ལས་དོན་ཁང་3ཡོད་པ་ཚང་མས་ལས་གཉེར་བྱེད་མཚམས་བཞག་པ་དང་། དེ་དག་གི་རྗེས་མཐུད་ཀྱི་ཞབས་ཞུ་མཐའ་དག་ཐག་གཅོད་ལེགས་པོ་བྱས། ཚེས་28ཉིན་གྲོང་ཁྱེར་གྱི་དགོས་མཁོ་སྐོང་པའི་དམིགས་བཙུགས་འགྲོན་ཁང་མ་གཏོགས། གྲོང་ཁྱེར་ཡོངས་ཀྱི་སྐར་རིམ་མགྲོན་ཁང་40ལྷག་དང་ཁྱིམ་ཚང་མགྲོན་ཁང་600ལྷག་ཚང་མ་སྒོ་བརྒྱབ་པ་རེད། ཚེས་30ཉིན། བོད་རང་སྐྱོང་ལྗོངས་ཀྱིས་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ཚབས་ཆེན་གྱི་རིམ་པ་དང་པོའི་དང་ལེན་བྱེད་འགོ་ཚུགས་པས་ཉིང་ཁྲིས་མཛེས་ལྗོངས་ཁུལ་(གནས)དང་། ཁྱིམ་ཚང་མགྲོན་ཁང་། སྐར་རིམ་མགྲོན་ཁང་བཅས་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་ནས་ཡུལ་སྐོར་བ་ཤུལ་ནས་སྡོད་པ་(ལུས་པ)སོགས་ཀྱི་གནས་ཚུལ་ཡོད་མེད་ལ་གཙོ་གནད་ཐོག་གྲལ་བཤེར་བྱས་པ་དང་མཛེས་ལྗོངས་ཁུལ་ཁག་གི་ལས་རེས་སྣེ་ཁྲིད་དང་། བདེ་འཇགས་ཐོན་སྐྱེད། ནགས་ཚལ་མེ་ཟོན་སོགས་ཀྱི་ལས་དོན་སྤེལ་ཚུལ་ལ་རྩིས་ཁྲ་བཟོས་པ་དང་ཐོ་འགོད་སྙན་སེང་བྱས་ཚུལ་སོགས་ལ་ཞིབ་བཤེར་བྱས་པ་རེད། 

 

     དེ་དང་ཆབས་ཅིག་ཉིང་ཁྲི་གྲོང་ཁྱེར་གྱིས་དགོས་མཁོ་སྐོང་བའི་དམིགས་བཙུགས་མགྲོན་ཁང་ལ་རང་འགུལ་ཧུར་ཐག་དང་གཞོགས་འདེགས་ཞིབ་ཚགས་བྱས་ཏེ་བོད་སྐྱོད་མི་སྣར་ཁག་བགོ་བ་དང་། གྲལ་བཤེར་བྱས་ཏེ་ལོགས་སུ་དབྱེ་བ་བཅས་བྱས་ནས།  དེར་དོ་དམ་དང་ཞབས་ཞུ་སོགས་ཀྱི་ལས་དོན་ཁག་ཕྱོགས་ཡོངས་ནས་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན་པ་རེད། དུས་མཚུངས་སུ།  བསྡད་ནས་ལྟ་ཞིབ་བྱེད་དགོས་པའི་མི་སྣར་མཐོང་ཆུང་དང་ཟུར་འབུད་མི་བྱེད་པར་ཁོང་ཚོར་སྤྲོ་སེམས་འཁོལ་བའི་ངང་ནས་ཞབས་འདེགས་གང་ལེགས་ཞུ་དགོས་ཞེས་བསྟན།

 

 

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ལྟ་སྐུལ། ཝུའུ་ཤིན་རི།

ཞུ་དག སྒྲོལ་ཚེ།

སྒྲིག་སྒྱུར། ཀླུ་འབུམ།

འཛམ་གླིང་སྐར་ཁུངས།

▶ཨ་རིའི་སྤོ་ལོ་བ་གྲཊ་ཅན་ཁོ་བྷི་གནམ་གྲུའི་དོན་རྐྱེན་ཁྲོད་གྲོངས་པ།

ཁོ་བྷི་གྲོངས་པའི་གནས་ཚུལ་གྱིས་འཛམ་གླིང་ཡོངས་ཧ་ལས་སུ་བཅུག་ཡོད་ཅིང་། ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་སོགས་འཛམ་གླིང་སྲིད་དོན་པ་བཅས་ཚུད་པའི་མི་མང་པོས་ངོ་དེབ་སོགས་བརྒྱུད་

中央广播电视总台 央广网 版权所有

བོད་ལྗོངས་ཉིང་ཁྲི་ནས་ཡུལ་སྐོར་ཚོགས་པ་41ཕྱིར་ལོག་ཏུ་བཅུག

རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་སྤེལ་ནས་ད་བར་དུ་ཉིང་ཁྲི་གྲོང་ཁྱེར་གྱིས་ཡུལ་སྐོར་ཚོགས་པ་41ལྷག་ཕྱིར་ལོག་ཏུ་བཅུག་པ་དང་ཡུལ་སྐོར་གཙང་གླས་བྱས་པའི་གནམ་གྲུ་འཕུར་ཐེངས་3མེད་པར་བཟོས་བར། བསྡོམས་པས་ཡུ