ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ཝུའུ་ཧན་གྲོང་ཁྱེར་གྱིས་སླར་ཡང་གཏན་འབེབས་གསར་པ་ཞིག་བཏོན་འདུག

2020-02-13 15:05:13     责编:娜科

     ཟླ་2ཚེས་11ཉིན་གྱི་ཐོ་རེངས་སུ། ཝུའུ་ཧན་གྲོང་ཁྱེར་གྱི་ཏོག་གསར་ནད་ཏུག་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུའུ་ཡིས་ཁྱབ་བསྒྲགས་བྱས་པའི་བརྡ་ཁྱབ་ཨང་11པ་དང་ཨང་12པའི་ནང་དོན་ཆ་ཚང་གཤམ་གསལ། 

 

 

ཝུའུ་ཧན་གྲོང་ཁྱེར་གྱི་ཏོག་གསར་གློ་ཚད་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུའུ་ཡིས་ཁྱབ་བསྒྲགས་བྱས་པའི་བརྡ་ཁྱབ་ཨང་11པ། 

 

 

    《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོས་ནད་འགོག་བཅོས་བཅའ་ཁྲིམསདང་།གློ་བུར་དུ་བྱུང་བའི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་གྱི་འཕྲལ་སྡོམ་སྲོལ་ཡིག》《ཝུའུ་ཧན་གྲོང་ཁྱེར་གྱི་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་སྐབས་ལག་བསྟར་བྱ་ཐབསབཅས་ཀྱི་འབྲེལ་ཡོད་གཏན་འབེབས་ལ་གཞིགས་ནས། ཏོག་གསར་གློ་ཚད་ཀྱི་དོགས་ཡོད་ནད་རྟགས་ཅན་གྱི་ནད་གཞི་ཡང་བའི་ནད་པར་ཐོག་མའི་བརྟག་དཔྱད་བྱེད་སའི་ལོགས་བཀར་ས་ཚིགས་ཀྱི་ལྟ་ཞིབ་ལས་དོན་ཡག་པོ་བསྒྲུབས་ནས། ནུས་ཤུགས་ཡོད་རྒུས་རིམས་ནད་ཁྱབ་མཆེད་བཀག་འགོག་བྱ་ཆེད། ད་ཆ་གནས་གཏན་འཁེལ་གྱི་ཚ་བ་རྒྱས་པའི་སྒོ་བསྟེན་སྨན་ཁང་གི་ནད་པ་ཁག་བགོས་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་འབྲེལ་ཡོད་དོན་ཚན་བརྡ་ཁྱབ་བཏང་བ་གཤམ་གསལ།

 

    གཅིག ཚ་བ་རྒྱས་པའི་ནད་པ(ཝུའུ་ཧན་གྲོང་ཁྱེར་གྱི་ཐེམ་ཐོ་མིན་པའི་མི་སྣ་ཚུད་པ)ཐག་ཉེ་ས་ནས་སྨན་བཅོས་བྱེད་པའི་རྩ་དོན་གཞིར་བཟུང་ནས། མིག་སྔར་སྡོད་སའི་ཆུས་ཀྱི་གནས་གཏན་འཁེལ་གྱི་ཚ་རྒྱས་སྒོ་བསྟེན་སྨན་ཁང་དུ་སོང་ནས་སྨན་བཅོས་བྱེད་དགོས་པ་ལས། ཆུས་བརྒལ་ནས་སྨན་བཅོས་བྱེད་མི་ཆོག 

 

 

     གཉིས། གནས་གཏན་འཁེལ་གྱི་ཚ་རྒྱས་སྒོ་བསྟེན་སྨན་ཁང་ནས་སྨན་བཅོས་བྱས་པ་བརྒྱུད། ཚ་བ་རྒྱས་པའི་གློ་ཚད་ཕོག་པའི་ནད་པ་དེ་གནས་གཏན་འཁེལ་གྱི་ཚ་རྒྱས་སྒོ་བསྟེན་སྨན་ཁང་ནས་ལྟ་ཞིབ་བྱེད་དགོས་ཚེ། གནས་གཏན་འཁེལ་གྱི་ཚ་རྒྱས་སྒོ་བསྟེན་སྨན་ཁང་དེ་ནས་ལྟ་ཞིབ་བྱེད་དགོས། ནད་པའི་ཉལ་ཁྲི་མི་འདང་ཚེ། ཚ་བ་རྒྱས་པའི་སྒོ་བསྟེན་སྨན་ཁང་གནས་སའི་ཆུས་ཀྱིས་ཐག་ཉེ་ས་ནས་ས་གནས་མཁོ་འདོན་བྱས་ཏེ་ལྟ་ཞིབ་བྱེད་དགོས།

 

ཝུའུ་ཧན་གྲོང་ཁྱེར་གྱི་ཏོག་གསརཤིན་ཀོན་གློ་ཚད་སྔོན་འགོག་བཀོད་འདོམས་པུའུ་ཡིས་ཁྱབ་བསྒྲགས་བྱས་པའི་བརྡ་ཁྱབ་ཨང་12པ། 

 

     གྲོང་ཁྱེར་ཡོངས་ཏོག་གསར་གློ་ཚད་སྔོན་འགོག་ཚོད་འཛིན་བྱེད་པའི་འགག་རྩའི་དུས་སྐབས་སུ་སླེབས་ཡོད་པས། འབྱུང་རྩ་ནས་དོ་དམ་ཚོད་འཛིན་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། མི་སྣ་འགྲོ་འོང་གང་ཐུབ་ཅི་ཐུབ་ཀྱིས་ཇེ་ཉུང་དུ་གཏོང་བ། རིམས་ནད་མཆེད་རྒྱུ་མཐའ་གཅིག་ཏུ་འགོག་པ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་འགན་ལེན་ཏན་ཏིག་བཅས་བྱ་ཆེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིསཡིད་ཆེས་དེ་བས་བརྟན་པོ་དང་། བློ་རྩ་དེ་བས་བརྟན་པོ། བྱ་ཐབས་དེ་བས་འཕྲལ་ཐག་ཆོད་པར་བརྟེན་ནས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཁྲུག་དང་སྤྱིའི་དམག་འཐབ། འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོསཞེས་པའི་མཛུབ་སྟོན་དགོངས་དོན་གཞིར་འཛིན་པ་དང་། འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་བརྡ་ཁྱབ་རིམ་པ་དང་པོའི་འབྲེལ་ཡོད་བླང་བྱ་ལ་གཞིགས་ཏེ། དེ་རིང་ནས་བཟུང་གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་ནང་གི་འདུས་སྡོད་ཁུལ་ཚང་མར་སྒོ་བརྒྱབ་ནས་དོ་དམ་བྱ་རྒྱུ་ཡིན། ཏོག་གསར་གློ་ཚད་ཀྱི་ནད་པའམ་ཡང་ན་དོགས་ཡོད་ནད་པ་གནས་སའི་ཐོག་ཁང་ལ་ངེས་པར་དུ་བཀག་སྡོམ་ཚོད་འཛིན་དོ་དམ་ནན་པོ་བྱེད་དགོས།

 

 

   གྲོང་མི་ཡོངས་ཀྱིས་རྒྱབ་སྐྱོར་ཧུར་ཐག་གནང་རོགས། སྤྱི་ཚོགས་ལས་རིགས་ཁག་གིས་བཀག་སྡོམ་དོ་དམ་བྱ་རྒྱུར་འགོག་རྐྱེན་བཟོ་མཁན་ལ་ཁ་ཏ་བསླབ་བྱ་གནང་རོགས་ཞུ་བ་དང་། དགོས་ངེས་ཀྱི་སྐབས་སུ་སྤྱི་བདེ་ལས་ཁུངས་ཀྱིས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་ནས་བཙན་ཤེད་ཀྱི་བྱ་ཐབས་སྤྱོད་རྒྱུ་ཡིན།

 

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ལྟ་སྐུལ། ཝུའུ་ཤིན་རི།

ཞུ་དག སྒྲོལ་ཚེ།

སྒྲིག་སྒྱུར། སྐྱབས་པོ།

འཛམ་གླིང་སྐར་ཁུངས།

▶ཨ་རིའི་སྤོ་ལོ་བ་གྲཊ་ཅན་ཁོ་བྷི་གནམ་གྲུའི་དོན་རྐྱེན་ཁྲོད་གྲོངས་པ།

ཁོ་བྷི་གྲོངས་པའི་གནས་ཚུལ་གྱིས་འཛམ་གླིང་ཡོངས་ཧ་ལས་སུ་བཅུག་ཡོད་ཅིང་། ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་སོགས་འཛམ་གླིང་སྲིད་དོན་པ་བཅས་ཚུད་པའི་མི་མང་པོས་ངོ་དེབ་སོགས་བརྒྱུད་

中央广播电视总台 央广网 版权所有

ཝུའུ་ཧན་གྲོང་ཁྱེར་གྱིས་སླར་ཡང་གཏན་འབེབས་གསར་པ་ཞིག་བཏོན་འདུག

གྲོང་མི་ཡོངས་ཀྱིས་རྒྱབ་སྐྱོར་ཧུར་ཐག་གནང་རོགས། སྤྱི་ཚོགས་ལས་རིགས་ཁག་གིས་བཀག་སྡོམ་དོ་དམ་བྱ་རྒྱུར་འགོག་རྐྱེན་བཟོ་མཁན་ལ་ཁ་ཏ་བསླབ་བྱ་གནང་རོགས་ཞུ་བ་དང་། དགོས་ངེས་ཀྱི་སྐབས་སུ་སྤྱི་བདེ་ལས་ཁུང