ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

ཚེས་11ཉིན་གྱི་ལྗོངས་ཞིང་ལྔའི་ནད་ཡམས་གནས་ཚུལ་གསར་པ།

2020-02-13 15:03:00     责编:娜科

    རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་2ཚེས་11ཉིན་གྱི་ཆུ་ཚོད་12:22བར། རྒྱལ་ཡོངས་སུ་ཁྱོན་སྡོམ་ཏོག་དབྱིབས་གློ་ཚད་ནད་ཡམས་གསར་པ་འགོས་པའི་ནད་པ་ 42714 དང་། དོགས་ཡོད་ནད་པ་ 21675 ཚེ་ལས་འདས་བའི་ནད་པ་1017 ནད་ལས་ཐར་བ་4022བཅས་བྱུང་ཡོད།

 

   དེ་དག་ལས་བོད་ལྗོངས་ལྷ་ས་རུ་ནད་པ་1དང་། སི་ཁྲོན་དུ་ནད་པ་417(དཀར་མཛེས་ཁུལ་དུ་ནད་པ་27དང་། རྔ་བ་ཁུལ་དུ་ནད་པ་1) མཚོ་སྔོན་དུ་ནད་པ་18(ཟི་ལིང་དུ་ནད་པ་15དང་མཚོ་བྱང་ཁུལ་དུ་3)ཀན་སུའུ་རུ་ནད་པ་86(ཀན་ལྷོར་ནད་པ་6)ཡུན་ནན་དུ་ནད་པ་149བཅས་ཐོན་ཡོད། 

 

   དཀར་མཛེས་ཁུལ་གྱི་ནད་པ་27ཁྲོད། རྟའུ་རུ་ནད་པ་22དང་། དར་མདོ་རུ་ནད་པ་2 གསེར་རྟ་རུ་ནད་པ་2 འདབ་པ་རུ་ནད་པ་1བཅས་ཡོད་ཅིང་། ནད་པ་2དྲག་སྐྱེད་བྱུང་ནས་སྨན་ཁང་ལས་ཕྱིར་བུད་ཡོད་པ་དང་། ནད་གཞི་ལྕི་བའི་ནད་པ་1དང་། ནད་གཞི་ཤིན་ཏུ་ལྕི་བའི་ནད་པ་1བཅས་ཡོད་ཅིང་། དེ་གཉིས་ཕུད་པའི་ནད་པ་གཞན་རྣམས་ཀྱི་ནད་གཞི་བརྟན་པོ་ཡིན་ལ། གཏན་འཁེལ་སྨན་ཁང་དུ་ནད་བཅོས་བྱེད་བཞིན་ཡོད།

 

     ནད་པ་དེ་དག་ཁྲོད་སྐྱེས་པ16དང་། སྐྱེས་མ་11ཡོད། ལོ་ཆེ་ཤོས་66དང་། ཆུང་ཤོས་13ཡིན།

 

     གཞན། ནད་པ་དེ་དག་དང་འབྲེལ་བ་དམ་ཟབ་བྱས་མཁན་སོགས་ཀྱི་མི་195ལ་ནད་འགོས་ཡོད་མེད་ཀྱི་གསོ་རིག་ལྟ་ཞིབ་བྱེད་བཞིན་ཡོད།

 

 

 

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ལྟ་སྐུལ། ཝུའུ་ཤིན་རི།

སྒྲིག་སྒྱུར། བདེ་ལྷ་མོ།

འཛམ་གླིང་སྐར་ཁུངས།

▶ཨ་རིའི་སྤོ་ལོ་བ་གྲཊ་ཅན་ཁོ་བྷི་གནམ་གྲུའི་དོན་རྐྱེན་ཁྲོད་གྲོངས་པ།

ཁོ་བྷི་གྲོངས་པའི་གནས་ཚུལ་གྱིས་འཛམ་གླིང་ཡོངས་ཧ་ལས་སུ་བཅུག་ཡོད་ཅིང་། ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་སོགས་འཛམ་གླིང་སྲིད་དོན་པ་བཅས་ཚུད་པའི་མི་མང་པོས་ངོ་དེབ་སོགས་བརྒྱུད་

中央广播电视总台 央广网 版权所有

ཚེས་11ཉིན་གྱི་ལྗོངས་ཞིང་ལྔའི་ནད་ཡམས་གནས་ཚུལ་གསར་པ།

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་2ཚེས་11ཉིན་གྱི་ཆུ་ཚོད་12:22བར། རྒྱལ་ཡོངས་སུ་ཁྱོན་སྡོམ་ཏོག་དབྱིབས་གློ་ཚད་ནད་ཡམས་གསར་པ་འགོས་པའི་ནད་པ་ 42714