ཆ་འཕྲིན་ཐེར་འདོན། mzjubao@cnr.cn

རྒྱལ་ནང་གསར་འགྱུར།

མཚོ་སྔོན་ནས་ཡང་ནད་པ2 དྲག་སྐྱེད་བྱུང་ནས་སྨན་ཁང་ནས་ཐོན།

2020-02-12 17:03:00     责编:sangjzm

མི་དམངས་དྲ་བའི་འཕྲིན། མཚོ་སྔོན་གྱི་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ཕོག་མཁན་2སྨན་བཅོས་བྱས་པ་བརྒྱུད་རྒྱལ་ཁབ་ཀྱི་སྨན་ཁང་ནས་ཐོན་པའི་ཚད་གཞི་དང་མཐུན་ཏེ། ཟླ་2ཚེས་11ཉིན་གྱི་ཕྱི་དྲོའི་ཆུ་ཚོད་4པར་སྨན་ཁང་ནས་ཐོན་ཐུབ་པ་བྱུང་ཡོད། མིག་སྔའི་བར་མཚོ་སྔོན་ཞིང་ཆེན་གྱི་ནད་གཞི་གཏན་འཁེལ་བྱས་པའི་ནད་པ་18ཁྲོད་མི་5སྨན་ཁང་ནས་ཐོན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ནད་པ་དེ་གཉིས་ནི་ཟླ་1ཚེས་31ཉིན་དང་ཟླ་2ཚེས་2ཉིན་མཚོ་སྔོན་ཞིང་ཆེན་དང་ཟི་ལིང་གྲོང་ཁྱེར་ནད་ཡམས་ཚོད་འཛིན་ལྟེ་གནས་ཀྱི་ནད་དུག་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བསྐྱར་བཤེར་དང་། མཚོ་སྔོན་ཞིང་ཆེན་རིམ་པའི་སྨན་བཅོས་སྲོག་སྐྱོབ་རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་རིགས་སྒྲུབ་བྱས་རྗེས་ཏོག་དབྱིབས་ནད་དུག་གསར་པ་འགོས་པའི་གློ་ཚད་ཀྱི་ནད་རྟགས་གཏན་འཁེལ་བྱས་ཤིང་། ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་གསུམ་པར་ཉར་རྒྱུའི་གཏན་འཁེལ་བྱས་པ་རེད།

ནད་པ་སྨན་ཁང་དུ་བསྡད་པ་ནས་བཟུང་། ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་གསུམ་པའི་སྨན་དོན་མི་སྣ་30ལྷག་གིས་ཆུ་ཚོད་24རིང་ལས་རེས་འཁོར་ནས་ནད་གཞིའི་གནས་ཚུལ་ལ་དོ་ཁུར་ཆེན་པོ་བྱས་པ་དང་། ཏོག་དབྱིབས་ནད་དུག་གསར་པ་འགོས་པའི་གློ་ཚད་ཀྱི་ནད་བརྟག་སྨན་བཅོས་ཇུས་གཞི་གཞིར་བཟུང་ནས། ནད་ཐོག་སྨན་བཅོས་ཚོད་ལྟ་ཁང་དང་གཟུགས་བརྙན་རིག་པ་སོགས་འབྲེལ་ཡོད་ཞིབ་བཤེར་འཐུས་སྒོ་ཚང་དུ་བཏང་སྟེ། ནད་དུག་འགོག་པ་དང་ཀྲུང་ལུགས་སྨན་སྦྱོར་སྨན་རྫས་ཀྱི་ཚ་སེལ་དུག་སེལ་སོགས་ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་གྱིས་སྨན་བཅོས་བྱས་པ་རེད། སྨན་དོན་མི་སྣས་ནད་པའི་སེམས་ཁམས་ལ་ཁྲིད་སྟོན་བྱ་རྒྱུར་མཐོང་ཆེན་བྱས་ཏེ། དུས་ཐོག་ཏུ་ནད་གཞིའི་གནས་ཚུལ་དང་ཚན་རིག་དང་མཐུན་པའི་སྒོ་ནས་བདེ་ཐང་ཤེས་བྱ་དང་སློབ་གསོ་ཁྱབ་གདལ་དུ་གཏོང་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ནད་པའི་དངངས་སྐྲག་སེལ་ཞིང་ཐུགས་ཁུར་དང་བརྩེ་བ་སྤྲད་ཅིང་། བཟའ་བཏུང་ལ་ལྟ་རྟོག་ཞིབ་ཚགས་དང་འཚོ་བཅུད་སྡེབ་སྒྲིག་ལ་སྣང་ཆེན་བྱས་ཡོད།

མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི《ཏོག་དབྱིབས་ནད་དུག་གསར་པ་འགོས་པའི་གློ་ཚད་དང་འབྲེལ་བ་ཡོད་པའི་ནད་པ་ལོགས་སུ་བཀར་བ་དང་སྨན་ཁང་ནས་ཐོན་རྗེས་ཀྱི་འབྲེལ་ཡོད་དོ་སྣང་བྱེད་དགོས་པའི་དོན་ཚན》གྱི་བླང་བྱ་གཞིར་བཟུང་། ད་ཐེངས་སྨན་ཁང་ནས་ཐོན་པའི་ནད་པ་གཉིས་ཀྱིས་ས་གནས་དེ་གའི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་ལྟ་སྐུལ་དོ་དམ་འོག་ཉིན་14ནང་ཁྱིམ་དུ་ལོགས་སུ་བཀར་རྒྱུ་ཡིན་པ་རེད།

འཛམ་གླིང་སྐར་ཁུངས།

▶ཨ་རིའི་སྤོ་ལོ་བ་གྲཊ་ཅན་ཁོ་བྷི་གནམ་གྲུའི་དོན་རྐྱེན་ཁྲོད་གྲོངས་པ།

ཁོ་བྷི་གྲོངས་པའི་གནས་ཚུལ་གྱིས་འཛམ་གླིང་ཡོངས་ཧ་ལས་སུ་བཅུག་ཡོད་ཅིང་། ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་སོགས་འཛམ་གླིང་སྲིད་དོན་པ་བཅས་ཚུད་པའི་མི་མང་པོས་ངོ་དེབ་སོགས་བརྒྱུད་

中央广播电视总台 央广网 版权所有

མཚོ་སྔོན་ནས་ཡང་ནད་པ2 དྲག་སྐྱེད་བྱུང་ནས་སྨན་ཁང་ནས་ཐོན།

མཚོ་སྔོན་གྱི་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ཕོག་མཁན་2སྨན་བཅོས་བྱས་པ་བརྒྱུད་རྒྱལ་ཁབ་ཀྱི་སྨན་ཁང་ནས་ཐོན་པའི་ཚད་གཞི་དང་མཐུན་ཏེ། ཟླ་2ཚེས་11ཉིན་གྱི་ཕྱི་དྲོའི་ཆུ་ཚོད་4པར་སྨན་ཁང་ནས་ཐོན་ཐུབ་པ་བྱུང་ཡོད། མིག་སྔའི་བར་མཚོ་སྔོན་ཞིང་ཆེན་གྱི་ནད་གཞི་གཏན་འཁེལ་བྱས་པའི་ནད་པ་18ཁྲོད་མི་5སྨན་ཁང་ནས་ཐོན་ཡོད།